པར་རིས་གསར་འགྱུར།

时事   2024-11-18 20:18   青海  

པར་རིས་གསར་འགྱུར། 

ཉེ་ཆར། མར་སྟེང་ཆུ་གློག་ས་ཚིགས་ཀྱི་ལོ་གཅིག་གི་གློག་འདོན་ཚད་ཐེངས་དང་པོར་དུང་ཕྱུར20བརྒལ་ནས། སྟོང་ཝ་དུང་ཕྱུར20.16ལ་སླེབས་ཤིང་། ལོ་གཅིག་གི་དམིགས་འབེན་ལས84.6%ལེགས་འགྲུབ་བྱུང་སྟེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་དང་། ལོ་ཧྲིལ་པོའི་གློག་འདོན་དམིགས་འབེན་ཡོངས་སུ་འགྲུབ་པར་རྨང་གཞི་བརྟན་པོ་བཏིངས། རྒྱུས་ལོན་པ་ལྟར་ན། ད་ལོ་ནས། མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ལོ་ཧྲིལ་པོའི་ཐོན་སྐྱེད་དམིགས་འབེན་ལས་འགན་ལ་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་སྒྲིག་ཆས་སྒྲིག་འགོད་ཀྱི་བྱ་བ་སྣ་སྒོ་མང་པོ་ནས་སྤེལ་ལ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཚོད་འཛིན་ནུས་པ་མཐོར་འདེགས་བཏང་ཞིང་། ཡུལ་དངོས་ལས་གཉེར་པས“ཞིབ་ཆ་ལ་གཟབ་པ་དང་གནད་དོན་འཚོལ་བ་དང་དོ་དམ་འཛིན་པའི”བྱ་འགུལ་གཏིང་ཟབ་ཏུ་སྤེལ་བས། སྒྲིག་ཆས་ཀྱི་ཉེན་ཁ་དུས་ལྟར་སེལ་བ་དང་། སྒྲིག་ཆས་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་ཁག་ཐེག་སྒོས་གློག་འདོན་གྱི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཏེ། སྒྲིག་ཆས་ཀྱི་གློག་འདོན་ལ་སྲུང་སྐྱོང་གང་ལེགས་བྱས། འདི་ནི་མར་སྟེང་གློག་འདོན་ས་ཚིགས་ཀྱི་ཁོར་ཡུག་རྣམ་པ་རེད། །

རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཆགས། དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་ཡིན། “རྨ་ཆུའི་འགོ་ཁུངས་དང་མཚེའུ་སྟོང་གི་ཕ་ས”ཞེས་པའི་སྙན་པ་ཆེ་ལ། རྫོང་ཁོངས་སུ་ཆུ་དང་མཚེའུ་མང་། མཚེའུ་ཆེ་ཆུང་སྣ་ཚོགས5849ཙམ་ཡོད་ལ། མཚོ་སྐྱ་རིང་སྔོ་རིང་ཞེ་ན་ལྷག་པར་གྲགས་ཆེ་བའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡིན། ཟླ11པའི་ཚེས5ཉིན། གསར་འགོད་པས་རྨ་ཆུའི་འགོ་ཁུངས་ཀྱི་དགུན་ལྗོངས་པར་དུ་བླངས་ཤིང་། སྔོ་བསངས་ནམ་མཁའ་དང་གངས་རིའི་མུ་རྒྱུད། མཚོ་རླབས་ཀྲིག་ཀྲིག་གིས་རང་བྱུང་གི་མཛེས་པ་མ་ལུས་རི་མོར་བྲིས་པ་ལྟར་སྣང་།


ཉེ་ཆར། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་གཤོང་གཤན་བོད་རིགས་ཞང་ས་སོ་མ་སྡེ་བའི་མཚམས་ཀྱི་རྨ་ཆུའི་འགྲམ་ངོགས་སུ། ཡུལ་སྐོར་པ་མང་པོ་སླེབས། ས་སོ་མ་སྡེ་བར་བརྗིད་ཉམས་ལྡན་པའི་རི་རྒྱུད་དང་ཚང་ཚིང་འཁྲིགས་པའི་ནགས་ཚལ། དྭངས་ཤིང་གཙང་བའི་རྨ་ཆུ་སོགས་རང་བྱུང་མཛེས་ལྗོངས་རི་མོར་བྲིས་འདྲ་ཡོད། གནས་དེའི་མཁའ་དབུགས་གཙང་ལ་ཁོར་ཡུག་ལྷིང་ཞིང་འཇགས་པས། ཡུལ་སྐོར་པ་རྣམས་ཀྱིས་གྲོང་ཁྱེར་གྱི་འུར་ཟིང་མེད་པའི་རང་བྱུང་ཁམས་ཀྱི་ལྷིང་འཇགས་དང་མཛེས་པ་དེ་མྱོང་ཆོག་པ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章