སི་རི་ཡའི་ཙུང་ཐུང་ཨ་ས་ཏེ་ལ་ཨུ་རུ་སུ་ཡིས་འགེབས་སྲུང་བྱས།
ཚེས་བརྒྱད་ཉིན། སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་པས་རྒྱལ་ས་ཏ་མ་ཧྲི་ཁེ་ལ་འབྱོར་ཡོད་ཅེས་བཤད་པ་དང་། དེ་རྗེས་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས། ཏ་མ་ཧྲི་ཁེ་བཅིངས་འགྲོལ་བཏང་བར་མ་ཟད། ཨ་ས་ཏེ་སྲིད་དབང་མགོ་རྟིང་བསློགས་ཡོད་ཅེས་བཤད། ཚེས་བརྒྱད་ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། སི་རི་ཡའི་མངའ་ཁོངས་གྱི་དྲག་ཆས་གདོང་ཐུག་གི་ཕྱོགས་ཁག་དང་གྲོས་མོལ་བྱས་ཏེ། དབང་ཆ་ཞི་བའི་རྩིས་སྤྲོད་བྱེད་དགོས་པའི་མཛུབ་སྟོན་བྱས་རྗེས། པ་ཧྲར་ཨ་ས་ཏེ་ཡིས་སི་རི་ཡའི་ཙུང་ཐུང་གི་གོ་གནས་དགོངས་ཞུ་བྱ་རྒྱུ་དང་འབྲེལ་སི་རི་ཡ་ནས་འབྲལ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཤད་པ་རེད།
ཐ་སི་གསར་འགྱུར་ཁང་གིས་ཁེ་ལི་མུའུ་ལིན་ཕོ་བྲང་གི་འཕྲིན་སྤེལ་མི་སྣའི་སྐད་ཆ་དྲངས་ནས། མི་ཆོས་རིང་ལུགས་ལ་བསམ་གཞིགས་བྱས་ནས་ཨུ་རུ་སུས་པ་ཧྲར་ཨ་ས་ཏེ་དང་དེའི་ནང་མིར་འགེབས་སྲུང་བྱས་ཡོད་ཅེས་བཤད། ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་སི་རི་ཡའི་ཉམས་ཉེན་ལ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་སྐྱོང་འོག་གྲོས་མོལ་སླར་གསོ་བྱ་རྒྱུ་འབད་པ་རེད།
ད་དུང་ཁེ་ལི་མུའུ་ལིན་ཕོ་བྲང་གི་འཕྲིན་སྤེལ་མི་སྣས། ཨུ་རུ་སུ་ཕྱོགས་ཀྱིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་སྐུ་ཚབ་དང་འབྲེལ་གཏུག་བྱེད་བཞིན་ཡོད་པ་དང་། སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་སི་རི་ཡར་བྱུང་བའི་ཨུ་རུ་སུའི་དམག་དོན་རྟེན་གཞི་དང་ཕྱི་འབྲེལ་སྒྲིག་གཞིའི་བདེ་འཇགས་འགན་ལེན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བཤད་པ་རེད།
ཉིན་དེར། ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་བཞུགས་སྐུ་ཚབ་གཞོན་པ་པོ་ལི་དབྱང་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་འཕྲིན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། སི་རི་ཡར་ཉེ་དུས་ཐོན་པའི་དོན་རྐྱེན་དེས་རྒྱལ་ཁབ་དེ་དང་ས་ཁུལ་ཧྲིལ་པོར་ཤུགས་རྐྱེན་ཚབས་ཆེན་ཅི་འདྲ་ཐེབས་ཡོད་པ་རྟོགས་དཀའ་བར་དམིགས་ནས། ཨུ་རུ་སུ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲལ་མར་ནང་གྲོས་བྱ་རྒྱུའི་རེ་བ་བཏོན་ཡོད་པ་དང་། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདོང་གཏུག་ཁ་གྱེས་ལྟ་ཞིབ་དམག་དཔུང་གི་ཨི་ཟི་རེལ་གྱིས་བཟུང་བའི་སི་རི་ཡའི་ཀེ་ལན་མཐོ་སའི་གནས་ཚུལ་གསར་པ་རྒྱུན་ལོན་བྱེད་དགོས་པ་འདུས་ཡོད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག