བོད་རང་སྐྱོང་ལྗོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་མོ་བོད་ལྗོངས་ལུས་རྩལ་ཁང་དུ་སྤེལ་བ་རེད།
འགྲན་བསྡུར་བྱེད་བཞིན་པ།
ཟླ12པའི་ཚེས8ཉིན། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་མོ་བོད་ལྗོངས་ལུས་རྩལ་ཁང་དུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྱོན་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་རུ་ཁག11གི་མི200ལྷག་ཙམ་ཞུགས་ཡོད་ཅིང་། འགྲན་ཞུགས་རུ་ཁག་སོ་སོས་ལུས་སྦྱོང་སྒོར་གཞས་གསར་རྩོམ་མམ་ཡང་ན་བདམས་སྒྲིག་བྱས་ནས་འགྲན་བསྡུར་ནང་ཞུགས་ཡོད།
འགྲན་བསྡུར་བྱེད་བཞིན་པ།
འགྲན་བསྡུར་བྱེད་བཞིན་པ།
འགྲན་བསྡུར་བྱེད་རིང་། རི་བོ་ཆེ་རྫོང་རི་བོ་ཆེ་སྒྱུ་རྩལ་ཚོགས་པའི་སྒོར་གཞས《ཕུ་དུང་རིང་པོ་ཉི་མ་དམར་པོའི་ཕྱོགས་སུ་གཡོ》ལ་ཨང་དང་པོ་ཐོབ་ཡོད་པ་དང་། རྒྱ་ཚ་རྫོང་སྒྱུ་རྩལ་ཚོགས་པའི་སྒོར་གཞས《བྱམས་པ་ཆོས་བཟང》ལ་ཨང་གཉིས་པ་ཐོབ་ཡོད་པ། བོད་ལྗོངས་སློབ་ཆེན་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་སྒོར་གཞས《རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ》ལ་ཨང་གསུམ་པ་ཐོབ་ཡོད།
རྒྱ་ཚ་རྫོང་སྒྱུ་རྩལ་ཚོགས་པ་དང་། མལ་གྲོ་གུང་དཀར་རྫོང་སྲོང་བཙན་ཚོགས་པ། གངས་ལྗོངས་སྒོར་གཞས་འཁྲབ་སྟོན་ཚོགས་པ། སྟག་རྩེ་ཆུས་སྟག་རྩེ་སྒྱུ་རྩལ་ཚོགས་པ། སྐལ་བཟང་སྒོར་གཞས་ཚོགས་པ་བཅས་སོ་སོར་གསར་རྩོམ་ཡག་ཤོས་དང་། འཁྲབ་ཆས་ཡག་ཤོས། འཁྲབ་སྟོན་ཡག་ཤོས། ལྟ་མཁན་མང་ཤོས། སྒྲིག་འཛུགས་ཡག་ཤོས་བཅས་ཀྱི་བྱ་དགའ་ཐོབ་ཡོད།
ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག