ཕོ་བའི་སྐྲན་ནད་འདི་ལ་གཟབ་དགོས།

时事   2024-12-14 10:01   四川  

ཕོ་བའི་སྐྲན་ནད་འདི་ལ་གཟབ་དགོས། 

རྒྱལ་ཁབ་ཀྱི་སྐྲན་ནད་སྔོན་འགོག་འཆར་འགོད་ལྟེ་གནས་ཀྱིས་སྤེལ་བའི་གཞི་གྲངས་གསར་ཤོས་ནང་མངོན་པ་ལྟར་ན།རྒྱལ་ཡོངས་ཀྱི་ལོ་རེར་ཕོ་སྐྲན་ན་མཁན་གྱི་གྲངས་ཀ་ཁྲི་35ལས་བརྒལ་ཡོད། སྲོག་ཉེན་ཅན་གྱི་སྐྲན་ནད་ཡོངས་ཀྱི་གྲས་ནས་ཨང་5པ་ཡིན་ལ། འཆི་བའི་མི་གྲངས་ཁྲི་35ལས་བརྒལ་ཡོད་པས་སྲོག་ཉེན་ཆེ་བའི་སྐྲན་ནད་ཡོངས་ཀྱི་གྲས་ནས་ཨང་3པ་ཡིན་ཏེ། ཉེ་བའི་ལོར་ན་གཞོན་ཁྲོད་ཀྱི་ཕོ་སྐྲན་ནད་པའམ་ན་ཉེན་ཆེ་བའི་རིགས་ཇེ་མང་ཕྱིན་ཡོད་པས་གོ་ལ་ཧྲིལ་པོས་སྣང་མེད་གཏོང་ཐབས་མེད་པས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་རེད།

ཕོ་སྐྲན་ནི་བཟང་བཏུང་དང་འབྲེལ་བ་ཆེན་པོ་ཡོད་པས་ན་གཞོན་ཚོས་དེ་ལ་ཉེན་ཟོན་བྱ་རྒྱུ་གལ་ཆེ།

ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཁོང་གཏོགས་སྨན་ཁང་དང་པོའི་ཕོ་བ་དང་རྒྱུ་མའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན། དགེ་རྒན་ཆེན་མོ་ཆིན་ཅི་ཁྲའོ་ཡིས་ནད་བཅོས་བྱས་པའི་ནད་པའི་ཁྲོད་ལོ་ཆུང་ཤོས་དེ་ལོ་18ལས་ཟིན་མེད། ཁོང་གིས་ད་དུང་ནད་པ་འདིའི་ཁྱད་ཆོས་གཞན་ཞིག་ནི་རྒྱུན་པར་བསྲོ་བསྲེག་ཟས་རིགས་དང་དུད་སྐམ་ཟས་རིགས་སོགས་བཟའ་བར་དགའ་བས་ཕོ་སྐྲན་ནད་སློང་ཉེན་ཆེ་བ་རེད་ཟེར།

སྨན་པས་སྨན་བཅོས་བྱེད་སྐབས་ཕོ་སྐྲན་ཕོག་པའི་ནད་པ་ལོ་གཞོན་དེ་ནམ་རྒྱུན་གཟའ་འཁོར་རེའི་ནང་བསྲེག་ཟས་ཐེངས་གསུམ་རེ་བཟའ་བཞིན་ཡོད་པ་ཤེས། ད་ལྟ་ནད་པ་དེ་རྨ་ཕྲན་གཤགས་བཅོས་བྱས་ནས་ཕོ་བའི་གསུམ་ཆ་གཅིག་བཅད་དགོས་བྱུང་བ་དང་ད་ལྟ་སྨན་ཁང་ནས་བུད་ཚར་བ་རེད།

གསར་འགོད་པས་པེ་ཅིན་དང་ཧྲང་ཧའེ་ཀྲེ་ཅང་སོགས་ས་གནས་མང་པོའི་སྨན་པར་བཅར་འདྲི་བྱེད་སྐབས། སྨན་པ་མང་པོ་ཞིག་གིས་འདི་ལྟ་བུའི་ཕོ་སྐྲན་ཕོག་མཁན་ལོ་གཞོན་ནད་པ་མངོན་གསལ་གྱིས་ཇེ་མང་འགྲོ་བཞིན་ཡོད་པ་མ་ཟད་འགའ་རེ་ད་དུང་ལོ་བཅུ་ཁ་ཙམ་གྱི་ན་མ་སོན་པའི་མི་རེད་ཅེས་བཤད།

པེ་ཅེན་སློབ་ཆེན་གྱི་འཇུ་ལམ་སྨན་ཁང་ཨང་གསུམ་པའི་ཀྲུའུ་རེན་སུང་ཀྲི་ཆང་གིས་བརྒྱ་ཆ་80%ཡི་ཕོ་བའི་སྐྲན་ནད་ནི་ཕོ་ཞབས་འཁྱུལ་སྲིན་༼幽门螺杆菌༽དང་འབྲེལ་བ་ཡོད་པས་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པ་རེད། དཔེར་ན་ཟས་མི་འཇུ་བའི་ནད་རྟགས་དང་འཇུ་ལམ་གྱི་སྨུག་པོའི་ནད། དལ་བའི་རང་བཞིན་གྱི་ཕོ་ཁུམ་གཉན་ཚད་འདི་དག་ནད་སྲིན་དང་འབྲེལ་བ་དམ་པོ་ཡོད་པ་རེད། རང་རྒྱལ་དུ་ཕལ་ཆེར་མི་འབོར་ཕྱེ་ཙམ་ལ་ནད་སྲིན་འགོས་ཡོད་པས། ཕོ་ཞབས་འཁྱུལ་སྲིན་༼幽门螺杆菌༽གྱི་ནད་རྔ་བཅད་པར་ཕོ་བའི་ནད་ཀྱི་འབྱུང་ཁུངས་སམ་ནད་རྐྱེན་སྔོན་འགོག་བྱ་རྒྱུ་གལ་ཆེ་བ་རེད་ཅེས་བཤད།

པེ་ཅེན་སློབ་ཆེན་གྱི་སྐྲན་ནད་སྨན་ཁང་གི་ཕོ་བ་དང་རྒྱུ་མའི་སྐྲན་ནད་ནད་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཧྲའན་ཧྥེ་ཡིས་ད་ལྟའི་གཞི་གྲངས་བསྡོམས་རྩིས་བྱས་པར་གཞིགས་ན་ཡུན་རིང་ཕོ་ཞབས་འཁྱུལ་སྲིན་༼幽门螺杆菌༽ན་མཁན་རྣམས་ཕོ་སྐྲན་ན་བའི་ཉེན་ཁ་ནི་རྒྱུན་ལྡན་གྱི་མི་ཚོགས་ནང་ལྡབ་6ལས་ཆེ་བ་རེད་ཅེས་བཤད།

ལྷག་པར་དུ་ཆེད་མཁས་པས་ཕོ་བའི་སྐྲན་ནད་ནི་བཟང་བཏུང་ལས་བྱུང་བའི་སྐྲན་ནད་ཞིག་ཡིན་པས་ནད་བསླང་རྐྱེན་ཡང་བཟའ་བཏུང་དང་འབྲལ་ཐབས་མེད་པ་ཞིག་ཡིན་པ་བསྟན།

རྒྱལ་ཁབ་ཀྱི་སྐྲན་ནད་ལྟེ་གནས། ཀྲུང་གོའི་གསོ་རིག་སློབ་གླིང་གི་སྐྲན་ནད་སྨན་ཁང་གཤེར་རྨན་དང་ཕོ་བའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཏུང་པིང་གིས་ས་ཆ་འགའ་ཤས་ཀྱི་མི་རྣམས་སྙལ་ཚལ་དང་བསྙལ་བའི་ཉ་ཤ་བཟའ་རྒྱུར་དགའ་པོ་ཡོད། ས་ཆ་དེ་དག་ནི་ཕོ་བའི་སྐྲན་ནད་ཕོག་མཁན་མང་ས་ཡིན་པ་བཤད།

ཕོ་བའི་སྐྲན་ཐོག་མའི་དུས་སུ་ནད་རྟགས་མངོན་གསལ་མིན་པས་རྒྱུན་པར་བརྟག་དཔྱད་བྱ་རྒྱུ་གལ་ཆེ།

གསར་འགོད་པས་བཅར་འདྲི་ཞུས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཕོ་བ་མི་བདེ་བའི་ནད་པ་མང་ཤོས་ཤིག་ནད་རྟགས་ཆོད་རྗེས་ཕོ་བའི་སྐྲན་ནད་གྱུར་ཚར་ཡོད་ལ། ཕལ་ཆེ་ཤོས་ནད་འཕར་བཞིན་པའི་སྐབས་ཡིན་པ་རེད། ཆེད་མཁས་པས་ཕོ་བའི་སྐྲན་ཐོག་མའི་དུས་སུ་ནད་རྟགས་མངོན་གསལ་མིན་པས་རྒྱུན་པར་བརྟག་དཔྱད་བྱ་རྒྱུ་གལ་ཆེ་བ་བསྟན།

