མཚོ་སྔོན་གྱིས《ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས》འདི་འདྲ་བ​ཏོན་པ།

时事   2024-11-15 19:52   青海  


ཟླ11པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་ལས་གཞི་འཛུགས་སྐྲུན་མ་དངུལ་དོ་དམ་བྱེད་ཐབས》(གཤམ་ནས《བྱེད་ཐབས》ཞེས་བསྡུ་རྒྱུ)བཟོས་ནས་དཔར་འགྲེམ་བྱས་ཤིང་། སྲིད་སྐྱོང་ནུས་པ་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ། སྤྱི་ཚོགས་བཅོས་སྐྱོང་། དཔལ་འབྱོར་བཅོས་སྐྱོང་། ཁྲོམ་རའི་ལྟ་སྡོམ། སྤྱི་པའི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་མཐོར་འདེགས་པའི་དོ་དམ་ཞབས་ཞུ་ཕྱོད་ནུས་ཀྱི་སྲིད་དོན་ཆ་འཕྲིན་ཅན་གྱི་ལས་གཞི་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ་རེད། འཆར་འགོད་སྤྱི་འདོམས་དང་ཧྲག་བསྡུས་འཛུགས་སྐྲུན། ཆ་འཕྲིན་མཉམ་སྤྱོད། ལས་སྒོ་མཐུན་སྦྱོར། བདེ་འཇགས་ཕྱོད་མཐོའི་ཆེད་དོན་མ་དངུལ་བེད་སྤྱོད་དོ་དམ་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཆེད་དོན་མ་དངུལ་བེད་སྤྱོད་དོ་དམ་ཇེ་དྲག་ཏུ་གཏོང་བ། ཆེད་དོན་མ་དངུལ་བེད་སྤྱོད་ཕན་ཕྱོད་མཐོར་བཏེགས་ཏེ། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་གྱི་ཕན་འབྲས་ལ་བརྟེན་ནས་གྲངས་འཛིན་མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པར་ཁག་ཐེག་བྱ་རྒྱུ་རེད།

《བྱེད་ཐབས》ལས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་ལས་གཞི་གྲོས་མཐུན་ལམ་སྲོལ་གྱི་ཁོངས་གཏོགས་ལས་ཁུངས་དང་མཉམ་དུ་ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་ལས་གཞི་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་པོའི་དོ་དམ་ལ་སྤྱི་འདོམས་སྒོས་འགན་འཁུར་བ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོའི་འཛུགས་སྐྲུན་དགོས་མཁོ་བཅས་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་ལས་གཞིའི་ལོ་གཅིག་གི་འཛུགས་སྐྲུན་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། ཆེད་དོན་མ་དངུལ་བགོ་འགྲེམ་འཆར་གཞི་དང་བྱས་འབྲས་དམིགས་འབེན་བཏོན་པ་དང་། ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོས་བེད་སྤྱོད་དང་གོ་ཆོད། བཀོལ་ལེགས་བཅས་ཀྱི་རྩ་དོན་ལྟར། རྩེ་རིམ་འཆར་འགོད་དང་ཧྲག་བསྡུས་ཇུ་འགོད་ལ་ཤུགས་སྣོན་པ་དང་། ནང་ཁུལ་སྤྱི་འདོམས་ལམ་སྲོལ་འཐུས་ཚང་འཛུགས་པ། རང་སྡེ་ཁག་གི་སྲིད་དོན་ཆ་འཕྲིན་རྒྱུད་ཁོངས་སུ་ལས་གཞི་གསོག་འཇོག་དང་སྙན་ཞུ། ལག་བསྟར། མ་དངུལ་དོ་དམ་དང་ཞིབ་བཤེར་རྩིས་ལེན་རྩ་འཛུགས། བྱས་འབྲས་དོ་དམ་སོགས་ཀྱི་ལས་དོན་གཅིག་གྱུར་གྱིས་སྤེལ་རྒྱུའི་བླང་བྱ་བཏོན།

