གྲོང་ཁྱེར་ལས་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

时事   2024-11-16 12:01   青海  


ཟླ11པའི་ཚེས12ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་པ་མ་ཟད་ཤིས་ཚིག་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་གནང་།

ཚོགས་ཞུགས་ཆེད་མཁས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་གྲོང་ཁྱེར་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་གནང་ནས། གྲོང་ཁྱེར་ཁྱབ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དེར་མི་དམངས་རང་བཞིན་དང་། ལག་ལེན་རང་བཞིན། དུས་རབས་རང་བཞིན་བཅས་མངོན་གསལ་དོད་པོ་ལྡན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་བྱ་རྒྱུ་དེ་གྲོང་ཁྱེར་གྱི་དཔལ་ཡོན་གྱི་མཐོ་ཚད་ཐོག་སླེབས་པར་བྱེད་པ་དེ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཞིག་ཡིན་ལ། རང་རེའི་ཏང་གིས་སྲིད་སྐྱོང་ཆོས་ཉིད་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་པ་ཞིག་ཀྱང་མཚོན་ཡོད་པས། དུས་རབས་གསར་པའི་གྲོང་ཁྱེར་གྱི་ལས་དོན་ཡག་པོར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པར་འདོད།

ཚོགས་ཞུགས་ཆེད་མཁས་པས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་གྲོང་ཁྱེར་དམངས་ཀྱི་ཆེད་ཡིན་པ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་དང་། འཁོར་སྐྱོད། བཅོས་སྐྱོང་བཅས་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཐུན་མོང་ཐོག་བསྐྲུན་དགོས། གྲོང་ཁྱེར་གྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་གྱི་ལོ་རྒྱུས་སྲོག་རྩ་སྲུང་སྐྱོང་གིས་གྲོང་ཁྱེར་གྱི་དཔལ་ཡོན་འཛུགས་སྐྱོང་སྔར་བས་ཡག་པོ་བྱེད་པ་དང་། དཔལ་ཡོན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བགྲོ་གླེང་ཚོགས་འདུ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་། ཧྲང་ཧའེ་གྲོང་ཁྱེར། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་ཆེད་མཁས་པ་དང་མཁས་དབང་ཚོགས་འདུར་ཞུགས་ཡོད། །


ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།


རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章