རྒྱལ་ཁབ་ཀྱི་སྐྲན་ནད་ལྟེ་གནས། ཀྲུང་གོའི་གསོ་རིག་ཚན་ཁག་སློབ་གླིང་གི་སྐྲན་ནད་སྨན་ཁང་གི་གཤེར་རྨན་དང་ཕོ་བའི་ཕྱི་ནད་ཚན་ཁག་ཀྲའོ་ཏུང་པིང་གིས་ཕོ་བའི་སྐྲན་ནད་ཀྱི་ནད་རྟགས་ཤེས་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕོ་སྐྲན་ཐོག་མར་ན་དུས་ནད་རྟགས་གང་ཡང་མེད་པ་རེད། ནད་རྟགས་མངོན་ཡོང་དུས་མང་ཆེ་ཤོས་ནད་འཕར་བཞིན་པའི་སྒང་ཡིན་པ་རེད། གལ་ཏེ་ཕོ་བའི་སྐྲན་ནད་ཡོད་པ་སྔར་ཙམ་ནས་ཤེས་དགོས་ན་བརྟག་དཔྱད་བྱ་རྒྱུ་གལ་ཆེ་བ་རེད་ཅེས་བཤད།

པེ་ཅེན་སློབ་ཆེན་གྱི་སྐྲན་ནད་སྨན་ཁང་གི་ཕོ་བ་དང་རྒྱུ་མའི་སྐྲན་ནད་ནད་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཧྲའན་ཧྥེ་ཡིས་རྒྱལ་ཁབ་ཀྱི་ཕོ་སྐྲན་ཐོག་མའི་དུས་ཀྱི་ཞིབ་བཤེར་ཕྱོགས་སྟོན་གྱི་བླང་བྱ་གསར་པར་གཞིགས་ན་རྐྱེན་ཆེ་བ་དང་། ཁྱིམ་རྒྱུད་ཀྱི་ཕོ་སྐྲན་ན་མཁན་དང་། ཕོ་ཞབས་འཁྱུལ་སྲིན་༼幽门螺杆菌༽ན་མཁན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ལོ་རེར་ཕོ་ཤེལ་གྱིས་བརྟག་དཔྱད་བྱེད་དགོས་པ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་ནང་ཕོ་སྐྲན་བཅོས་ཐུབ་ཚད་བརྒྱ་ཆ་དགུ་བཅུ་ལས་བརྒལ་ཡོད་པ་རེད། འོན་ཀྱང་མིག་སྔར་རང་རྒྱལ་དུ་ཐོག་མའི་དུས་ཀྱི་ཕོ་སྐྲན་ནད་ཐོན་ཚད་སྤྱིའི་ཆ་ནས་དམའ་པོ་ཡིན་པ་རེད། གྲོང་ཁྱེར་ཆེ་གྲས་འགའ་ཤས་ནང་མི་རྣམས་ཀྱི་བརྟག་དཔྱད་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་བསྟུན་སྔ་ཙམ་ནས་ནད་རྟགས་ཆོད་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ཆེད་མཁས་པས་ད་དུང་ཚང་མར་གལ་ཏེ་ཕོ་བ་མི་བདེ་བའི་ནད་རྟགས་བྱུང་ཚེ། རང་གིས་རང་ལ་བརྟག་དཔྱད་དང་སྨན་མི་ཉོ་བར། དུས་ཐོག་ཏུ་སྨན་པར་བསྟེན་ནས་ཕོ་སྐྲན་མེད་པར་བཟོས་ཏེ། སྔ་མོ་ནས་བརྟག་དཔྱད་དང་སྔ་མོ་ནས་སྨན་བཅོས་བྱ་དགོས་པར་དྲན་སྐུལ་བྱས།

ཡོང་ཁུངས།  ཞིན་ཧྭ་གསར་འགྱུར།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་

ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།

关注我们  

微信号 :weikangba

新浪微博 :康巴藏语卫视

ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག




康巴卫视
关注康巴卫视,了解涉藏地区动态。(互联网新闻信息服务许可证编号:51120200124)
 最新文章