མདོ་ལ་རྫོང་གིས་ཐབས་ཇུས་གནད་སྨིན་ལག་བསྟར་བྱས་ནས་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས་རང་འགུལ་གྱིས་སྒྲུབ་པ་དང་སྤྱི་ཡོངས་འཆར་འགོད། ཐོན་ཁུངས་ནུས་པར་བརྟེན་པ། ཟུང་འབྲེལ་ཐད་གཞུང་ལུགས་རྩོམ་པ་དང་ཁྱད་ཆོས་ཐད་ཤུགས་སྣོན་པ། མཐོར་འདེགས་སྟེང་དངོས་ཕན་ལ་འབད་ནས“ཚ་གནད”འཚོལ་བ་དང“འཚོང་གནད”ཧུར་ཐག་གིས་བསྐྲུན་ནས“ཐོན་ཁུངས་གྲང་མོ”ལ“ཕན་ནུས་ཚ་བོ”འབྱུང་བར་བྱས།རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་པ། ཁུལ་ཡོངས་ཀྱི་བྱེད་སྒོའི་བཀོད་སྒྲིག་ལྟར། མདོ་ལ་རྫོང་གི་དངོས་ཡོད་དང་འབྲེལ་ནས《2024ལོའི་མདོ་ལ་རྫོང་གི་དགུན་དུས་ཡུལ་སྐོར་བྱ་བའི་ཇུས་གཞི》བཟོས་ཤིང་། “ལྷ་ཁམས་སྤྲོ་མྱུལ། གངས་འཁྱགས་མདོ་ལ”ཡི་བརྗོད་དོན་གཏན་འཁེལ་སྒོས། སྲིད་གཞུང་གིས་སྣེ་ཁྲིད་སྐུལ་འདེད་དང་སྤྱི་ཚོགས་རྒྱ་ཆེར་མཉམ་ཞུགས། ཁྲོམ་ར་ཅན་གྱི་འཁོར་སྐྱོད་ཀྱི་བྱེད་སྟངས་སྤྱད་དེ། “སོར་རྩེའི་མདོ་ལ”དང“དགུན་ཤའི་ཟས་མཆོག”ཕྲེང་བསྟར་བྱེད་སྒོ། “ནགས་ཀློང་བརྒལ་བ”ཡི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྟོང་སོའི་རྐང་བགྲོད། “གངས་འཁྱགས་མདོ་ལ”ཡི་གངས་འཁྱགས་ཆུ་ཚན་བརྗོད་དོན་གྱི་ཕྲེང་བསྟར་བྱེད་སྒོ་སོགས་རིགས་ཆེ་བ6གི་ལས་གཞི16ཅན་གྱི་མཉམ་ཞུགས་རང་བཞིན་དང་ཕན་ཚུན་འབྲེལ་འདྲིས་ཆེ་བའི་དགུན་དུས་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་གཙོ་གནད་ཀྱིས་སྤེལ།ཟུང་འབྲེལ་གྱི་རབ་བྱེད་ལེགས་པོར་བརྩམས། དགུན་དུས་ཡུལ་སྐོར་གྱི་བོགས་ནུས་རྩལ་དུ་བཏོན་ཞིང་། “གངས་འཁྱགས+ལུས་རྩལ” “གངས་འཁྱགས+ཡུལ་སྐོར” “གངས་འཁྱགས+རིག་གནས”ཀྱི་རྣམ་པ་འཚོལ་ཞིབ་བརྒྱུད། ཚོན་མདོག་ཤོག་སྦག་དང་འཁྱགས་དར་འོད་ཀྱིས་བརྒྱན་པ། གངས་བརྐོས་དང་འཁྱགས་བརྐོས་ལ་ཉམས་སུ་མྱོང་བ། “ཆུ་ཚན+” གངས་ལམ་བརྒལ་ནས་ཤྭ་བ་འཚོལ་བ། གངས་འཁྱགས་ནགས་ཀློང་རྐང་བགྲོད་སོགས་གངས་འཁྱགས་སྐྱེ་ཁམས་ཡུལ་སྐོར་ཉམས་ལེན་ལས་གཞི་གཙོ་གནད་ཀྱིས་བཏོན། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ཁྱད་ལྡན་བཟའ་བཏུང་མྱོང་རོལ་དང་། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། ཁྱད་ལྡན་དམངས་སྲོལ་ཉམས་ལེན། ཁྱད་ལྡན་རིག་རྩལ་འཁྲབ་སྟོན་བཅས་གཞི་གཅིག་གི་དགུན་དུས་ཡུལ་སྐོར་སྣ་འཛོམས་ཚོགས་པ་ཧུར་ཐག་གིས་བསྐྲུན།ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་པ། “ལྷ་ཡུལ་མདོ་ལའི”ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་དང་གུང་གསེང་སྤྲོ་འཆམ་ལམ་ཐིག་ཆུང་ངུ་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ཆེན་མོ། གྲོང་གསེབ་ཡུལ་སྐོར་ལམ་ཐིག་སོགས་སྤུས་ལེགས་ཡུལ་སྐོར་ལམ་ཐིག་དང་ཨ་མྱེས་སྟོང་སོའི་རྐང་བགྲོད། སྟོང་སོའི་ནགས་ཀློང་རྐང་བགྲོད་སོགས་རྐང་བགྲོད་ལམ་ཐིག་གསར་དུ་བཏོན། སྤུས་ལེགས་རྩེད་འཇོའི་ཉིན་གཉིས་ཀྱི་ཡུལ་སྐོར་དང་སྤུས་ལེགས་རྩེད་འཇོའི་ཉིན་གསུམ་གྱི་ཡུལ་སྐོར། རྒྱས་སྤྲོས་ཉིན་བཞིའི་ཡུལ་སྐོར། བཙུན་མོ་དམར་ཡག་མའི་སྤུས་ལེགས་རྩེད་འཇོའི་ཉིན་གཅིག་ཡུལ་སྐོར་སོགས་ཡུལ་སྐོར་ཆེད་ལམ་སྣ4ཤར་གཏོང་བྱས་པས། དགུན་དུས་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། ཡུལ་སྐོར་བའི་ཁྱད་གཤིས་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་བསྐངས།འཛད་སྤྱོད་གསོན་ཤུགས་ལ་ངར་ཁ་བླུད་པ། ད་ལོའི་ཟླ11པའི་ཚེས1ནས2025ལོའི་ཟླ3པའི་ཚེས31ཉིན་བར། རྫོང་ཁོངས་ཀྱི་ལྗོངས་ཁུལ་སོ་སོ་དང་ལྗོངས་གནས་སོ་སོར“ལྷ་ཡུལ་མདོ་ལའི་ལྗོངས་ཁུལ་སྒོ་འཛིན་ཉིན་གསུམ་ཤར་བགྲོད”དང“མཚོ་བྱང་གི་གནས་སྐོར་ལྗོངས་ཁུལ་ཆེན་མོ་བརྒྱད་ཀྱི་སྒོ་འཛིན་གཅིག་འཐུས་སྒོས་མཚོ་བྱང་ཤར་བགྲོད་བྱེད་པ།” བཙུན་མོ་དམར་ཡག་མའི་ལྗོངས་ཁུལ་དང་ཨ་མྱེས་སྟོང་སོའི་ལྗོངས་ཁུལ། ལྷ་ཡུལ་མདོ་ལའི་ཆུའི་འཇིག་རྟེན་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་དང་དེ་བཞིན་བློན་པོ་བྱ་རྒོད་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་རང་སྐོར་ལྗོངས་རྒྱུ། “སྟོན་དུས་ཡུལ་སྐོར། སྲིད་དངུལ་གཞོགས་འདེགས། གནམ་གྲུའི་པ་སེ་ཕབ་གཅོག” སྐར་མ་རིམ་པའི་མགྲོན་ཁང་དུ་ཞག་སྡོད་བྱེད་སྐབས་བཅུ་ཆའི་ལྔ་ཕབ་གཅོག་བྱེད་པ་སོགས་གཟིགས་བཟོས་སྲིད་ཇུས་སྣ་མང་ལག་བསྟར་བྱས་པས། ནུས་ཤུགས་ཡོད་རྒུས“ཡུལ་སྐོར་བ་མདོ་ལར་དྲངས་པ”དང་། འཛད་སྤྱོད་གསོན་ཤུགས་ལ་ངར་ཁ་བླུད།གནས་སྐོར་ཁྲོམ་ར་ལེགས་སྒྱུར་བྱས་པ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱ་བ་དང་མཉམ་འདྲེས་གཏིང་ཟབ་སྒོས་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་དག་ཐེར་བྱ་བ་ནན་ཏན་དུ་སྤེལ་བ་དང་། ཡུལ་དང་དངོས་ཟོག་ཉོ་བ། བཟའ་བཏུང་། རིན་གོང་སོགས་ཁྲོམ་རའི་སྒྲིག་སྲོལ་སྔར་ལས་ལྷག་པར་དག་ཐེར་དང་ལེགས་སྒྲིག་བྱས་ལ། མགོ་སྐོར་རྫུན་བཟོ་དང་རིན་གོང་དམའ་བཞིན་དུ་མཐོན་པོར་བཙོང་བ། རིན་གོང་མགོ་སྐོར་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་བྱ་སྤྱོད་ལ་དག་ཐེར་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ཁྲོམ་རའི་སྒྲིག་སྲོལ་གཙང་སེལ་བྱས་ལ་ཚད་ལྡན་དང་སྤུས་ལེགས། སེམས་བདེ་བར་བྱེད་པའི་ཡུལ་སྐོར་སྣང་བརྙན་ལ་བརྟེན་ནས་མཚན་སྙན་རྒྱས་པ་དང་ཁྲོམ་ར་དར་བར་བརྩོན་ལེན་བྱས། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系