ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱིས་དབྱིན་ཞི་ཡུའེ་གནས་དབྱུང་གཏོང་བར་གྲོས་འཆམ་བྱུང་།
ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་16ཐོག ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་དབང་མི་འཛིན་པའི་ཏང་ཁག་ཚོགས་པས་ཐེངས་གཉིས་པར་ཙུང་ཐུང་དབྱིན་ཞི་ཡུའེ་ལ་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་བྱས་པའི་གྱོད་གཞིར་བརྡས་ཐག་གཅོད་པ་དང་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱོད་གཞི་གྲོས་འཆམ་བྱུང་རྗེས་དབྱིན་ཞི་ཡུའེ་ཡིས་འཕྲལ་དུ་ཙུང་ཐུང་ལས་གནས་མཚམས་འཇོག་པ་རེད།
ཁོ་རེ་ཡ་ལྷོ་མའི་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་180ནང་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་ལས་རིམ་མཇུག་རྫོགས་རྒྱུ་ཡིན་པ་དང་། གལ་ཏེ་རྩ་ཁྲིམས་ཁྲིམས་ཁང་གིས་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱོད་གཞི་མ་གྲུབ་པའི་ཁྲིམས་ཐག་བཅད་བྱུང་ན། དབྱིན་ཞི་ཡུའེ་ཡི་ཙུང་ཐུང་ལས་གནས་དེ་མ་ཐག་སླར་གསོ་བྱ་རྒྱུ་དང་། གལ་ཏེ་རྩ་ཁྲིམས་ཁྲིམས་ཁང་གིས་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱོད་གཞི་གྲུབ་པ་ཡིན་ན། དབྱིན་ཞི་ཡུའེ་ཡི་ཙུང་ཐུང་གོ་གནས་འཕྲལ་དུ་འབེབས་རྒྱུ་ཡིན་པ་རེད། ཚོད་དཔག་བྱས་ན་སང་ལོའི་ཟླ་4པ་ནས་6བར་ཁོ་རེ་ཡ་ལྷོ་མས་འདེམས་བསྐོ་ཆེན་པོ་འཚོག་རྒྱུ་རེད།
ཁོ་རེ་ཡ་ལྷོ་མའི་རྩ་ཁྲིམས་ཁྲིམས་ཁང་ལ་བསྡོམས་པས་ཁྲིམས་དཔོན་9ཡོད་ལ་དེ་དག་ལས་ཁྲིམས་དཔོན་3ད་ལོའི་ཟླ་10ནང་ལས་འགན་ཕྱིར་འཐེན་མཇུག་རྫོགས་ཡོད་པས་མིག་སྔར་ད་དུང་མི་གསུམ་གྱི་ལས་གནས་སྟོང་པ་ལུས་ཡོད་པ་རེད།
སྤྱིར་བཏང་གནས་ཚུལ་འོག་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱི་གྱོད་གཞི་ཞིབ་གཅོད་བྱེད་པར་ཁྲིམས་དཔོན་7རེ་ཡོད་དགོས་ཀྱང་ད་ལྟའི་གནས་བབ་ལ་གཞིགས་ན་མི་6གིས་ཞིབ་གཅོད་བྱ་ཆོག་པ་རེད།
ཐེངས་འདིའི་གྱོད་དོན་དངོས་ཀྱི་ཞིབ་གཅོད་ནང་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱོད་གཞི་ལ་ཁྲིམས་དཔོན་6གིས་མོས་མཐུན་བྱུང་ན་ད་གཟོད་ཁྲིམས་ཁང་གིས་གྱོད་དོན་ལ་གྲོས་འཆམ་དབྱུང་རྒྱུ་ཡིན་པ་དང་། གལ་ཏེ་མི་གཅིག་གིས་མོས་མཐུན་མ་བྱུང་ན་གནས་དབྱུང་གཏོང་བའི་ནག་ཉེས་ཐེར་འདོན་གྱོད་དོན་ཕྱིར་སློག་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག