ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས།

时事   2024-11-14 21:13   青海  

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་གཏིང་ཟབ་དང་།བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ།བཅའ་ཁྲིམས་ཤེས་བྱ་ཁྱབ་སྤེལ་ཧུར་ཐག་བཅས་བྱས་ནས་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད།ཟླ11པའི་ཚེས11ཉིན།ཀོས་ནན་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཀོས་ནན་འཆད་ཁྲིད་ཀྱི་སློབ་སྦྱོང་སྟེགས་བུར་བརྟེན་ནས་རྫོང་ཨུའི་ཏང་གི་སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་བྱས་པ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གི་ལས་བྱེད་ལས་བཟོ་བ90ལྷག་སློབ་སྦྱོང་ནང་ཞུགས། 

  འཆད་ཁྲིད་ས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའིམཐའ་འཁྱོངས་བཅུ་གཅིགལ་དམ་པོར་དམིགས་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་དགོངས་པ་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་དང་།ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ནན་ཏན་དང་གོ་བ་ལེན་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་དང་ལས་འགན་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།ཁྲིམས་འཛིན་ནན་མོ།གཞུང་དྲང་ཁྲིམས་འཛིན།དམངས་ཡོངས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཀོས་ནན་མགྱོགས་མྱུར་བསྐྲུན་དགོས་པའི་བླང་བྱ་བཏོན། 

 དེ་དང་ཆབས་ཅིག་ད་དུང་དུས་བབ་གསར་པའི་འོག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་དགོས་ངེས་རང་བཞིན་དང་།དོན་སྙིང་གལ་ཆེན།ཞིབ་ཕྲའི་བྱེད་ཐབས་བཅས་ཕྱོགས་གསུམ་ཐད་སྤེལ་རེས་བྱསགོམ་གང་མདུན་སྤོས་ཀྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནས་བབ་གསར་པའི་འོག ཇི་ལྟར་བྱས་ནས་བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་བསྟར་ཡག་པོ་བྱེད་དགོས་པ་དང་།ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ་ཡག་པོར་སྒྲུབ་དགོས་།ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་ཀྱིས་རྫོང་ཨུའི12345ཡི་གོང་སྤེལ་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ནང་དུ་ཐོན་པའི་འགན་ལེན་དང་སྐུལ་འདེད་ཀྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་བརྗོད།    

ཚོགས་འདུའི་བླང་བྱར།གཅིག་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།གཉིས་ནས་སློབ་གསོ་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།གསུམ་ནས་བཅའ་ཁྲིམས་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  




རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章