ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་བ།

体娱   2024-11-28 14:51   青海  

ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་གི་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཟླ11པའི་ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་གི་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན་པས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འབྲེལ་བ་ཡོད། མིག་སྔར་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ཏེ། གང་མགྱོགས་སྒོས་དམག་འཁྲུག་མཚམས་བཞག་ནས་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་དེ་རེད། རྩ་བའི་འགྲོ་ལམ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་ས་ལུམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རང་བཙན་གྱི་པ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས། ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་དབང་ཆ་དང་། འཚོ་གནས་དབང་ཆ། ཕྱིར་ལོག་དབང་ཆ་བཅས་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕ་ལེ་སི་ཐན་གྱི་ཤོག་ཁག་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་པ། 《ཁ་ཕྲལ་མཇུག་འགྲིལ་ནས་ཕ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་པེ་ཅིན་གྱི་བསྒྲགས་གཏམ》དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ནང་ཁུལ་འདུམ་འགྲིག་ཡོང་བར་བྱ་རྒྱུ་ཡིན། ཀྲུང་གོས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ངོ་མར་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། གཞི་ཁྱོན་སྔར་ལས་ཆེ་བ་དང་། དབང་གྲགས་སྔར་ལས་ཆེ་བ། ཕན་འབྲས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཚོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དམག་འཁྲུག་ཞོད་འཇགས་སུ་གཏོང་བ་དང་། དམར་གསོད་བྱེད་མཚམས་འཇོག་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཤར་འབྲེལ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཉམ་ཐག་མི་སེར་ལ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ཡིས་མུ་མཐུད་དུ་ཅ་ཧྲའི་མི་དམངས་ལ་མི་ཆོས་ཀྱི་རོགས་སྐྱོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཕ་ལེ་སི་ཐན་གྱི་གནད་དོན“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་སྲོལ་ལམ་ཐོག་ལོག་པར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་པར་བྱ་རྒྱུ་ཡིན། །
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། སངས་རྒྱས་སྐྱབས

རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章