དྲོད་རླངས་མཁོ་འདོན་ལས་དོན་ལ་ཞིབ་བཤེར་བྱས།

时事   2024-11-20 19:43   青海  

 

ཟླ11པའི་ཚེས18ཉིན་གྱི་དགོང་མོར།རྫོང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྒྲོལ་མ་འབུམ་གྱིས་དྲོད་རླངས་མཁོ་འདོན་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་བཤད་བྱས་དོན།དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་འབྲེལ་ཡོད་སྡེ་ཚན་དང་དྲོད་རླངས་མཁོ་འདོན་ཚན་པས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་།དྲོད་རླངས་མཁོ་འདོན་གྱི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་མོ་བྱེད་པ།ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ།འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དྲོད་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་དགོས།སྒྲོལ་མ་དོན་གྲུབ་ཀྱིས་ལྟ་ཞིབ་ཕེབས་རོགས་བྱས།    

ཞུའེ་ཧྲུན་ཡུན་དང་སྒྲོལ་མ་འབུམ་སྔ་རྗེས་སུ་དྲོད་རླངས་མཁོ་འདོན་ཚན་པ་དང་།སྐལ་བཟང་གཞིས་ཁུལ།གཙང་འགྲམ་གཞིས་ཁུལ་བཅས་ཀྱི་སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་ནས་ཉེ་དུས་ཀྱི་དྲོད་རླངས་མཁོ་འདོན་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་།མང་ཚོགས་ཀྱི་རེ་འབོད་ཉན་པ།ཡུལ་དངོས་སུ་ཁང་པའི་དྲོད་ཚད་འཇལ་བ་བཅས་བྱས་ནས་མང་ཚོགས་ཀྱི་དྲོད་རླངས་མཁོ་འདོན་གནད་དོན་ཐག་གཅོད་བྱེད་རོགས་བྱས། འབྲེལ་ཡོད་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“དམངས་འཚོར་དྲོད་སྐྱིད་སྦྱིན་པའི”དོན་ཆེན་ཨང་དང་པོར་བརྩིས་ཏེ་དྲོད་རླངས་མཁོ་འདོན་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་དཀའ་གནད་སྣ་ཚོགས་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱེད་དགོས་པ་བསྟན།  

ཞུའེ་ཧྲུན་ཡུན་དང་སྒྲོལ་མ་འབུམ་གྱི་བླང་བྱ་ལྟར།རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་དང་དྲོད་རླངས་མཁོ་འདོན་ཚན་པས་རྫོང་ཡོངས་ཀྱི་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་གསེད་བཀྲོལ་ནན་ཏན་བྱས་ནས་དྲོད་རླངས་མཁོ་འདོན་གྱི་ཞབས་ཞུའི་འགན་ལེན་ལས་དོན་ཁྱོན་ཡོངས་དང་ཞིབ་ཚགས་ངང་སྒྲུབ་དགོས།དྲོད་རླངས་མཁོ་འདོན་ཚན་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་།ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ།བྱ་བའི་ཚད་གཞི་མཐོ་རུ་གཏོང་བ།གནད་དོན་མི་འདང་བ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ།བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་དྲོད་ཚད་འཕར་གནོན་ཡོང་བར་སྔར་བས་ཤུགས་སྣན་ཏེ་ནུས་ཤུགས་ཡོད་རྒུས་དྲོད་མཁོ་འདོན་བྱེད་རིང་གི་འཁོར་སྐྱོད་ལས་དོན་ཁག་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།   
                          

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章