ཞིང་སྡེ་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་བཅུ་པ།

时事   2024-11-15 19:52   青海  


ཉེ་ཆར།ཀོས་ནན་རྫོང་གིས་རྫོང་ཨུའི་ཞིང་སྡེ་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་བཅུ་པ་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱིས་མཚོ་ལྷོར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་སྲ་བརྟན་སྦྲེལ་མཐུད་ཀྱི་དཔྱད་དཔོག་ལས་དོན་ལག་བསྟར་ཇུས་གཞི་གསལ་འགྲེལ་བྱས་པ།ཞང་གྲོང་དྲུག་གི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་དང་།འབྲེལ་ཡོད་སྡེ་ཚན་གྱི་གཙོ་གནད་ལས་དོན་དང་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་ཞུ་ཉན་པ།གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཆིན་ཀྲི་མིང་གིས་ཚོགས་འདུར་མགོ་འཛིན་གནང་བ་དང་།རྫོང་དཔོན་སྒྲོལ་མ་འབུམ་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་།རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་།རྫོང་ཨུའི་ཞིང་སྡེ་འབྲོག་ཁུལ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ།ཞང་གྲོང་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་བསྟན་དོན།ད་ལོ་ནས་བཟུང་།རྫོང་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“བསམ་བཀོད་གཅིག”དང“གཙོ་གནད་བཅུའི”བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།“མ་མཐའི་མཚམས་ཐིག་སྲུང་བ།སྒུལ་ཤུགས་ཆེར་གཏོང་།དར་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་དོན་ལ་མཉམ་དུ་ཤུགས་སྣོན་མཐའ་འཁྱོངས་བྱེད་པ།མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བ་གཙོ་གནད་དུ་བྱེད་པ་དང་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གཙོ་གནད་ལས་འགན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ཡོད།འོན་ཀྱང་ཞིང་ཆེན་རིམ་པའི་ལྟ་སྐུལ་རོགས་རམ་ཁྲོད་སྔར་བཞིན་གནད་དོན་མི་ཉུང་བ་ཞིག་ཐོན་ཡོད།དེར་བརྟེན།ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་།ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་ཀྱིས《དཔྱད་ཞིབ་བྱ་ཐབས》ལ་ཁྱོན་ཡོངས་ནས་ལྟ་སྡུར་བྱེད་པ།ལས་དོན་དོན་འཁྱོལ་བྱས་ཚུལ་ལ་སླར་ཡང་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི“དམག་འཐབ་ཡག་པོའི”རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན།རྫོང་ཡོངས་ཀྱི་བསམ་བཀོད་གཅིག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་།ན་ནིང་གི་རྒྱལ་ཁ་ཐོབ་པའི་བྱ་བའི་ཉམས་མྱོང་དང་བྱ་ཐབས་མུ་མཐུད་སྤྱོད་པ།དམིགས་ཚད་གཙོ་བོར་དམིགས་པ།འགག་སྒྲོལ་བྱ་ཐབས་ཤུགས་ཆེར་གཏོང་བ།“ཞིབ་ཚགས”ལ་དམིགས་པ།“གྲ་སྒྲིག”ལ་སེམས་ནུས་འདོནཔ།“བརྩོན་ལེན”ལ་ཤུགས་རྒྱག་པ་བཅས་བྱས་ནས་བྱ་བའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོསགཅིག་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་བྱ་བ་རྒྱུན་མཐུད་དུ་དམ་འཛིན་བྱ་དགོས།གཉིས་ནས“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་མུ་མཐུད་དམ་འཛིན་བྱེད་དགོས།གསུམ་ནས་བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལ་མུ་མཐུད་དམ་འཛིན་བྱེད་དགོས།བཞི་ནས་མ་དངུལ་གྱི་རྣམ་གྲངས་དོ་དམ་རྒྱུན་མཐུད་དམ་འཛིན་བྱེད་དགོས།ལྔ་ནས་ལས་མིའི་ལས་ཞུགས་རྒྱུན་མཐུད་དམ་འཛིན་བྱེད་དགོས།དྲུག་ནས“སྦྲང་ཆར་འཆར་གཞིའི”འགུལ་རྣམ་རྗེས་འདེད་ལ་མུ་མཐུད་དམ་འཛིན་བྱེད་དགོས།བདུན་ནས་རོགས་དངུལ་དོ་དམ་ལ་མུ་མཐུད་དམ་འཛིན་བྱེད་དགོསབརྒྱད་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་དམ་འཛིན་བྱེད་དགོས།དགུ་ནས་གཞི་གྲངས་སྤུས་ཚད་ཇེ་མཐོ་འགྲོ་རྒྱུར་མུ་མཐུད་དམ་འཛིན་བྱེད་དགོསབཅུ་ནས་ཞིང་ཆེན་རིམ་པའི་ལྟ་སྐུལ་ཞིབ་བཤེར་དང་ཚུར་ལན་གནད་དོན་དག་ཐེར་ལ་མུ་མཐུད་དམ་འཛིན་བྱེད་དགོས    བཅུ་གཅིག་ནས་གཙོ་གནད་དམིགས་ཚད་ལ་དམིགས་ནས་ཕྱོགས་ཡོངས་ནས་རང་བཤེར་བྱེད་དགོས། 

 ཚོགས་འདུའི་རེ་བར།གཅིག་ནས་ངོས་འཛིན་མཐོར་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་དགོས།གཉིས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱེད་དགོས།གསུམ་ནས་སྒྲིག་ཁྲིམས་དམ་པོ་བཟོས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།    


རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章