རླུང་ལངས་ན་གནོད་པ་ཆེན་པོ་འདི་འདྲ་འདུག ལྷག་པར་དུ་བུད་མེད་ཚོར།

健康   2024-10-06 15:09   四川  
   ཇི་སྐད་དུ། བསྐལ་པ་སྟོང་གི་བསོད་ནམས་དག །ཁོང་ཁྲོ་གཅིག་གིས་འཇོམ་པར་འགྱུར། །ཞེས་གསུངས་པ་ལྟར། ང་ཚོས་རྟག་ཏུ་རླུང་མ་ལོངས། གཟུགས་པོར་གནོད་ཀྱི་རེད་ཅེས་རྗོད་ཀྱི་ཡོད། འོན་ཀྱང་། ཚང་མས་དེ་རྣ་རྒྱབ་ཀྱི་རླུང་བུར་བརྩིས་ནས། དོན་དག་ཆུང་ཆུང་ཞིག་ལའང་རླུང་ལང་གི་ཡོད། 

   དོན་དུ་རླུང་ལངས་ན་གཟུགས་པོར་གནོད་ཀྱི་ཡོད་ཟེར་བ་འདི་གང་བྱུང་དུ་བརྗོད་པ་ཞིག་རྩ་བ་ནས་མིན་པར། དེར་ཚན་རིག་གི་གཞི་འཛིན་ས་ཡོད། ཨ་རིའི་ཡ་ཐེ་ལན་ནད་ཆེན་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་བྱས་འབྲས་ལས། གཅོང་ནད་90%ཙམ་ཚང་མ་སེམས་ཁམས་དང་འབྲེལ་བ་ཡོད་པ་མངོན་ཡོད། 
    《ཡོ་རོབ་ཀྱི་སྙིང་ཁམས་དུས་དེབཀྱི་ཞིབ་འཇུག་བྱས་འབྲས་ལས་མངོན་པར། རླུང་ལངས་རྗེས་ཀྱི་ཆུ་ཚོད་2ནང་ཚུན་དུ་གཟུགས་པོར་འགྱུར་ལྡོག་འདི་དག་འགྲོ་བ་སྟེ། གྲིབ་སྐྱོན་ཕོག་པའི་ཉེན་ཁ་ལྡབ་3ཙམ་འཕར་བ་དང་། སྙིང་ནད་ལང་བའི་ཉེན་ཁ་ལྡབ་5ཙམ་འཕར་བ། སྙིང་ཁྲག་ཀླད་རྩའི་ནད་ཕོག་མྱོང་ཡོད་ཚེ་ཉེན་ཁ་དེ་བས་ཆེ་རུ་འགྲོ་གི་ཡོད། 
རླུང་ལངས་ན་གཟུགས་པོར་གནོད་པ་དགུ་ཙམ་ཡོད་པ་གཤམ་གསལ། 

