“མདོ་ལའི་ལུག”ལ་ཆེད་མཁས་པས་ཡུལ་དངོས་ནས་ཞིབ་དཔྱད་བྱས།

政务   2024-11-27 17:50   青海  

“མདོ་ལའི་ལུག”ལ་རྒྱལ་ཁབ་བྱ་རྒྱུད་ཕྱུགས་རྒྱུད་ཀྱི་ཐོན་ཁུངས་ཨུ་ལྷན་གྱི་ཆེད་མཁས་པས་ཡུལ་དངོས་ནས་ཞིབ་དཔྱད་བྱས།

ཟླ11པའི་ཚེས18ཉིན་ནས་ཚེས19ཉིན་བར། རྒྱལ་ཡོངས་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་བྱ་རྒྱུད་ཕྱུགས་རྒྱུད་ཀྱི་ཐོན་ཁུངས་ཁྲུའུ་ཡི་ཁྲུའུ་ཀྲང་སུང་ཧྥེ་ཏན་གྱིས་རྒྱལ་ཁབ་ཕྱུགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱི་ཆེད་མཁས་པ5ཡི་སྣེ་ཁྲིད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ“མདོ་ལའི་ལུག”གི་རིགས་རྒྱུད་ཐོན་ཁུངས་ལ་ཡུལ་དངོས་ནས་གསལ་འབྱེད་བྱ་བ་དང་ཞིབ་དཔྱད་བྱས།
ཆེད་མཁས་ཚན་ཆུང་སྔ་རྗེས་སུ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་ཅིང་ཧྥིན་ཕྱུགས་རའི་འདེམས་གསོ་ལྟེ་བའི་ལུག་ཁྱུ་དང་ཨ་རིག་ཡུལ་ཚོའི་ཚེ་རིང་ནོར་བུའི་འདེམས་གསོ་ལྟེ་བའི་ལུག་ཁྱུ། རྟ་མགྲིན་རྒྱལ་གྱི་འདེམས་གསོ་ལྟེ་བའི་ལུག་ཁྱུ་བཅས་སུ་བསྐྱོད་དེ“མདོ་ལའི་ལུག”གི་ཚོགས་སྤྱིའི་གྲུབ་ཆ་དང་གཞི་ཁྱོན། གཟུགས་གཞིའི་ཕྱིའི་རྣམ་པ་སོགས་ལ་ཚད་ལེན་ཞིབ་ཚགས་དང་བསྐྱར་ཞིབ་བྱས། དེ་དང་ཆབས་ཅིག་ཁྱིམ་ཚང་ལ་བཅར་འདྲིར་བསྐྱོད་དེ་ལོ་རྒྱུས་ཡིག་ཚགས་དང་ཐོན་སྐྱེད་ཟིན་ཐོ། རྒྱུད་སྤེལ་རྒྱུ་ཆ་སོགས་ལ་ཞིབ་བཤེར་བྱས།
ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། “མདོ་ལའི་ལུག”གི་བྱ་རྒྱུད་ཕྱུགས་རྒྱུད་ཀྱི་ཐོན་ཁུངས་ཡུལ་དངོས་ཞིབ་དཔྱད་ཚོགས་འདུའི་ཐོག་ཆེད་མཁས་ཚན་ཆུང་གིས་ཐོན་ཁུངས་སྔོག་འདོན་བྱ་བའི་སྙན་ཞུར་ཉན་པ་དང་རེ་ཞུའི་ཆེད་དོན་བརྙན་པར་ལ་བལྟས་པར་མ་ཟད། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཕྱོགས་ཡོངས་ལ་གདེང་འཇོག་བྱས། འདྲི་རྩད་དང་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད“མདོ་ལའི་ལུག”གི་ཐོན་ཁུངས་གསར་པ་ཡུལ་དངོས་སུ་ཞིབ་དཔྱད་བྱས་འབྲས་དེ་རེ་ཞུའི་དཔྱད་ཡིག་དང་ཁས་ལེན་ཚད་གཞིར་མཐུན་ལ། ཆེད་མཁས་ཚན་ཆུང་གིས་ཡུལ་དངོས་སུ་ཞིབ་དཔྱད་བྱ་རྒྱུའི་མོས་མཐུན་བྱས་པ་དང་ཆབས་ཅིག་རེ་ཞུའི་དཔྱད་ཡིག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་རྒྱུད་སྲུང་ཇུས་གཞི་ཞིབ་ཕྲ་བཟོ་བ། པར་རིས་རྒྱུ་ཆ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ལུག་ཐོན་ལས་ཀྱི“མཁྲེགས་ཆས”དང“མཉེན་ཆས”འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ཏེ་ཐོན་ལས་འབྲེལ་ཐག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་ཚད། ཕན་འབྲས་བཅས་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་ལུག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་མགོ་བཏོན།

ཐེངས་འདིའི་བྱ་རྒྱུད་ཕྱུགས་རྒྱུད་ཀྱི་ཐོན་ཁུངས་ཨུ་ལྷན་གྱི་ཆེད་མཁས་པས་ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་དེ་ནི་མདོ་ལ་རྫོང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་མདུན་སྐྱོད་དན་རྟགས་ཡིན་ལ། གསོ་སྤེལ་དར་སྤེལ་འགུལ་སྐྱོད་དོན་འཁྱོལ་གྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས་མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།



ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། 

原文来源/青海日报

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章