སྡེ་ཁུལ་དུ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས།

时事   2024-11-11 20:40   青海  


ཉེ་ཆར།སྐལ་བཟང་མེ་ཏོག་གཞིས་ཁུལ་གྱི་རིག་གནས་ཐང་ཆེན་དུ་མང་ཆུ་གྲོང་རྡལ་རྒྱ་ཐོག་གཞས་མ་གཏམ་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་ཚོས་རོལ་ཆ་སྣ་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་སློབ་གསོ་དང“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་སྡེ་ཁུལ་མང་ཚོགས་ཀྱིས་དམངས་དོན་ཁྲིམས་གཞུང་དང་།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམསསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་རྟོགས་ཐུབ་ཚད་སྔར་བས་ཇེ་ཆེ་བཏང་ 


 དམངས་གཞས་གཏོང་བ་དང་།གསར་བརྗེའི་གླུ་གར་འཁྲབ་སྟོན།དྲིལ་བསྒྲགས་ཡོ་བྱད་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམསསོགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ།སྡེ་ཁུལ་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཇི་ལྟར་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཁྲིད་སྟོན་བྱས་པས་རྒྱ་ཆེའི་སྡེ་ཁུལ་མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་སྔར་བས་ཤེས་རྟོགས་ཐུབ་པ་དང་མེ་ཟོན་བདེ་འཇགས་དང་།ནར་མ་སོན་པའི་མིར་སྲུང་སྐྱོང་།གློག་འཕྲིན་མགོ་སྐོར་སོགས་ཐད་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད།ད་དུང་ཁྲིམས་བཀུར་དང་།ཁྲིམས་སྦྱོང་།ཁྲིམས་སྲུང་།ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད། 

ཐེངས་འདིའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོས་སྡེ་ཁུལ་གྱི་མང་ཚོགས་ཚོས་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་མང་པོ་ཤེས་རྟོགས་བྱུང་། ཡུལ་དངོས་སུ་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁྱོན300ལྷག་ཙམ་སྤྲད་པ་དང་བློ་འདྲི་དང་ལེན་བྱེད་མཁན་མི་ཐེངས8ཟིན་པར་སྡེ་ཁུལ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབཚང་མས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་དེ་བས་ཤེས་རྟོགས་ཐུབ་ནས་གནད་དོན་འཕྲད་སྐབས་བཅའ་ཁྲིམས་འཚོལ་བ་དང་།གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ།འགལ་བ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་བརྗོད།



རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章