དཔེ་ཁྲིད་མི་སྐྱོང་གི་སློབ་གསོའི་ལས་ལ་འབད་པའི་དགེན་བཀྲ་ཤིས་རྒྱལ།

体娱   2024-11-19 15:00   青海  

དཔེ་ཁྲིད་མི་སྐྱོང་གི་སློབ་གསོའི་ལས་ལ་འབད་འབུངས་བྱེད་པའི་དགེ་རྒན་བཀྲ་ཤིས་རྒྱལ།

2024ལོའི་ཟླ11པའི་ཚེས18ཉིན་དགེ་རྒན་བཀྲ་ཤིས་རྒྱལ་གྱིས་སློབ་མར་ཁ་གཏད་རང་བཞིན་གྱིས་མཛུབ་སྟོན་བྱེད་བཞིན་པའི་ཚུལ།

དཀར་ཆ་ལྡན་ཞིང་གྲལ་དག་པའི་སློབ་ཁང་།

“དེང་རབས་ཀྲུང་གོའི་ཕྱི་འབྲེལ་ལ་ཁྱད་ཆོས་གང་དག་ལྡན་ནམ། ”“རྒྱལ་ཁབ་དང་རྒྱལ་ཁབ་བར་འདི་འདྲའི་འབྲེལ་བ་འཛུགས་དགོས་དོན་ཅི་ཡིན་ནམ”ཟླ10པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་མཐོ་འབྲིང་གཉིས་པའི་འཛིན་གྲྭ་བརྒྱད་པའི་སློབ་ཁང་དུ། ལོ་རྒྱུས་དགེ་རྒན་བཀྲ་ཤིས་རྒྱལ་གྱིས《མི་རིགས་གྱི་འབྲེལ་བ་དང་རྒྱལ་ཁབ་གྱི་འབྲེལ་བ》ཞེས་པའི་སློབ་ཚན་གྱི་ནང་དོན་གསོན་ཉམས་དོད་པའི་སྒོ་ནས་ཁྲིད་བཞིན་ཡོད་པ་དང་། སློབ་མ་རྣམས་ཀྱིས་ཀྱང་བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་ལ་ཉན་བཞིན་འདུག སྟོན་མཇུག་གི་ཉི་མའི་འོད་ཟེར་སྒེའུ་ཁུང་བརྒྱུད་ནས་སློབ་ཁང་དུ་འཕྲོས་འདུག་པ་དང་། དཀར་ཆ་ལྡན་ཞིང་གྲལ་དག་པའི་སློབ་ཁང་དང་སྒེའུ་ཁུང་ཕྱི་རོལ་གྱི་གསེར་མདོག་གི་སྟོན་ལྗོངས་གཉིས་ཀྱིས་ཕན་ཚུན་ལ་བརྒྱན་པ་དང་སློབ་ཁང་དུ་དཔེ་ཀློག་གི་ཁ་དབུགས་སྐྱིད་པོ་ཞིག་གིས་ཁེངས་འདུག

བཀྲ་ཤིས་རྒྱལ་ནི2010ལོར་དངོས་གཞི་སློབ་མཐར་ཕྱིན་རྗེས་རམས་འབྱམས་ཞིབ་འཇུག་སློབ་མ་བཏོན། 2014ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློང་འབྲིང་ནས་གཞུང་ལས་གཉེར་མགོ་བརྩམས། ཁོང་གིས་དགེ་རྒན་ཞིག་བྱ་རྒྱུ་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་གྱི་ས་བོན་ལྟ་བུ་ཞིག་ཡིན་ལ།  དུས་ད་ལྟ་ས་བོན་དེར་སྨྱུ་གུ་འབུས་ཤིང་ལོ་འདབ་དང་ཡལ་ག་རྒྱས་བཞིན་ཡོད་ཟེར། བཀྲ་ཤིས་རྒྱལ་གྱིས་གསོན་ཉམས་དོད་པའི་དཔེ་འཇོག་འདིས་རང་ཉིད་དགེ་རྒན་གྱི་ལས་རིགས་ལ་བཅངས་པའི་སྤྲོ་སེམས་མངོན། ཁོང་གིས་དགེ་རྒན་གྱི་ལས་རིགས་འདིར་རེ་སྨོན་བྱེད་མགོ་ཚུགས་དུས་ནི་མཐོ་འབྲིང་སྐབས་ཀྱི་ལོ་རྒྱུས་དགེ་རྒན་ཕག་མོ་བཀྲ་ཤིས་རེད། དགེ་རྒན་བཀྲ་ཤིས་རྒྱལ་གྱིས་རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས།  ཁོང་ནི་ངའི་མིག་དཔེ་ཡིན། མ་འོངས་པར་རང་ཉིད་ཀྱང་རྒན་ཕག་མོ་བཀྲ་ཤིས་དང་འདྲ་བར་ཤེས་ཡོན་གྱིས་ཕྱུག་པ་དང་སློབ་མར་བརྩེ་སེམས་ཆེ་བའི་ཕུལ་བྱུང་དགེ་རྒན་ཞིག་ཏུ་འགྱུར་བར་སྨོན་ཟེར། 