རླུང་ལངས་ན་སྙིང་ལ་གནོད་པ།
    རླུང་ལངས་པའི་མིར་སྣང་ཚུལ་མངོན་གསལ་དོད་ཤོས་ནི་སྙིང་ཁ་འཕར་ཚད་མགྱོགས་སུ་འགྲོ་གི་ཡོད། གང་ཡིན་ཟེར་ན། རླུང་ལང་སྐབས་ཁྲག་འཁོར་རྒྱུག་བྱེད་ཚད་རྒྱུན་གཏན་ལས་ལྡབ་གཅིག་ཙམ་མང་དུ་ཕྱིན་ནས་སྙིང་དང་དེའི་མཐའ་འཁོར་གྱི་ཁྲག་རྩ་མགྱོགས་པོ་འཁུམ་གྱི་ཡོད་པས། སྙིང་གི་ཁུར་པོ་ཆེ་རུ་སོང་ནས་སྙིང་ཁྲག་མི་འདང་བ་དང་། སྙིང་གཟེར་ལང་བ། སྙིང་རྩ་འགག་པ་མ་ཟད། ཐ་ན་སྙིང་ཁ་གཡོ་སྟངས་རྒྱུན་གཏན་དང་མི་འདྲ་བ་དང་འཕྲལ་དུ་སྙིང་ཁ་མི་གཡུག་པ་སོགས་ཀྱི་སྣང་ཚུལ་ཀྱང་ཐོན་སྲིད། 
རླུང་ལངས་ན་མཆིན་པར་གནོད་པ། 
    གསོ་རིག་ཏུརླུང་ལངས་ན་མཆིན་པར་གནོདཅེས་བརྗོད་སྲོལ་ཡོད། རྟག་ཏུ་རླུང་ལངས་ཚེ་ཡུན་རིང་སྐབས་མཆིན་ནད་ཐོན་པ་དང་མཐའ་ན་མཆིན་པ་མཁྲེགས་འགྱུར་གྱི་ནད་ཀྱང་ཐོན་སྲིད། ཤོད་སྲོལ་འདིའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་ནི། རླུང་ལང་སྐབས་མིའི་མཆིན་པ་ནས་དུག་རྒྱུ་ཞིག་ཐོན་ནས། ཁྲག་མངར་མཐོ་རུ་འགྲོ་བ་སོགས་བྱུང་སྟེ། མཆིན་པས་དུག་སེལ་བྱེད་སྐབས་མཆིན་པའི་གནོན་ཤུགས་ཆེ་དྲགས་ཏེ་ཁྲག་དང་ཕྲ་ཕུང་གི་དུག་མང་དུ་འགྲོ་གི་ཡོད།

རླུང་ལངས་ན་ཕོ་བར་གནོད་པ། 
    རླུང་ལངས་ན་ཁ་ལག་ཟ་མི་འདོད་པར་རླུང་གིས་རྒྱགས་ཟེར་བ་འདི་ཤོད་སྲོལ་ཙམ་མིན་པར། དོན་དུ། རླུང་ལངས་ན་ཕོ་བའི་ཁྲག་འཁོར་རྒྱུག་བྱེད་ཚད་ཉུང་དུ་ཕྱིན་ནས། ཕོ་རྒྱུ་འགུལ་ཚད་འགོར་དུ་སོང་སྟེ། ནམ་རྒྱུན་སྐར་མ་འགའི་ནང་ཚུན་དུ་འཇུ་ཐུབ་པའི་ཟས་རིགས་ཆུ་ཚོད་འགའ་ཤས་སོང་ན་མ་གཏོགས་འཇུ་མི་ཐུབ་པས། ཟས་མི་འཇུ་བ་དང་། ཟས་ཀྱི་དང་ག་ཉམས་པ། ཟས་ཟ་འདོད་མེད་པ་བཅས་ཡོང་སྲིད།
རླུང་ལངས་ན་གློ་བར་གནོད་པ། 
    མི་མང་པོ་ཞིག་ལ་རླུང་ལངས་རྗེས། བྲང་ཁོག་ལ་ན་ཟུག་གཏོང་བའི་སྣང་ཚུལ་ཐོན་གྱི་ཡོད། དོན་དུ་འདི་ནི་གློ་བ་ན་ནས་ཐོན་པའི་ནད་རྟགས་ཤིག་རེད།
    རླུང་ལངས་སྐབས་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་ནས། དབུགས་མགྱོགས་པོ་གཏོང་དགོས་ཀྱི་ཡོད། དེས་གློ་ལྒང་མུ་མཐུད་ཆེ་རུ་སོང་ནས་རྒྱུན་གཏན་ལྟར་ངལ་གསོ་ཐུབ་ཀྱི་མེད་པས། གློ་བ་དང་མཆིན་པར་ན་ཟུག་གཏོང་གི་ཡོད།

