ཨ་མའི་བུ་ལ་འཇོན་ཐང་ཡོད་ན་འདིར་ཕེབས་ཤོག

时事   2024-10-24 18:37   西藏  


བོད་ལྗོངས་བོད་སྐད་སྲུང་སྐར་འཕྲིན་ལམ་གྱི་《༢༠༢༥ལོ་འཛུམ་གྱིས་བསུ》དང《བཀྲ་ཤིས་པའི་ཞོགས་པ》ཞེས་པའི་མཚན་ཚོགས་ལ་བརྩམས་ཆོས་བསྡུ་བའི་གསལ་བརྡ།



འབྲས་ལྡན་འབྲུག་ལོའི་ཉི་བཟང་བཞུད་ལ་ཉེ།།

རེ་བཟང་ཤིང་སྦྲུལ་གནམ་ལོ་ཚེས་ལ་ཁད། །

ལོ་ཡག་རྟེན་འབྲེལ་འགྲིག་པའི་འགོ་མ་རུ། །

གླུ་གར་མིག་ཡིད་དགྱེས་སྟོན་འདི་ནས་བཤམས། །


གཟིགས་མོ་བ་ལྷན་རྒྱས་དང་། ལྷག་པར་དུ་སྒྱུ་རྩལ་ལ་བྱང་ཆ་ཆེ་ཞིང་།  ལས་དེར་སྤྲོ་བས་འཇུག་མཁན་ཡོངས་ལ་ཞུ་གསོལ།  

འབྲས་བུས་ཕྱུག་ལ། ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་སྤྱི་ལོ་༢༠༢༤ ལོར་རྫོགས་ཚིགས་འཐེན་ལ་ཉེ་ཞིང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་༢༠༢༥ལོའི་འཛུམ་ཞལ་ངོམ་ལ་ཁད་པ་དང་ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བའི་དུས་བཟང་ཤར་གྲབས་ཡོད་པའི་སྐབས་འདིར།   ངེད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་གྱི་ལོ་རེའི་འཆར་ཅན་གཞས་མ་གཏམ་མཚན་ཚོགས《འཛུམ་གྱིས་བསུ》ཞེས་པ་དང་། ལོ་གསར་ཚེས་གཅིག་གི་ཞོགས་པའི་དམིགས་བསལ་མཚན་ཚོགས《བཀྲ་ཤིས་པའི་ཞོགས་པ》ཞེས་པའི་ལེ་ཚན་གྱི་གྲ་སྒྲིག་ལས་དོན་དངོས་སུ་འགོ་བརྩམ་བཞིན་ཡོད་པས། གལ་ཏེ་སྐུ་ཉིད་ལ་རིག་རྩལ་ཐད་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་ཞིང་འཕྲལ་ཕུགས་ཀུན་ཏུ་རིག་རྩལ་ཕྱག་ལས་ལ་སྤྲོ་དགས་བརྟས་པ་དང་བརྩམས་ཆོས་ཕུལ་དུ་བྱུང་བ་དག་ཀྱང་ཀུན་གྱི་གཟིགས་མོར་འབུལ་བའི་ཐུགས་འདུན་ཡོད་ཚེ་མཚན་ཚོགས་འདི་གཉིས་ནི་ཁྱེད་ཀྱི་ཕུགས་འདུན་མངོན་དུ་འགྱུར་སའི་གར་སྟེགས་ལེགས་ཤོས་ཤིག་ཡིན་ངེས།   

ང་ཚོས་མཚན་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོང་བ་དང་།  མང་ཚོགས་གང་མང་མཉམ་ཞུགས་ཐུབ་ཆེད།   ལོ་ལྟར་གཟིགས་མོ་བ་ཡོངས་ལ་ཁ་ཕྱོགས་ཏེ།  བརྩམས་ཆོས་བསྡུ་ལེན་བྱས་ནས་སྒྱུ་རྩལ་ལ་དང་ཞེན་ཅན་གསར་པ་མང་པོ་ཞིག་དངོས་སུ་གར་སྟེགས་ཐོག་ཐོན་ཐུབ་པའི་འཁུར་སྐྱོང་བཞིན་ཡོད་ལ་འདི་ལོ་ཡང་ང་ཚོས་མུ་མཐུད་སྔར་སྲོལ་བཞིན་བོད་སྐད་ཀྱི་མཚན་ཚོགས་འདི་གཉིས་པོར་བརྩམས་ཆོས་གང་མང་བསྡུ་འཆར་ཡོད།

དེ་ཡང་སྤྱི་ལོ་༢༠༢༥ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༦༠འཁོར་བའི་དུས་བཟང་ཞིག་ཡིན་པས་དེ་ནི་ང་ཚོ་ཐུན་མོང་གི་དུས་སྟོན་ཞིག་ལགས་ན་སྐུ་ཉིད་ཀྱང་དགའ་བའི་རྟ་ཕོར་མཉམ་བཞོན་ཟེར་བའི་དཔེ་ལྟར་བྱེད་སྒོར་མཉམ་ཞུགས་ཐུབ་རྒྱུའི་འདུན་པ་འཆང་བཞིན་ཡོད། 