དགེ་རྒན་བཀྲ་ཤིས་རྒྱལ་གྱི་ཆེད་ལས་ཀྱི་ཆུ་ཚད་མཐོ་ཞིང་། ཁོ་རང་ཉིད་བརྩོན་འགྲུས་ལྡན་པའི་ཕུལ་བྱུང་དགེ་རྒན་ཞིག་ཡིན་པ་མ་ཟད་ཁོང་ཉིད་སློབ་ཕྱིའི‘ཞིབ་འཇུག་པ‘ཞིག་ཀྱང་རེད། སློབ་གྲྭའི་ཏང་གི་གཞུང་ལས་ཁང་གི་ཀྲུའུ་རེན་པད་མ་རྒྱལ་གྱིས་གསར་འགོད་པར། 2022ལོ་ནས་བཟུང་། སློབ་གྲྭས་ལོ་རེར་སྤུད་ཚད་མཐོ་བའི་སློབ་ཁྲིད་འགྲན་སྡུར་ཆེ་མོ་སྤེལ་བཞིན་ཡོད་པ་དང་། དེར་དགེ་རྒན་བཀྲ་ཤིས་རྒྱལ་གྱིས་འཆར་འགོད་ཇུས་གཞིའི་འགན་ཁུར་ཡོད་པ་དང་།  སློབ་གྲྭའི་དཔེ་དེབ《རྨ་ལྷོའི་ས་གནས་ལོ་རྒྱུས་རྩ་གནད》ཀྱང་བཀྲ་ཤིས་རྒྱལ་གྱིས་རྩོམ་སྒྲིག་པ་གཙོ་བོའི་འགན་ཁུར་ཡོད། ད་དུང་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་ཏེ་སྔར་ལས་མང་པའི་སློབ་མ་རྣམས་ཀྱི་དཔེ་ཀློག་དང་གོ་བ་ལེན་པའི་ནུས་པ་ཇེ་མཐོར་གཏོང་རོགས་བྱས། རིག་གཞུང་ཚན་ཁག་གི་ཁྱབ་ཁོངས་དང་སློབ་གྲྭ་ཆུང་འབྲིང་གི་ལོ་རྒྱུས་སྐོར་གྱི་འབྲེལ་ཡོད་རིག་གཞུང་དཔྱད་རྩོམ་བྲིས། སློབ་གྲྭའི་བྱེད་སྒོ་ཆེ་མ་ཆུང་གསུམ་དང་རིག་གཞུང་ཚན་ཁག་ཁྱབ་ཁོངས་ཀྱི་གསར་གཏོད་དང་ཉམས་ཞིབ་ཚང་མའི་ཁྲོད་དུ་ཁོང་ཉིད་ཞུགས་ཡོད། 

