འཇར་མན་གྱི་ཡེ་ཤུའི་འཁྲུངས་སྐར་ཁྲོམ་ར་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་ཙམ་ལ་རྨས་སྐྱོན་བཟོས་འདུག
ཚེས་20ཉིན་གྱི་དགོང་མོར་འཇར་མན་གྱི་མ་ཀེ་ཏེ་པའོ་ཡི་ཡེ་ཤུའི་འཁྲུངས་སྐར་ཁྲོམ་ར་ཞིག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་ཙམ་ལ་རྨས་སྐྱོན་བཟོས་འདུག དེ་དག་ཁྲོད་མི་བཞི་བཅུའི་རྨས་སྐྱོན་ལྗིད་མོ་ཡིན་པ་བཤད།
༼འདི་ནི་ཟླ་12པའི་ཚེས་21ཉིན་འཇར་མན་གྱི་མ་ཀེ་ཏེ་པའོ་རུ་དོན་རྐྱེན་བྱུང་ཡུལ་ཡེ་ཤུའི་འཁྲུངས་སྐར་གྱི་ཁྲོམ་རའི་པར་རེད། པར་ལེན་མཁན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཀྲེ་ཡུས།༽
ཚེས་20ཉིན་གྱི་དགོང་མོར། འཇར་མན་གྱི་ས་ཁི་སི་-ཨན་ཧར་ཐེའི་ལྟེ་གནས་གྲོང་ཁྱེར་མ་ཀེ་ཏེ་པའོ་ཡི་ཡེ་ཤུའི་འཁྲུངས་སྐར་ཁྲོམ་ར་ཞིག་ལ་རླངས་འཁོར་ཞིག་མི་ཚོགས་ཁྲོད་ཤུགས་ཀྱིས་བསྐོར་ཡོང་ནས་མི་སྣར་ཤི་རྨས་བཟོས་པའི་དོན་རྐྱེན་བྱུང་ཞིང་། དགོང་མོ་དེར་ས་གནས་དེ་གའི་ཉེན་རྟོག་པས་དོགས་ཡོད་མི་སྣ་དེ་གར་འཛིན་བཟུང་བྱེད་ཐུབ་ཡོད་ཅེས་བཤད། མིག་སྔར་ས་གནས་ཀྱི་ཡེ་ཤུའི་འཁྲུངས་སྐར་ཁྲོམ་ར་དེ་སྒོ་བརྒྱབ་ཡོད་པ་རེད།
༼འདི་ནི་ཟླ་12པའི་ཚེས་21ཉིན་འཇར་མན་གྱི་མ་ཀེ་ཏེ་པའོ་རུ་དོན་རྐྱེན་བྱུང་ཡུལ་ཡེ་ཤུའི་འཁྲུངས་སྐར་གྱི་ཁྲོམ་རའི་པར་རེད། པར་ལེན་མཁན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཀྲེ་ཡུས།༽
འཇར་མན་གྱི་ས་ཁི་སི་-ཨན་ཧར་ཐེའི་ཁུལ་གྱི་ཁུལ་དཔོན་ལེ་ན·ཧ་ཙེ་ལུའོ་ཧྥུ་ཡིས་གསར་འགོད་པར་ཐོག་མའི་བརྟག་དཔྱད་བྱས་པ་ལ་གཞིགས་ན་འདི་ནི་མི་གཅིག་གིས་བསྒྲུབས་པའི་ཉེས་དོན་ཡིན་པ་དང་། མིག་སྔར་གཞན་པའི་ཉེན་ཁ་མེད་ཚུལ་བཤད་ཡོད།
ཚེས་21ཉིན་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་མ་ཀེ་ཏེ་པའོ་རུ་ཕེབས་ནས་མྱ་ངན་ཞུ་བའི་བྱེད་སྒོ་ནང་ཞུགས་པར་མ་ཟད། དོན་རྐྱེན་འདི་ངེས་པར་དུ་བརྟག་དཔྱད་ཞིབ་ཕྲ་བྱ་རྒྱུ་ཡིན་པ་བསྟན།
ས་གནས་དེ་གའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་ལྟ་ན། དོགས་ཡོད་མི་སྣ་དེ་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ནས་ཡོང་བའི་ལོ་ན་ལྔ་བཅུ་ཟིན་པའི་སྐྱེས་པ་ཞིག་ཡིན་པ་དང་།2006ལོ་ནས་བཟུང་ད་བར་དུ་འཇར་མན་ལ་བསྡད་ཡོད་པ་མ་ཟད་ད་དུང་ཁོ་རང་ནི་ཁུལ་དེ་གའི་སྨན་པ་ཞིག་ཀྱང་ཡིན་ལ། དོན་རྐྱེན་གྱི་ཞིབ་ཕྲའི་གནས་ཚུལ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་པ་སོགས་བསྟན།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག