ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། སྤྱི་ཚོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་མིན་དང་འབྲེལ་བ་ངེས་ཅན་ཡོད། དུས་རབས་གསར་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ནས། སྤྱི་ཚོགས་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་གྲུབ་ཆར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ལྷག་པར་དུ་གསར་དར་ཁྱབ་ཁོངས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་འབོར་ཆེན་རིམ་པར་ཐོན་བཞིན་ཡོད་ལ། ལས་ཞུགས་ཚོགས་སྤྱི་གསར་པའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་པ་བཅས་ཀྱི་དབང་གིས། སྤྱི་ཚོགས་ལས་དོན་དེ་གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་སྐབས་ངེས་པར་དུ་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པ། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་ལས་དོན་མངོན་གསལ་སྒོས་དམ་འཛིན་ཡག་པོ་བཅས་བྱས་ནས། གསར་དར་ཁྱབ་ཁོངས་ནང་གི་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུར་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས། རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཏང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས་པ་དང་། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་འགུལ་སྐྱོད་སྤེལ་བ་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་དགོས་ཤིང་ཏང་འཛུགས་སྐྱོང་ལའང་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་སྒོས་སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། སྤྱི་ཚོགས་ལས་དོན་སྡེ་ཁག་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོནཔ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལག་ལེན་དང་འཚོལ་ཞིབ་བྱེད་ཕོད་པ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།
ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་ཟླ11པའི་ཚེས5ཉིན་ནས་ཚེས6ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་ཟླ11པའི་ཚེས5ཉིན་ནས་ཚེས6ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གཟིགས་རྒྱང་རིང་བ་དང་གནད་ལ་འཁེལ་བ་ཞིག་ཡིན་པས། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པར་མ་ཟད། དེས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་མཛད་ཡོད་པས། ང་ཚོས་ངེས་པར་དུ་དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་ལས་དོན་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་དགོས་དོན་དང་སྤྱི་ཚོགས་ལས་དོན་ལ་ཤུགས་ཇི་ལྟར་སྣོན་དགོས་པའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བར་མ་ཟད། དེའི་སྐོར་ནས་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རྩ་བའི་རྩ་དོན་དང་རིན་ཐང་གི་འཕེལ་ཕྱོགས། འཕེལ་རྒྱས་ཁ་ཕྱོགས། ལས་འགན་གཙོ་བོ། རྨང་གཞིའི་འགན་ལེན་སོགས་ཀྱི་སྐོར་ནས་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོར་སྒྲུབ་པའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་བཅས་བྱས་ཏེ། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་བཏང་ནས། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་ལ་ཤུགས་སྣོན་རྒྱུ་དེ་གལ་འགངས་ཆེན་པོར་བརྩིས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་དང་། རིགས་དབྱེའི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་ལས་དོན་གཙོ་གནད་དུ་ཡག་པོར་འཛིན་པ། ཏང་རྩ་འཛུགས་ཀྱི་ཁེབས་ཚད་དང་ལས་དོན་ཁེབས་ཚད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གསར་དར་ཁྱབ་ཁོངས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་འཛུགས་དང་བཅོས་སྒྱུར་གོང་སྤེལ་མུ་མཐུད་དམ་འཛིན་གང་ལེགས་བྱེད་དགོས། ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཁུར་པོ་ལྕི་དྲག་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱས་ཏེ། གཞི་རིམ་ལ་ནུས་པ་སྤྲོད་པ་དང་ཁུར་པོ་ཇེ་ཡང་དུ་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སོ་སོ་ཏན་ཏིག་ངང་ཡག་པོར་སྒྲུབ་ནས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་གཞི་བསྡུ་ལེན་ཡག་པོ་བྱེད་པ། དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཚོགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ལས་དོན་པའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ལི་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས། ལི་ཧྲུའུ་ལའེ་དང་ཁྲིན་ཝུན་ཆིང་། མུའུ་ཧུང་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། པེ་ཅིན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧྲའན་ཞི་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི། ཁེ་ལས་ཁག་ཅིག མཐོ་རིམ་སློབ་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། །
རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།