བཀྲ་ཤིས་རྒྱལ་གྱིས་ལོ་རྒྱུས་ཡག་པོ་ཞིག་ཁྲིད་རྒྱུ་ནི་ལོ་རྒྱུས་ཀྱི་འབྲེལ་ཡོད་མི་སྣའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་ལོ་རྒྱུས་དོན་རྐྱེན་ཁྲོད་ཀྱི་རྒྱབ་ལྗོངས་ཀྱི་རྒྱལ་ཁ་དང་ཕམ་ཉེས་ལ་དབྱེ་ཞིབ་བྱེད་པ་ཁོ་ན་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་ལོ་རྒྱུས་ཁྲོད་ནས་ཉམས་མྱོང་གསོག་པ་དང་ལོ་རྒྱུས་ཁྲོད་ཀྱི་ཤེས་རབ་བསྡུ་ལེན་བྱ་རྒྱུ་དེ་རེད། ལོ་རྒྱུས་མེ་ལོང་ལྟ་བུར་བཟུང་ནས་དར་རྒུད་དང་རྒྱལ་ཁབ། ཕམ་ཉེས། བླང་བྱ་དང་དོར་བྱ་སོགས་ལ་བྱང་ཆུད་དགོས་ཟེར། བཀྲ་ཤིས་རྒྱལ་གྱིས་སློབ་མའི་ལོ་རྒྱུས་ཀྱི་རིག་ལམ་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་འགངས་ཆེན་ཏུ་བརྩི་བ་དང་། སློབ་མར་བསམ་གཞིག་གི་བར་སྟོང་མཁོ་སྤྲོད་བྱས་པ། སློབ་མ་དང་མཉམ་དུ་གྲོས་ཞིབ་བྱས་ནས་གནད་དོན་བཙལ་བ་དང་། ཐབས་ལམ་ལ་བསམ་བློ་བཏང་ནས་དྲིས་ལན་རྙེད་པར་བྱས། 

ལོ་རྒྱུས་ཀྱི་སློབ་ཁྲིད་བཟང་བོ་ཞིག་བྱེད་དགོས་ན། དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་འབེན་དང་འགན་ཁུར་འགྲུབ་དགོས་པ་མ་ཟད་ད་དུང་སློབ་མས་རང་རྟོན་སློང་རོགས་བྱེད་པ་དང་སློབ་མའི་རིག་ལམ་དང་ཤེས་རྟོགས་ཀྱང་བསླངས་ནས་སློབ་མའི་ཚན་རིག་གི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས།

གདུགས་དཀར་ཚེ་རིང་ནི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་ད་ལོའི་མཐར་ཕྱིན་སློབ་མ་ཞིག་ཡིན་པ་དང་། སློབ་གྲྭ་རུ་ཡོད་དུས་རྒྱུགས་འབྲས་བཟང་རྒྱུ་མེད་པ་དང་གཤིས་ཀ་དང་སྤྲོ་དགའ་ཆེ་བ་ཞིག་མིན་པས་སློབ་གྲོགས་བར་འབྲེལ་འདྲིས་བྱ་རྒྱུར་དགའ་མཁན་ཞིག་མིན་པས་དུས་རྒྱུན་དུ་ཁེར་འགྲོ་ཁེར་འདུག་བྱེད་བཞིན་ཡོད། བཀྲ་ཤིས་རྒྱལ་གྱི་སློབ་མ་གདུགས་དཀར་ཚེ་རིང་གི་ཁྱིམ་ཚང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་ནས་མགོ་བརྩམས་ཏེ་སློབ་མའི་འདས་ཟིན་ལ་རྒྱུས་ལོན་བྱས། སློབ་མར་ཉེ་བར་བཅར་ནས་ཁ་བརྡ་བྱེད་པ་རྨང་གཞི་བྱས་ཤིང་། ལོ་རྒྱུས་ཁྲོད་ཀྱི་གཏམ་རྒྱུད་བཤད་པ་བརྒྱུད་དེ་སློབ་མར་རོགས་རམ་བྱས་པ་མ་ཟད་ཁོའི་སློབ་མར་འཚམས་པའི་སློབ་སྦྱོང་གི་ཐབས་ལམ་ཞིག་བཟོས།

མི་དང་མིའི་བར་གྱི་འབྲེལ་འདྲིས་དང་ཕན་ཚུན་ལ་རྒྱུས་ལོན། གུ་ཡངས། རྒྱབ་སྐྱོར། རོགས་རམ་བྱ་རྒྱུ་སོགས་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བར་མཚུངས་པས་སེམས་རྟིང་གི་བློ་སྒོ་ངེས་པར་དུ་འབྱེད་དགོས་པ་དང་། མི་གཞན་གྱི་བཟང་ཆ་མཐོང་ཞོར་དུ་རང་ཉིད་ཀྱི་སྐྱོན་ཆ་ལེགས་བཅོས་བྱེད་དགོས། བཀྲ་ཤིས་རྒྱལ་གྱིས་ལོ་རྒྱུས་སློབ་དེབ་ཁྲོད་ཀྱི་ཤེས་བྱ་དག་མི་སྣ་གསོ་སྐྱོང་གི་ལག་ལེན་ཁྲོད་བཀོལ་བ་དང་སློབ་མའི་རིག་ལམ་གྱི་བར་ཆད་སེལ་རོགས་བྱས། ལོ་རྒྱུས་ཀྱི་ཤེས་རབ་ཀྱིས་སློབ་མའི་བློ་སྒོ་ཕྱེས་ཏེ་སློབ་མའི་རིག་ལམ་དང་ཤེས་རྟོགས་ནུས་པ་མཐོར་འདེགས་སུ་བཏང་པས་ན། རིམ་གྱིས་གདུགས་དཀར་ཚེ་རིང་ཡང་ཐུན་མོང་ཁྲོད་ཞུགས་པ་མ་ཟད་ཐུན་མོང་གི་བྱེད་སྒོའི་ཁྲོད་ཞུགས་རྒྱུར་ཇེ་དགའ་ནས་ཇེ་དགའ་རུ་གྱུར་པ་དང་། སྦྱངས་འབྲས་ཀྱང་མངོན་གསལ་གྱིས་ཇེ་བཟང་དུ་གྱུར་ཏེ་མཇུག་མཐར་ཕུགས་བསམ་ཁྲོད་ཀྱི་སློབ་གྲྭར་རྒྱུགས་འཕྲོད།

མཐུན་སྒྲིལ་བྱས་ན་མཉམ་དུ་རྒྱལ་ཁ་ལེན་པ་དང་རྩོད་པ་བྱས་པ་གཉིས་ཀས་ཕམ་ཁ་ཉོ། མཐུན་སྦྱོར་མཉམ་ལས་བྱ་རྒྱུ་ནི་དོན་དག་ཡོད་ཚད་ལ་རྒྱལ་ཁ་ལེན་པའི་རྨང་གཞི་རེད། བཀྲ་ཤིས་རྒྱལ་གྱིས་མིའི་རིགས་ཀྱི་གཅིག་མཐུན་ལས་དབང་དང་རྒྱུད་གཅིག་ལམ་གཅིག་སོགས་འཛུགས་པའི་དོན་དངོས་དཔེ་གཞི་སྤྱད་དེ། སློབ་མ་རྣམས་ལ་འབྲེལ་འདྲིས་དང་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་བཤད་དེ་སློབ་མས་ལོ་རྒྱུས་སློབ་ཁྲིད་ལ་བཅངས་པའི་ཤེས་རྟོགས་ཆུ་ཚད་མཐོར་འདེགས་སུ་བཏང་། 

ལོ་རྒྱུས་མི་སྣའི་ལྡོག་ཕྱོགས་ཀྱི་སློབ་གསོ་དང་ལོ་རྒྱུས་དོན་རྐྱེན་གྱི་རྒྱལ་ཁ་དང་ཕམ་ཉེས་ལ་བསམ་གཞིག་གཏོང་པ། ལོ་རྒྱུས་ཀྱི་ཤེས་རབ་བསྡུ་ལེན་བྱས་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་གསོག  ཉིན་མཐུད་ཟླ་མཐུད་ཀྱི་སློབ་ཁྲིད་ཁྲོད་དུ་བཀྲ་ཤིས་རྒྱལ་གྱིས་རྒྱུན་ཆད་མེད་པར་མཉམ་ཞིབ་དང་འབད་འབུངས་བྱས་ཤིང་།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་སྣ་གསོ་སྐྱོང་གི་ཤེས་རབ་འཚོལ་ཞིབ་བྱས་ཏེ། སློབ་མའི་འཚར་ལོངས་ལ་བསམ་པའི་དཔལ་ཡོན་གྱི་སྟོབས་ཤུགས་བསྩལ་བ་དང་ཁོའི་ཕུགས་འདུན་ལ་གནམ་ཕངས་གཅོད་པའི་གཤོག་ཟུང་གནང་རོགས་བྱས།  ། 

རྡོ་རྗེ་སྐྱིད་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མཁའ་ཚེ
རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章