གྲོང་མིར་རིན་མེད་ལུས་པོར་བརྟག་དཔྱད་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོགས།

时事   2024-11-13 19:58   青海  


ཉེ་ཆར།ཀོས་ནན་རྫོང་གིས་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་ཀྱི་ལུས་པོར་བརྟག་དཔྱད་དང་བུད་མེད་དང་བྱིས་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ་རྫོང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གཙོ་གནད་ལས་དོན་དང་།ལོ་འཁོར་གྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་བརྡ་ཁྱབ་བཏང་།འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཞིང་ཆེན་རིམ་པའི་ལྟ་སྐུལ་ཚུར་ལན་གནད་དོན་དག་ཐེར་དང་དམངས་ཡོངས་ཀྱི་རིན་མེད་བདེ་ཐང་བརྟག་དཔྱད་སོགས་མིག་སྔའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་འདུར་མགོ་འཛིན་བྱས་པ་དང་།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མགོན་པོ་ཐར་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

   ཚོགས་འདུའི་ཐོག་བསྟན་དོན།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་ཀྱི་ལུས་པོར་བརྟག་དཔྱད་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གི་སྨན་བཅོས་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་སྐུལ་འདེད་བཏང་ནས་དམངས་ཡོངས་ལ་ཕན་པ་ཐོབ་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་ཏན་ཏིག་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་ཡིན།ཞང་གྲོང་ཁག་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁག་གིས“མི་དམངས་དང་། ཚེ་སྲོག བདེ་ཐང་བཅས་གོང་དུ་བཀུར་བའི”འདུ་ཤེས་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ལངས་ཏེ་དཀའ་གནད་དང་འགག་གནད་ལ་དམིགས་པ་དང་།འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།བྱ་བའི་བྱེད་ཐབས་ལེགས་སུ་གཏོང་བ།བྱ་བའི་སྤྱོད་ཚུལ་དངོས་སྒྲུབ་བཅས་བྱས་ནས་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་འགན་ལེན་བྱེད་དགོས།   ཚོགས་འདུའི་རེ་བར།གཅིག་ནས་འགན་འཁྲིའི་ཐད་སླར་ཡང་དོན་འཁྱོལ་བྱེད་དགོས།གཉིས་ནས་རྩ་འཛུགས་ཀྱི་ཐད་ལ་སླར་ཡང་ཤུགས་སྣོན་དགོས།གསུམ་ནས་དྲིལ་བསྒྲགས་བྱེད་རྒྱུའི་ཐད་སླར་ཡང་ཤུགས་སྣོན་དགོས།བཞི་ནས་སྐུལ་སྒྲུབ་ཐད་ལ་སླར་ཡང་ཤུགས་སྣོན་དགོས།ལྔ་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་པའི་ཐད་ནས་སླར་ཡང་འགག་སྒྲོལ་བྱ་དགོས།ཞང་གྲོང་དྲུག་གི་སྲིད་གཞུང་གི་ལས་བགོས་གོ་ཁྲིད་དང་།རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིགོ་ཁྲིད་ཚན་ཁག་གི་ཁོངས་མི།ཞང་གྲོང་ཁག་གི་འཕྲོད་བསྟེན་ཁང་གི་མགོ་གཙོ་བཅས་དང་མང་ཆུ་གྲོང་རྡལ་སྡེ་ཁུལ་ཁག་གི་ཀྲུའུ་རེན་བཅས་ཁྱོན་མི20ལྷག་ཚོགས་འདུར་ཞུགས  


རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章