བརྩམས་ཆོས་བསྡུ་བའི་གནས་ཚུལ་ཞིབ་ཕྲ་གཤམ་གསལ།


1

དང་པོ། ནང་དོན་ཐད།

 2024 

《༢༠༢༥ལོ་འཛུམ་གྱིས་བསུ》ཞེས་པའི་མཚན་ཚོགས་ནི་གཙོ་བོ་གསར་རྩོམ་བརྩམས་ཆོས་ཏེ་བོད་སྐད་ཀྱི་འཁྲབ་ཚན་ཐུང་ངུ་དང་དགོད་བྲོའི་གཏམ་གླེང་། གཞས་མ་རྣམ་ཐར་གྱི་འཁྲབ་ཚན་ཐུང་ངུ་བཅས་ཡིན་ཞིང་གཞན་ཡང་རྐང་བྲོ་གླུ་གཞས་རིགས་ཀྱི་ནང་དོན་ཡང་ཅུང་ཟད་བཀོད་སྒྲིག་ཞུ་རྒྱུ་དང་།

《བཀྲ་ཤིས་པའི་ཞོགས་པ》ཞེས་པའི་མཚན་ཚོགས་ལ་སྲོལ་རྒྱུན་དང་གསར་དར་གཞས་མ་གཏམ་གྱི་ལེ་ཚན་སྣ་ཚོགས་དང་། གསར་རྩོམ་གླུ་གཞས། མི་རིགས་ཁག་གི་ཞབས་བྲོ། ལྷ་མོ། དམངས་ཁྲོད་གླུ་གར། བོད་སྐད་rapསོགས་རིགས་སྣ་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་ཕུལ་དུ་བྱུང་བ་རྣམས་བསྡུ་རྒྱུ་ཡིན་པས། བདག་གཞན་ཀུན་རྣམས་སྤྲོ་དགར་འཇུག་པའི་སྒྱུ་རྩལ་ལ་མངའ་བརྙེས་པ་རྣམས་ཅིས་ཀྱང་ང་ཚོ་དང་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན།

2

གཉིས་པ། བརྩམས་ཆོས་བསྐུར་བའི་དུས་ཚོད།

 2024 

༢༠༢༤ལོའི་སྤྱི་ཟླ་༡༠ཚེས་༢༤ཉིན་ནས་༢༠༢༤ལོའི་སྤྱི་ཟླ་༡༡ཚེས་༡༥བར་ཡིན།

3

གསུམ་པ། དོ་སྣང་བྱེད་དགོས་པའི་གནད་དོན།

 2024 

བརྩམ་ཆོས་བསྐུར་སྐབས།  རྩོམ་པ་པོའི་མིང་དང་། འཁྲབ་སྟོན་བྱེད་མཁན་ཚན་པའི་མིང་།  ལེ་ཚན་གྱི་ནང་དོན་སོགས་ཡིག་ཐོག་ནས་གསལ་པོ་འབྲི་དགོས་པ་མ་ཟད། གཞས་གཏོང་མཁན་ཡིན་ཚེ།  རང་གི་འདྲ་པར་དང་ལོ་རྒྱུས་མདོར་བསྡུས་རེ་བསྐུར་དགོས། དེ་མིན། བརྩམས་ཆོས་རིགས་སྒྲ་གཅིག་པུ་ཡིན་ན་mp3དང་།  བརྙན་གྱི་རིགས་ཡིན་ན་mp4 བསྐུར་དགོས།  གསལ་བཤད་ཞུ་རྒྱུར།  བརྩམས་ཆོས་བསྐུར་མཁན་གྱི་མིང་དང་ཁ་པར་ཨང་གྲངས་ཁ་གསལ་འབྲི་རོགས། 

4

བཞི་པ། བརྩམས་ཆོས་བསྐུར་སའི་ཡིག་ཟམ་ཨང་གྲངས། 

 2024 

CQHX2025@126.comཡང་ན་འཁྱུག་དབྱིངས་སྟེགས་བུ།  རྒྱ་སྐད་ལ་藏语卫视+སྟེ། བོད་སྐད་འཕྲིན་ལམ་+ཞེས་པར་དོ་ཁུར་བྱས་ཏེ་སྒེར་ཡིག་བསྐུར་ཡང་ཆོག  

5

ལྔ་པ། འབྲེལ་གཏུགས་ཁ་པར་ཨང་གྲངས།

 2024 

17308990880 13989909284

བསུ།

ང་ཚོས་འདིར་སྐུ་ཉིད་ཕེབས་སྒུག་ཞུ་རྒྱུ་ཡིན།










༢༠༢༥ལོ་འཛུམ་གྱིས་བསུ་དང་བཀྲ་ཤིས་པའི་ཞོགས་པ་འཁྲབ་ཁྲིད་ཚོགས་ཆུང་ནས།

༢༠༢༤ལོའི་ཟླ་༡༠ཚེས་༢༤ཉིན།



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平多 桑布

编辑:罗布顿珠 先巴

来源 | 西藏广播电视台


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章