ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དྲུག་པའི་ཡོངས་འཛིན་ཐོབ་ཐང་ལེན་པའི་རྩོད་རྒྱུགས་སྤྲོད་འགོ་བརྩམས།
ཟླ་12པའི་ཚེས་8ཉིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དྲུག་པའི་ཡོངས་འཛིན་ཐོབ་ཐང་ལེན་པའི་རྩོད་རྒྱུགས་དཔྱད་ཞིབ་དེ་སློབ་གླིང་དེ་གའི་ཉི་འོད་ཐོག་ཁང་ནང་ནས་སྤེལ་འགོ་བརྩམས་པ་དང་། ཐེངས་འདིའི་རྩོད་རྒྱུགས་དཔྱད་ཞིབ་ནང་དགེ་ལུགས་དང་ས་སྐྱ། ཇོ་ནང་། བཀའ་བརྒྱུད། རྙིང་མ། བོན་པོ་སོགས་གྲུབ་མཐའ་དྲུག་གི་ཡོངས་འཛིན་ཐོབ་ཐང་ལེན་པའི་རྒྱུགས་སྤྲོད་མཁན་14ཡོད། རྩོད་རྒྱུགས་དཔྱད་ཞིབ་དེ་རྒྱུགས་ལེན་ར་བ་གསུམ་ནས་དུས་མཉམ་དུ་སྤེལ་བ་རེད།
ཐེངས་འདིའི་ཡོངས་འཛིན་ཐོབ་ཐང་དཔྱད་ཞིབ་ནང་ཐོབ་ཐང་ཞིབ་བཤེར་དང་། རྩོད་རྒྱུགས་ལེན་པ། དཔྱད་རྩོམ་སྒྲོག་འདོན། ཕྱོགས་བསྡུས་དཔྱད་ཞིབ་བཅས་འདུས་ཡོད། ཡོངས་འཛིན་ཐོབ་ཐང་དཔྱད་ཞིབ་གཏན་འབེབས་ཀྱི་ལས་ཀའི་དགོས་མཁོ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་ཟུང་འབྲེལ་བྱས་ཏེ་ནང་བསྟན་སློབ་གླིང་གིས་མི་20་ལས་གྲུབ་པའི་རྩོད་གྲྭའི་ཚོགས་ཁག་བཙུགས་ཤིང་། སློབ་གླིང་གི་ལོ་རིམ་གསུམ་གྱི་སློབ་མ་ཡོངས་རྫོགས་རྩོད་རྒྱུགས་ནང་ཞུགས་ནས་ལྟ་སྦྱོང་བྱེད་དུ་བཅུག་སྟེ་ཁོ་ཚོར་མཐོ་རམས་པའི་བསླབ་གནས་ཐོབ་རྗེས་ཡོངས་འཛིན་གྱི་ཐོབ་ཐང་ལེན་པའི་རྩོད་རྒྱུགས་དཔྱད་ཞིབ་ནང་ཞུགས་པར་སྦྱོང་བརྡར་དང་ཉམས་མྱོང་བསྡུ་ལེན་གནང་དུ་བཅུག་ཡོད།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག