ཨ་རིས་ཨི་རན་ལ་མཇུག་འབྲས་ངན་པ་འབྱུང་སྲིད་ཅེས་བརྗོད་འདུག

健康   2024-10-03 19:13   四川  

ཨེ་ཟི་རེལ་རྒྱལ་སྲུང་དམག་གིས་བསྒྲགས་པའི་གནས་ཚུལ་ལྟར། ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་10ཚེས་2ཉིན། ལེ་པ་ནོན་གྱིས་ཨེ་ཟི་རེལ་ལ་མེ་ཤུགས་འཕུར་མདའ་100ཙམ་འཕངས་ཡོད་ཅིང་། ཨེ་ཟི་རེལ་བྱང་ཕྱོགས་ཀྱི་གྷ་ལི་ལི་དང་ཨ་ཝི་ཝིམ་ས་ཁུལ་དུ་མཁའ་ཟོན་ཉེན་བརྡ་གྲག་ཡོད། 


ཨེ་ཟི་རེལ་དམག་ཕྱོགས་ཀྱིས་བརྗོད་པ་ལྟར་ན། མེ་ཤུགས་འཕུར་མདའ་དེ་དག་གིས་མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་གནས་ཚུལ་ཐོན་མེད་པ་རེད།

ཡང་ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་10ཚེས་1ཉིན་གྱི་དགོང་མོར། ཨི་རན་གྱིས་ཀྱང་ཨེ་ཟི་རེལ་ལ་མེ་ཤུགས་འཕུར་མདའ་200ཙམ་འཕངས་ནས་འཇབ་རྒོལ་བྱས་ཡོད་ཅིང་། ཨི་རན་ཕྱོགས་ཀྱིས་བརྗོད་པ་ལྟར་ན་མེ་ཤུགས་འཕུར་མདའ་90%གྱིས་འཕེན་ཡུལ་ལ་ཕོག་ཡོད་པ་རེད། ཨེ་ཟི་རེལ་གྱི་སྲིད་བློན་ནེ་ཐ་ནེ་ཡ་ཧུའུ་ཡིས་དེ་ནི་དབྱི་རན་གྱིས་ནོར་འཁྲུལ་ཤིན་ཏུ་ཆེན་པོ་བཟོས་པ་ཞིག་ཡིན་པ་དང་། ཨེ་ཟི་རེལ་གྱིས་ཁོ་ཚོའི་བྱ་སྤྱོད་དེར་རིན་དོད་འཇལ་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད། 

ཨི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་སྐྱོབ་དམག་དཔུང་གིས་ཚེས་1ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ཏེ། འཇབ་རྒོལ་དེ་བྱེད་དོན་ནི་ཨེ་ཟི་རེལ་གྱིས་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་ངོ་རྒོལ་ལས་འགུལ་གྱི་མགོ་ཁྲིད་པ་ཧ་ཉི་ཡེ་ལྐོག་གསོད་བྱེད་སྐབས་དབྱི་རན་གྱི་མངའ་ཁོངས་ཆ་ཚང་ལ་རྡོག་རོལ་བཏང་བ་དང་། ཨ་རིའི་རྒྱབ་སྐྱོར་འོག་ལེ་པ་ནོན་དང་ཕ་ལི་སི་ཐན་གྱི་མི་མང་པོ་བསད་པ། དེ་བཞིན་ལེ་པ་ནོན་དུ་སྐྱབས་མགོན་ཤོག་ཁག་གི་མགོ་ཁྲིད་ཆེ་ཤོས་ན་སི་ར་ལཱ་དང་དབྱི་སི་ལམ་གསར་བརྗེ་སྲུང་སྐྱོབ་དམག་དཔུང་གི་མཐོ་རིམ་དམག་དཔོན་ནེར་ཧྥུའུ་ལུའུ་ཧྲང་གཉིས་ལྐོག་གསོད་བྱས་པ་བཅས་ལ་རྒོལ་ལན་བསླགས་པ་ཡིན་ཞེས་དང་། གལ་སྲིད་ཨེ་ཟི་རེལ་གྱིས་ཐེངས་འདིའི་འཇབ་རྒོལ་ལ་དམག་དོན་རྒོལ་ལན་བསླགས་ན། ཨི་རན་གྱིས་རྒོལ་ལན་དེ་བས་ཤུགས་ཆེན་པོ་སློག་རྒྱུ་ཡིན་ཞེས་བརྗོད་ཡོད།



ཨ་རིས་དབྱི་རན་ལ་མཇུག་འབྲས་ངན་པ་འབྱུང་སྲིད་ཅེས་བརྗོད་འདུག

ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པས་ཚེས་1ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་སྲིད་འཛིན་པའེ་ཏེང་གིས་ཨ་རིའི་དམག་དཔུང་ལ་དབྱི་སི་རལ་གྱི་བདེ་འཇགས་སྲུང་དགོས་པ་དང་། ཨི་རན་གྱིས་ཨེ་ཟི་རེལ་ལ་འཕངས་པའི་འཕུར་མདའ་འགོག་དགོས་པའི་བཀའ་ཕབ་ཡོད་པའི་སྐོར་བསྟན་ཡོད། 



ས་གནས་དེ་གའི་ཟླ་10ཚེས་1ཉིན། ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་དང་ཨ་རིའི་དམག་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་སྔ་རྗེས་སུ་ཨི་རན་གྱིས་ཨེ་ཟི་རེལ་ལ་འཇབ་རྒོལ་བྱས་པར་ཨ་རིས་ཨི་རན་ལ་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་། ཨི་རན་གྱི་བྱ་སྤྱོད་དེས་རྒྱལ་ཁབ་དེའི་བདེ་འཇགས་དང་དཔལ་འབྱོར་ཐད་མཇུག་འབྲས་ངན་པ་བསྐྱེད་སྲིད་ཅེས་བསྟན་ཡོད། 

གཞན་ཡང་། ཚོར་སྣང་སྐྱེན་པའི་དུས་སྐབས་འདིར། ཨ་རིས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་ཕྲག་འགའ་ཁ་སྣོན་བྱ་རྒྱུ་ཡིན་པ་རེད། 

སྤྱི་ཟླ་9ཚེས་30ཉིན་ཨ་རིའི་གསར་འགྱུར་ལས་ཁུངས་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་ཕྲག་འགའ་ཁ་སྣོན་བྱས་ཏེ་དགོས་ངེས་ཀྱི་སྐབས་སུ་ཨེ་ཟི་རེལ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་། དམག་མི་དེ་དག་ཁ་སྣོན་བྱས་རྗེས། ཨ་རིའི་དབུས་ཤར་དུ་ཡོད་པའི་དམག་མིའི་གྲངས་འབོར་ཁྲི་4.3བར་མང་དུ་འགྲོ་རྒྱུ་རེད།


དམིགས་བསལ་གལ་ཆེན་གསར་འགྱུར། 

2024.10.2 གཟའ་ལྷག་པ།


དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་ཉིན་རེ་བཞིན་ཛ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ། 



   མདང་དགོང་ཨི་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས། ཨེ་ཟི་རེལ་ལ་འཕུར་མདའ་མང་པོས་ཚུར་རྒོལ་བྱས། ཨི་རན་གྱི་གསར་ཁང་ཁག་ཏུ། ཨེ་ཟི་རེལ་གྱི་དམག་གི་གནམ་ཐང་3ལ་གཏོར་རྒོལ་བྱས་ཟིན་ཞེས་དང་། ཨི་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས། ཐེངས་འདིར་ཧའེ་ཕིར་སོ་ནེ་ཁི་འཕུར་མདའ་Hypersonic Fattahཐོག་མར་བེད་སྤྱོད་བྱས་ཟིན་པ་བཤད་ཅིང་། འཕངས་ཟིན་པའི་འཕུར་མདའ་བརྒྱ་ཆ་90% ཡིས་དམིགས་འབེན་ལ་འཕོག་ཟིན་པ་བཤད།

   ཐེངས་འདིར་ཨེ་ཟི་རེལ་གྱི་འཐབ་འཛིང་གནམ་གྲུ་F-35འགའ་ལ་གཏོར་སྐྱོན་ཐེབས་ཟིན་པའི་གནས་ཚུལ་ཞིག་ཁྱབ། ཡིན་ན་ཡང་། སྤྱིའི་ཆ་ནས་ཅི་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ་རེ་ཞིག་ཞིབ་ཕྲ་མི་གསལ། ཨི་རན་གྱི་རྒྱལ་ས་སོགས་སུ། མི་དམངས་ཀྱིས་དགའ་སྤྲོའི་རྣམ་འགྱུར་བསྟན་ཅིང་། མི་མང་པོས་ཨི་རན་དང་ཧེ་ཛི་བྷོ་ལ་དྲག་དཔུང་གི་དར་ཆ་ཕྱར་བཞིན་པ་དང་། ཨེ་ཟི་རེལ་གྱིས་གཏོར་རྒོལ་ཁྲོད་བསད་ཟིན་པའི་ཧེ་ཛི་བྷོ་ལ་དྲག་དཔུང་གི་ཆེས་མཐོའི་དབུ་ཁྲིད། ཧཱ་སན་ནཱ་ཛི་ར་ལཱ་ཡི་པར་འཁྱེར་ཡོད་པ་མཐོང་ཐུབ།

  ཨེ་ཟི་རེལ་ལྟར་ན་ཐེངས་འདིར་ཨི་རན་གྱིས། བྷ་ལི་སི་ཀྲི་ཁི་འཕུར་མདའ་180ལས་མང་བ་འཕངས་ཟིན་པ་དང་། འཕུར་མདའ་མང་ཆེ་བ་ཨེ་ཟི་རེལ་དང་། ཨ་རི། དབྱིན་ཇི་སོགས་ཀྱི་གནམ་སྲུང་མ་ལག་གིས་བཀག་ཟིན་ནའང་། འཕུར་མདའ་ཉུང་ཤོས་ཤིག་ཨེ་ཟི་རེལ་གྱི་དབུས་ཁུལ་དང་ལྷོ་རུ་ལྷུང་ཟིན་པ་བཤད། ཨེ་ཟི་རེལ་གྱི་རྒྱལ་ནང་དུ་ཤི་རྨས་ཀྱི་གནས་ཚུལ་མ་བྱུང་། ཨེ་ཟི་རེལ་གྱི་དབང་བསྒྱུར་འོག་ཡོང་པའི་རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་དུ། ཕ་ལི་སི་ཐན་གྱི་མི་ཞིག་འཕུར་མདའི་ཆག་རོ་སྟེང་ལ་ལྷུང་ནས་བསད།

   ཨི་རན་གྱིས། ཨེ་ཟི་རེལ་ལ་གནས་ཚུལ་ཆེ་རུ་གཏོང་འདོད་ཡོད་ན་མ་གཏོགས། ང་ཚོའི་ངོས་ནས་བྱ་དགོས་པ་དེ་བྱས་ཚར་ཡིན་ཞེས་དང་། འདི་ནི་ཨེ་ཟི་རེལ་གྱིས་དམག་དཔོན་དག་(ཧཱ་མ་སི་དང་ཧེ་ཛི་བྷོ་ལ་དྲག་དཔུང་གི་དབུ་གཉིས།)བསད་པའི་འཁོན་ལན་ཡིན་པ་བཤད། དེ་བཞིན་ཚུར་རྒོལ་མ་བྱས་སྔོན།

   ཨི་རན་གྱིས། དེ་ལྟར་བྱ་རྒྱུ་ཡིན་པ་ཁོ་ཚོའི་མཐུན་གྲོགས་ཨུ་རུ་སུ་དང་། ཨེ་ཟི་རེལ་གྱི་མཐུན་གྲོགས་ཆེ་ཤོས་ཨ་རི་ལ་ཉེན་བརྡ་བཏང་ཟིན་པ། རོའུ་ཀྲར་གསར་ཁང་གིས་བཤད། སྐད་ཆ་དང་གནས་ཚུལ་འདི་དག་ལ་དཔག་ན། ཨི་རན་ལ་དོན་གྱིས་གནས་ཚུལ་ཆེ་རུ་གཏོང་འདོད་མེད་པ་ཤེས་ཐུབ།


  ཨེ་ཟི་རེལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། མདང་དགོང་ཆེས་མཐོའི་བདེ་སྲུང་ཚོགས་འདུ་ཞིག་བསྡུས་ཤིང་། དེའི་རྗེས་ཁོས། དོ་དགོང་ཨི་རན་གྱིས་ནོར་འཁྲུལ་ཚབས་ཆེན་ཞིག་བཟོས་སོང་། འདི་ལ་ངེས་བར་དུ་སྐྱིན་ཚབ་སྤྲོད་དུ་འཇུག་རྒྱུ་ཡིན་ཞེས་བཤད།  དེ་བཞིན་ཨེ་ཟི་རེལ་གྱི་དམག་དཔུང་གིས། ང་ཚོས་འདི་ལ་ངེས་པར་དུ་ལན་བསློག་རྒྱུ་དང་། ལན་དེ་ཚུལ་ཇི་ལྟར་དང་། དུས་ནམ་ཞིག་ལ་གནས་གང་ཞིག་ཏུ་བསློག་མིན་ང་ཚོས་ཐག་གཅོད་རྒྱུ་ཡིན་ཞེས་བཤད། དཀྱིལ་ཤར་གྱི་གནས་ཚུལ་འདི་དང་འབྲེལ། དེ་རིང་མཉམ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་རྒྱུ་རེད།



阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章