ཛ་དྲག་བརྡ་ཐོ། སང་ཉིན་༼ སྤྱི་ཚེས་༢ ཉིན ༽ནས་བཀག་སྡོམ་བྱ་རྒྱུ་རེད།

时事   2024-09-01 15:16   西藏  


    ༼ ལྷ་སའི་འགྲིམ་འགྲུལ་ཉེན་རྟོག ༽ སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭའི་༼ དུས་ཐེངས་གཉིས་པ ༽དགོས་མཁོར་གཞིགས་ཏེ། ལྷ་ཞབས་གླིང་ཕྲན་ཤར་ངོས་ཟམ་པའི་གཡས་གཡོན་གྱི་ཟམ་སྣེ་ཁྱོན་ཡོངས་བཀག་སྡོམ་བྱས་ནས་ཨར་ལས་བྱ་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་གཤམ་གསལ།

     གཅིག  ༢༠༢༤ལོའི་སྤྱི་ཟླ་༩ཚེས་༢ནས་ཚེས་༡༢ཉིན་བར། ཁྱོན་བསྡོམས་ཉིན་༡༡ རིང་། ལྷ་ཞབས་གླིང་ཕྲན་ཤར་ངོས་ཟམ་པའི་གཡས་ངོས་གླིང་སྐོར་ཤར་ལམ་གྱི་ལྷོ་ངོས་དང་གཙང་འགྲམ་ལམ་གྱི་འབྲེལ་མཐུད་ལམ་མདོ་ཁ་བར་འགྲོ་ལམ་ཁྱོན་ཡོངས་བཀག་སྡོམ་བྱས་ནས་ཨར་ལས་བྱ་རྒྱུ་རེད།

     གཉིས། ༢༠༢༤ལོའི་སྤྱི་ཟླ་༩ཚེས་༡༣ནས་ཚེས་༢༩ཉིན་བར། ཁྱོན་བསྡོམས་ཉིན་༡༧རིང་། ལྷ་ཞབས་གླིང་ཕྲན་ཤར་ངོས་ཟམ་པའི་གཡོན་ངོས་ཀྱི་ཟམ་སྣེའི་འབྲེལ་མཐུད་ལམ་མདོ་ཁ་ཁྱོན་ཡོངས་བཀག་སྡོམ་བྱས་ནས་ཨར་ལས་བྱ་རྒྱུ་རེད།

     གསུམ།  ཨར་ལས་ཚན་པས་འགྲིམ་འགྲུལ་ཉེན་བརྡ་དང་སྐོར་སྐྱོད་མཚོན་རྟགས་བྱང་བུ་བཙུགས་ཡོད་པས། འགྲིམ་འགྲུལ་བ་རྣམ་པས་སྔ་སྣུར་ནས་ཕྱིར་འགྲོ་བའི་ལམ་རྒྱུད་འཆར་འགོད་ཡག་པོ་བྱ་དགོས། གནས་ཚུལ་དེས་རྐྱེན་པས་འགྲིམ་འགྲུལ་བ་རྣམས་ཀྱི་འགྲོ་འོང་ལ་འགོག་རྐྱེན་བཟོས་པར་དགོངས་བཞེས་ཡོད་པར་ཞུའོ།།


据“拉萨交警”微信公众号消息,因拉萨市中心城区水系生态治理工程(二期)施工需要,仙足岛东桥左右岸桥头处将实施全封闭施工。现将有关事项公告如下:
一、2024年9月2日至2024年9月12日,共计11天,对仙足岛东桥右岸林廓东路南段与滨河路交叉路口实施全封闭施工。
二、2024年9月13日至2024年9月29日,共计17天对仙足岛东桥左岸桥头交叉路口处实施全封闭施工。   
三、施工单位将设立交通警示及绕行标志,请广大交通参与者提前规划出行路线,由此带来的不便,敬请谅解。 

仙足岛东桥(同心桥)右岸交通疏导图

仙足岛东桥(同心桥)交通左岸疏导图

左岸封路附图

右岸封路附图



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:拉萨交警

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章