《བྱེད་ཐབས》ལས། ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་ལས་གཞི་འཛུགས་སྐྲུན་གྱིས་འཆར་འགོད་སྤྱི་འདོམས་དང་མཉམ་སྐྲུན་མཉམ་སྤྱོད། ལས་སྒོ་མཐུན་སྦྱོར། བདེ་འཇགས་བློས་འཁེལ་བཅས་ཀྱི་རྩ་དོན་སྲུང་བ་དང་། རྩ་དོན་ཐོག་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་སྲིད་དོན་སྤྲིན་དང་གློག་རྡུལ་སྲིད་དོན་ཕྱི་དྲའམ་ནང་དྲ་སོགས་ལ་ངེས་པར་དུ་བརྟེན་ནས་ཧྲག་བསྡུས་ཅན་གྱི་འཛུགས་སྐྲུན་སྤེལ་བ། རིམ་བགོ་རིམ་འགྲེམ་འཛུགས་སྐྲུན་གྱི་ལས་སྒོ་རྒྱུད་ཁོངས་དང་གཞི་གྲངས་ཐོན་ཁུངས་སྡུད་སྒྲིག་བྱེད་པའི་ལས་གཞི་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ། སྡེ་ཁག་བརྒལ་བ་དང་བང་རིམ་བརྒལ་བའི་མཉམ་སྐྲུན་མཉམ་སྤྱོད་ལས་གཞི་བཅས་ལ་བརྟེན་ནས། ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་རྒྱུད་ཁོངས་ཀྱི་སྡེ་ཁག་བརྒལ་བ་དང་བང་རིམ་བརྒལ་བའི་མཉམ་འབྲེལ་མཉམ་མཐུད་དང་ཆ་འཕྲིན་མཉམ་སྤྱོད། ལས་སྒོ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

《བྱེད་ཐབས》ལས། དྲ་རྒྱའི་བདེ་འཇགས་ཀྱི་མཐའ་ཐིག་རིགས་ལམ་རྒྱུན་འཁྱོངས་བྱེད་པ་དང་། གསར་དུ་བཟོས་པའི་གསང་འབྲེལ་མེད་པའི་རྩིས་འཁོར་ཁང་དང་སྒེར་དབང་སྤྲིན་སྟེགས་བུ། མཉམ་སྐྲུན་མཉམ་སྤྱོད་མཉམ་རོལ་མ་ཡིན་པའི་རྨང་གཞི་སྒྲིག་ཆས་སོགས་རྩ་དོན་ཐོག་རྒྱབ་སྐྱོར་མི་བྱེད་པའི་བྱེ་བྲག་གི་གནས་ཚུལ་གསལ་པོར་འགོད་པ། ཡང་བསྐྱར་འཛུགས་སྐྲུན་དང་སྔོན་ལ་འཛུགས་སྐྲུན་གྱི་བླང་བྱ་གསལ་པོར་བཟོས་ཏེ། ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོས་ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་གྱི་ལས་གཞི་གྲོས་མོལ་ལམ་སྲོལ་གྱི་ལྟ་སྐུལ་དོ་དམ་རང་འགུལ་གྱིས་དང་ལེན་བྱེད་པ། ལས་གཞི་འཛུགསས་སྐྲུན་དེ་རྒྱལ་ཁབ་སྲིད་དོན་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་དོ་དམ་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་སྲིད་དོན་ཆ་འཕྲིན་ཅན་གྱི་ལས་གཞི་འཛུགས་སྐྲུན་དོ་དམ་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་བླང་བྱ་དང་འཚམ་ལ། ཆེད་དོན་མ་དངུལ་གཏོང་བའི་ཁ་ཕྱོགས་ཡང་དག་པར་སྡོམ་པའི་བླང་བྱ་བཏོན། ། 


ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།


རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章