ཕྲུ་གུ་སྐྱེས་དུས་ནས་དབང་པོ་ཆ་མི་ཚང་བ་དང་ལྷན་སྐྱེས་ནད་ཡོད་པ་སོགས་ཀྱིས་ཁྱིམ་ཚང་མང་པོར་སྔུག་བསྔལ་ཆེན་པོ་བཟོ་བཞིན་ཡོད། ལྷག་པར་དུ་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དེ་ནི། བྱིས་པའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ལྷན་སྐྱེས་དབང་སྐྱོན་གྱི་ནད་གཞི་ཞིག་ཡིན། ནད་དེས་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་འཚར་ལོངས་དང་མ་འོངས་པར་ཤུགས་རྐྱེན་ངན་པོ་ཐེབས་ཀྱི་ཡོད་པ་རེད།
མང་ཚོགས་ཚོར་ལྷན་སྐྱེས་དབང་སྐྱོན་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་སྔར་བས་ཡག་པ་དང་། ཕྱོགས་བསྡུས་འགོག་བཅོས་ལ་སྔར་བས་སྐུལ་འདེད་བཏང་ནས། ལྷན་སྐྱེས་དབང་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱ་ཆེད། ཟླ་༩ཚེས་༡༢ཉིན་ཏེ་ལྷན་སྐྱེས་དབང་སྐྱོན་སྔོན་འགོག་ཉིན་མོར། བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་ཆེད་ལས་མཁས་པ་གདན་འདྲེན་ཞུས་ནས། སྨན་ཁང་གི་བྱང་སྒོར་རིན་མེད་ངང་ལྷན་སྐྱེས་དབང་སྐྱོན་འགོག་བཅོས་བྱེད་སྒོ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཚེས་༡༣ཉིན་ནས་ཚེས་༡༥ཉིན་ཏེ་ཉིན་གསུམ་རིང་། ཆེད་ལས་མཁས་པ་ཚོས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་ཀྱི་སྨན་བཅོས་ཞབས་ཞུ་བྱ་རྒྱུ་ཡིན་པས། ཚང་མས་གོ་སྐབས་བཟང་པོ་འདི་དམ་འཛིན་གནང་ཐོག ང་ཚོའི་སྨན་ཁང་དུ་རིན་མེད་ཀྱི་བློ་འདྲི་དང་བརྟག་དཔྱད་བྱེད་པར་ཕེབས་པར་དྲན་སྐུལ་ཞུ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་ནས།
༢༠༢༤ལོའི་ཟླ་བ་༩པའི་ཚེས་༧ཉིན།
出生缺陷影响着无数家庭。特别是儿童先天性心脏病是一种严重威胁儿童健康的出生缺陷疾病。它犹如一颗隐匿的炸弹,随时可能影响孩子的成长与未来。
为更好地向公众宣传普及出生缺陷防治知识,进一步推进综合防治,预防和控制出生缺陷。9月12日预防出生缺陷日,西藏自治区妇产儿童医院邀请四川大学华西二医院先心病权威专家,在医院北门举办出生缺陷系列之——“儿童先天性心脏病免费筛查活动”,于13 日、14 日、15 日由专家团队为筛查确诊的先心病患儿提供免费救治服务。届时诚邀各位儿童家长协儿童到我院进行免费咨询与筛查。
西藏自治区妇产儿童医院
2024年9月7日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། འཇིགས་མེད།
主编:吾见才让
副主编:平多 桑布
编辑:旺姆 晋美
来源 | 西藏自治区妇产儿童医院
译文 | 阳光西藏