རླུང་ལངས་ན་ཀླད་པར་གནོད་པ། 
    རླུང་ལང་སྐབས་མིའི་ཁྲག་ཤེད་གློ་བུར་དུ་མགྱོགས་པོ་འཕར་ཏེ། ཀླད་པའི་ཁྲག་རྩ་ཕྲ་མོར་གནོན་ཤུགས་ཆེན་པོ་ཕྲད་ནས་ཀླད་ཁྲག་འདྲེས་པ་དང་གྲིབ་སྐྱོན་སོགས་ཕོག་པའི་སྣང་ཚུལ་ཐོན་གྱི་ཡོད། གལ་སྲིད་ཀླད་པའི་ཁྲག་རྩའི་ནད་ཡོད་ཚེ། རླུང་ལངས་ན་ཉེན་ཁ་དེ་བས་ཆེ་བས། ངེས་པར་དུ་ཡིད་གཟབ་བྱེད་དགོས།

རླུང་ལངས་ན་རྒས་མགྱོགས་པ། 
    རླུང་ལངས་ན་ཁྲག་གི་དུག་རྒྱུ་མང་དུ་སོང་ནས་བ་སྤུའི་བུ་ག་ཆེ་རུ་འགྲོ་ཡི་ཡོད། དེར་བརྟེན། བ་སྤུའི་བུ་གའི་མཐའ་འཁོར་དུ་རིམ་པ་མི་འདྲ་བའི་གཉན་ཚད་རྒྱས་ནས་གྲོ་ཐིག་སོགས་ཐོན་གྱི་ཡོད།

བུད་མེད་ཚོའི་ངོས་ནས་བརྗོད་ན། རླུང་ལངས་པའི་ཤུགས་རྐྱེན་ངན་པ་ལྡབ་སྒྱུར་གྱིས་མཐོ་རུ་འགྲོ་ཡི་ཡོད། 
རླུང་ལངས་ན། གསང་རྒྱུད་ཟགས་གཤེར་འཁྲུག་པ། (内分泌紊乱)
    བུད་མེད་ཚོ་རྟག་ཏུ་དངངས་སྐྲག་དང་རླུང་ལངས་ན་གསང་རྒྱུད་ཟགས་གཤེར་འཁྲུགས་ནས། གཟུགས་པོའི་དབང་པོ་ཚང་མ་དང་ལྷག་པར་དུ་སྐྱེ་འཕེལ་མ་ལག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། མིག་སྔར། མངལ་སྐྲན་ཐོན་རྐྱེན་ནི་མོའི་ངར་རྫས(雌激素) མཐོ་བས་རེད་ཟེར་བ་འདི་སྨན་བཅོས་ལས་རིགས་མང་ཆེ་བས་ཁས་ལེན་གྱི་ཡོད།

རླུང་ལངས་ན་ཟླ་མཚན་འཁྲུག་པ། 
    རླུང་ལངས་པ་དང་ཡིད་མུག་དྲགས་པ་སོགས་བྱས་ན་མཆིན་རླུང་འཁྱིལ་ནས་ཟླ་མཚན་འཁྲུག་པ་དང་། དུས་ཚོད་ཏག་ཏག་མེད་པ། ཁྲག་དམར་ནག་ཐོན་པ། ཁྲག་ཉུང་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་པ་དང་ཐ་ན་ཟླ་མཚན་འགག་པའང་ཡང་ན་རྒས་ནད་སྔོན་ལ་སླེབས་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད།

རླུང་ལངས་ན་ནུ་མའི་གཤེར་རྨེན་ལ་གནོད་ཀྱི་ཡོད། 
    ནུ་སྐྲན་ཕོག་ཚུལ་གྱི་བརྟག་དཔྱད་ལས་མངོན་པར། རྟག་ཏུ་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་བ་དང་། དགའ་ཁྲོ་ངེས་མེད། སེམས་ཁྲལ་དང་ཡིད་མུག་པའི་མིར་ནུ་མའི་གཤེར་རྨེན་འཁྲོལ་མ་དང་ནུ་མའི་ངན་སྐྲན་སོགས་ཀྱི་ནད་ཐོན་སླ་པོ་ཡོད། 

སྒྱུར་མཁན། བསྟན་འཛིན་གཡུ་སྒྲོན།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章