གློག་རྡུལ་སྨན་བཅོས་བྱང་བུའི་ཐད་ཀྱི་ཉེན་ཟོན་དྲན་སྐུལ་འདི་ལ་གཟིགས་རོགས།
ཉེ་ཆར་གསར་འགྱུར་ལས་གནས་ཚུལ་སྤེལ་བར་གཞིགས་ན། ཉེས་གསོག་ཚོགས་པ་ཞིག་གིས་གྲོང་སྡེའི་གློག་རྡུལ་སྨན་བཅོས་འགན་སྲུང་བྱང་བུའི་སྤྱོད་གོ་ཆོད་པའི་ནུས་སློང་གི་མིང་ཐོག་ནས་ས་ཁུག་ལུང་ཁུག་གི་གྲོང་ཚོ་བདམས་ཏེ་འགན་སྲུང་ནང་ཞུགས་མཁན་གྱི་ས་གནས་མང་ཚོགས་ཀྱི་སྒེར་གྱི་ཆ་འཕྲིན་གང་བྱུང་དུ་གཡོ་ལེན་བྱས་པ་བརྒྱུད་སྨན་དངུལ་རྩིས་སྤོ་དང་སྨན་དངུལ་གཡོ་ལེན་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པས། འདི་ནས་ནན་ཏན་གྱིས་གསལ་བསྒྲགས་བྱས་པ་གཤམ་གསལ་ལྟར།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ཁོངས་གཏོགས་སྡེ་ཁག་དང་ལས་ཁུངས་ཀྱིས་མི་སྣ་སུ་ལའང་མང་ཚོགས་གྱི་གློག་རྡུལ་སྨན་བཅོས་འགན་བཅོལ་བྱང་བུའམ་སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་ཡིག་སྤྱོད་གོ་ཆོད་པའི་ནུས་སློང་ལས་དོན་སྤེལ་བའི་དབང་ཆ་སྤྲད་མྱོང་མེད།
རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་ཆེ་རུ་བཏང་སྟེ་མི་རྒྱུས་མེད་ཀྱིས་གློག་རྡུལ་སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་གོ་ཆོད་རྒྱུར་ནུས་སློང་བྱེད་པའི་བྱ་སྤྱོད་སྤེལ་བར་རྩ་བ་ནས་ཡིད་ཆེས་བྱ་མི་ཉན་པར་མ་ཟད་འདིའི་ཕྱོགས་ནས་མགོ་སྐོར་ཐེབས་པར་དོགས་ཟོན་ནན་པོ་བྱ་དགོས། གལ་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་མཐོང་ཐོས་བྱུང་ན་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་ཕུལ་བའམ་ཡང་ན་སྨན་བཅོས་འགན་སྲུང་སྡེ་ཁག་ལ་ཐེར་འདོན་གོང་ཞུ་བྱེད་པར་ཞུ།
ཐེར་འདོན་གོང་ཞུ་བྱེད་སའི་ཁ་པར། 010-89061396དང་།010-89061397
ཐེར་འདོན་གོང་ཞུ་བྱེད་སའི་ཡིག་སྒམ། ybdjqzpb@nhsa.gov.cn
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག