ཆུ་ནང་དུ་ལྷུང་བའི་བྱིས་པ་ཞིག་བསྐྱབས་པ།

体娱   2024-11-26 22:33   青海  

ལྷ་བུ་གོས་དཀར་ཅན་མཱ་རུའེ་ཡིས་ཆུ་ནང་དུ་ལྷུང་བའི་བྱིས་པ་ཞིག་བསྐྱབས་པ།

ཉིན་འདི་འགར། བུ་མོ་ཞིག་གིས་པུས་མོ་ས་ལ་བཙུགས་ནས་ཆུར་ལྷུང་བའི་བྱིས་པ་སྐྱོབ་པའི་བརྙན་པར་ཞིག་ཐུན་རིན་གྲོང་ཁྱེར་གྱི་བརྩེ་སེམས་ཚོགས་པ་ག་གེ་མོ་ཞིག་ཏུ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་འདུག། "མི་བཟང་ཚེ་གང་བོར་བདེ་འཇགས་ཡིན""གོས་དཀར་ཕོ་ཉ་ངོ་མ""བུ་མོ་ཆུང་ཆུང་ངོ་མ་ངར་བ་རེད"ཅེས་པར་དྲས་རྗེས་སུ་དྲ་གྲོགས་རྣམས་ཀྱིས་སྐད་བཞག་ནས་བསྟོད་པ་རྒྱུན་མི་ཆད་ཅིང་། གང་སར་རྩད་གཅོད་བྱས་པ་བརྒྱུད་གསར་འགོད་པས་མི་སྐྱོབ་མཁན་ལ་འབྲེལ་བ་བྱས། མོའི་མིང་ལ་མཱ་རུའེ་ཟེར་ཞིང་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རོང་བོ་རྒྱ་མཁར་དུ་བསྡད་ཡོད། རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི"00"རྗེས་ནད་གཡོག་གདན་ཞུ་བྱས་པ་ཞིག་རེད། གསར་འགོད་པས་བཅར་འདྲི་དང་གནས་ཚུལ་སྤེལ་གཏོང་བྱེད་འདོད་པའི་རེ་ཞུའི་མདུན་དུ། ཁོ་མོས་གད་མོ་དགོད་བཞིན་དུ་དོན་དག་འདི་འདྲ་ཆུང་ཆུང་ཞིག་ད་དུང་གསར་འགྱུར་ཐོག་འགོད་དགོས་སམ། འདི་ནི་ངས་ནད་གཡོག་མ་ཞིག་གིས་སྒྲུབ་འོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན་ཞེས་བཤད་པ་རེད། 
ཟླ11པའི་ཚེས19ཉིན་གྱི་ཉིན་གུང་ཆུ་ཚོད་གཉིས་ཀྱི་སྟེང་། ཉིན་གུང་གི་ངལ་གསོ་མཇུག་འགྲིལ་མ་ཐག་པའི་མཱ་རུའེ་ཁྱིམ་ནས་སྒོར་བུད་དེ་པིན་ཧི་ལམ་བརྒྱུད་ནས་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་འགྲོ་བ་ཡིན། 

རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་བཤགས་བཅོས་ཁང་གི་ནད་གཡོག་མ་མཱ་རུའེ་ཡིས་བཤད་རྒྱུར། ཉིན་དེར་ལས་ཚོགས་སུ་འགྲོ་སྐབས། ངས་གློག་སྒུལ་སྦག་སྦག་བཞོན་ནས་རོང་བོ་དགུ་ཆུ་བརྒྱུད་སྐབས་སློབ་གོས་གྱོན་པའི་བོད་རིགས་བྱིས་པ་ཆུང་ཆུང་ཞིག་དང་འཕྲད་ཅིང་ཁོས་ངའི་འགྲོ་ལམ་བཀག་ནས་བྲེལ་འཚུབ་ཆེན་པོས་གཅེན་མོ་ཆུ་བོའི་ནང་བུ་ཆུང་ཞིག་ལྷུང་སོང་ཟེར་ཞིང་། དེ་རྗེས་ང་མགྱོགས་མྱུར་ངང་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ལྟ་སྐབས་བུ་ཆུང་དེ་ཆུ་རྒྱུན་བརྒྱུད་དེ་མར་འཁུར་བཞིན་ཡོད་པས། ང་འཕྲལ་དུ་ཆུ་ནང་དུ་མཆོངས་ནས་སྨི་བཅུ་ཁ་ལྷག་ལ་འཁུར་རྗེས་བུ་ཆུང་དེ་བླངས་པ་ཡིན། སྐབས་དེར་ཆུ་བོའི་ནང་ནས་བུ་ཆུང་པང་དུ་ལེན་སྐབས། བྱིས་པ་ཆུང་ཆུང་དྲན་མེད་དུ་བརྒྱལ་བའི་རྣམ་པར་གནས་ཤིང་། མཆུ་སྒྲོས་ནི་སྨུག་པོར་གྱུར་བ་དང་ལུས་པོའང་སྲ་མཁྲེགས་སུ་གྱུར་འདུག། ང་ཆུ་ནང་དུ་མཆོངས་བའི་སྐབས་སུ་མཐའ་འཁོར་དུ་མི་དར་མ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ང་རང་ཆུ་ནང་དུ་རྒྱུག་ཞོར་དུ་ཉེན་བརྡའི་ཁ་པར་བརྒྱབ་པ་ཡིན། དོས་ལམ་ཐོག་པང་དུ་བླངས་རྗེས་ངས་ཁོ་ལ་གློ་སྙིང་སླར་གསོ་བྱས་པ་ཡིན་ལ། ཅུང་ཙམ་གྱི་རྗེས་ནས་ང་ཚོའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡང་ཡུལ་དངོས་སུ་འབྱོར་བ་དང་ང་ཚོས་མཉམ་དུ་བྱིས་པ་དེའི་གྱོན་ཆས་རློན་པ་རྣམས་བརྗེས་ཤིང་ངའི་བྱ་སྤུའི་གྱོན་ཆས་ཀྱིས་བཏུམས་རྗེས་ང་ཚོའི་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་ཏུ་བསྐྱལ་བ་ཡིན།

ཉིན་དེར་ངས་གློག་སྒུལ་འཕྲུལ་རྟ་ཞིག་སྐོར་ནས་རོང་བོ་དགུ་ཆུའི་འགྲམ་དུ་ལས་འཚོགས་ལ་འགྲོ་བའི་སྐབས་སུ། སློབ་ལྭ་གྱོན་པའི་བོད་རིགས་བུ་ཆུང་ཞིག་གིས་ང་བཀག་ནས་བོད་སྐད་ཀྱིས་བྲེལ་འཚུབ་ངང་ཆུ་ནང་དུ་བྱིས་པ་ཞིག་ལྷུང་འདུག་ཟེར། དེ་ནས་ང་མྱུར་དུ་རྒྱུག་ནས་སོང་སྟེ་ལྟས་ཚེ་བུ་ཆུང་ཞིག་ཆུས་འཁུར་ནས་འགྲོ་བཞིན་པ་མཐོང་ལ། ང་མྱུར་དུ་ཆུ་ནང་དུ་ལྡིང་ནས་རྨི་བཅུ་ཁ་ཞིག་གི་མཚམས་སུ་སོང་བ་ན་བུ་ཆུང་དེ་ཡར་ལེན་ཐུབ་སོང་། སྐབས་དེར་ཆུའི་ནང་ནས་བུ་ཆུང་དེ་པང་ནས་ཡོང་བའི་སྐབས་སུ་ཁོས་དྲན་པ་ཉམས་ནས་ཡོད་པ་དང་། མཆུ་སྒྲོས་སྨུག་པོར་གྱུར་ཞིང་ལུས་པོ་མཁྲེགས་པོར་གྱུར་ཡོད་ལ། ངས་མྱུར་དུ་ཁོ་ཆུ་འགྲམ་དུ་འཁྱེར་ཡོང་ནས་ཁོའི་གློ་སྙིང་སླར་གསོ་ཡི་མྱུར་སྐྱོབ་བྱས་ཤིང་། སྐབས་དེར་མཐའ་འཁོར་དུ་མི་བསམ་ཤེས་ཤིག་མེད་པས་ང་ཆུ་ནང་དུ་འགྲོ་ཞོར་དུ་ཉེན་བརྡབཏང་བ་ཡིན། ངས་གློ་སྙིང་སླར་གསོའི་མྱུར་སྐྱོབ་ཐེངས་བཞི་བ་བྱེད་སྐབས་བུ་ཆུང་དེའི་དྲན་པ་སོས་ནས་ངུས་བྱུང་། སྐབས་དེར་ང་ཚོའི་མངགས་གཏོང་ཁང་གི་ཉེན་རྟོག་པ་ཡང་ཡུལ་དངོས་སུ་འབྱོར་བ་དང་། ང་ཚོས་མཉམ་དུ་བུ་ཆུང་དེའི་ལྭ་བ་རློན་པ་དེ་ཕུད་ནས་ངའི་ལྭ་བ་ཁོའི་སྟེང་དུ་བཀབ་སྟེ་ཁོ་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་ཏུ་བསྐྱལ་བ་ཡིན།

ཐུན་རིན་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ལྷོ་མངགས་གཏོང་ཁང་གི་ཉེན་རྟོག་པའི་ལས་རོགས་པ་ཚེ་འབུམ་རྒྱལ་གྱིས། ང་ཚོར་ཉེན་བརྡ་འབྱོར་རྗེས་སྐར་མ་གསུམ་གྱི་ནང་དུ་ཡུལ་དངོས་སུ་འབྱོར་བ་དང་། ང་ཚོ་ཡུལ་དངོས་སུ་ཐོན་རྗེས་བུད་མེད་དེས་ཆུ་ནང་དུ་ལྷུང་བའི་བྱིས་པ་དེར་གློ་སྙིང་སླར་གསོ་ཡི་མྱུར་སྐྱོབ་བྱས་ནས་བྱིས་པ་དེའི་དྲན་པ་སོས་ཡོད་ལ། དེ་ནས་ང་ཚོས་བུ་ཆུང་དེ་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་བསྐྱལ་བ་ཡིན། བུད་མེད་དེ་ངོ་མ་ངར་མ་ཞིག་རེད། གནད་འགག་གི་སྐབས་སུ་རང་གི་ཤེས་བྱ་བེད་སྤྱོད་བྱེད་ཐུབ་སོང་བས། ང་ཚོས་མོར་སློབ་སྦྱོང་བྱས་ན་འགྲིག་ཟེར།

དུས་ཚོད་གསུམ་གྱི་རིང་ལ་མྱུར་སྐྱོབ་བྱས་པ་བརྒྱུད། ཕྱི་དྲོའི་དུས་ཚོད6གི་སྟེང་དུ། ཆུ་ནང་དུ་ལྷུང་བའི་བུ་ཆུང་དེ་ཚེ་སྲོག་གི་ཉེན་ཁ་ལས་ཐར་བ་དང་། ཉིན་དེའི་ཉེན་ཁ་ཆེ་བའི་འདས་དོན་དེ་ཡིད་ལ་དྲན་ཐེངས་རེར་བུ་ཆུང་དེའི་ཨ་མ་གདུགས་དཀར་སྐྱིད་ཀྱི་མིག་མཐའ་མཆི་མས་འཁོར་ནས་མོས་མཱ་རུའེ་ཡི་ལག་པར་འཇུས་ཏེ། གལ་ཏེ་ཁྱོད་མེད་རྒྱུ་ན་ངའི་བྱིས་པ་གཅིག་པུ་འདི་ངའི་ལག་ནས་ཤོར་འགྲོ། རྗེས་ཕྱོགས་ཁྱོད་ངའི་བུ་མོ་ཞིག་གི་ཚད་ལ་འཇོག། སྲོག་སྐྱབས་པའི་བཀའ་དྲིན་དེ་ངས་ནམ་ཡང་མཇལ་མི་ཚར་ཟེར། དོན་དག་བྱུང་བའི་ཉིན་གཉིས་པར་མོ་དང་མོའི་ཁྱིམ་མིས་མཱ་རུའེ་ལ་ཁ་བཏགས་དང་བཀའ་དྲིན་ཞུ་བའི་གོས་དར་ཕུལ་ནས་ལྷག་བསམ་ཟོལ་མེད་ངང་མོར་བཀའ་དྲིན་ཞུས་པ་རེད།  

བཅར་འདྲི་བྱེད་པའི་ཉིན་མོར། གསར་འགོད་པ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་བ་ན། མཱ་རུའེ་ཡིས་དྲག་ཏུ་རྒྱུ་བཞིན་པའི་དགུ་ཆུ་བསྟན་ནས། དགོང་མོ་དེར་མོས་རྨི་ལམ་ཡང་ཡང་འཁྲུགས་ནས་ཁོ་སྐྱོབ་ཐུབ་གི་མེད་པ་རྨིས་བྱུང་། གལ་ཏེ་རྗེས་ཕྱོགས་ཀྱང་དོན་དག་འདི་འདྲ་ལ་འཕྲད་ན་མོས་ཡང་བསྐྱར་དེ་ལྟར་སྒྲུབ་ངེས་ཡིན་ཟེར།   

ཡོང་ཁུངས། རྨ་ལྷོ་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། སངས་རྒྱས་སྐྱབས

རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章