ཨའེ་ལུང·མ་སི་ཁེ་ལ་ཨ་རིའི་དམག་ཕྱོགས་ཀྱིས་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག
ཉེ་ཆར། ཨ་རིའི༼ཉིའུ་ཡོའུ་སྐབས་དོན་ཚགས་པར༽སྟེང་གསར་འགྱུར་སྤེལ་བ་ལྟར་ན། བར་སྣང་འཚོལ་ཞིབ་ལག་རྩལ་སྤྱི་གཉེར་ཁང་དང་དེའི་གསར་གཏོད་པ་ཨའེ་ལུང·མ་སི་ཁེ་ཡིས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་ཡིན་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྙན་ཞུའི་གྲོས་མཐུན་ལ་ཐེངས་མང་འགལ་ཞིང་། ད་དུང་རྒྱལ་ཁབ་གཞན་པའི་འགོ་ཁྲིད་དང་ཐུག་འཕྲད་བྱས་པའི་ཞིབ་ཕྲའི་གནས་ཚུལ་འདོན་སྤྲོད་མ་བྱས་པས་དམག་ཕྱོགས་ཀྱིས་ཞིབ་བཤེར་བྱ་དགོས་བྱུང་བ་རེད།
གསར་འགྱུར་ལས། བར་སྣང་འཚོལ་ཞིབ་ལག་རྩལ་སྤྱི་གཉེར་ཁང་ནི་ཨ་རིའི་རྒྱལ་སྲུང་པུའུ་དང་། ཨ་རིའི་མཁའ་འགྲུལ་དང་བར་སྣང་འཕུར་སྐྱོད་ཅུས་ཀྱིས་འགན་ལེན་གཙོ་བོ་བྱས་པའི་འགན་འཛིན་གྱི་གྲས་ཤིག་ཡིན་པ་དང་། ཨའེ་ལུང·མ་སི་ཁེ་ལའང་སྤྱི་གཉེར་ཁང་གི་ཆེས་མཐོའི་གསང་རྒྱ་ཉེན་མེད་སྐོར་གྱི་ཆོག་མཆན་ཐོབ་ཡོད་པས། ཁོས་ཨ་རིའི་སྔོན་ཐོན་དམག་དོན་ལག་རྩལ་སོགས་གསང་བའི་ཡིག་ཆ་ལ་རྒྱུས་ལོན་བྱ་ཐུབ་པ་རེད།
སྲིད་གཞུང་གི་གསང་བ་དམ་སྲུང་སྒྲིག་ལམ་ལ་གཞིགས་ན་མ་སི་ཁེ་ཡིས་ངེས་པར་དུ་རྒྱལ་སུང་པུའུ་ལ་མི་སྒེར་གྱི་འཚོ་བ་དང་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱ་དགོས་མོད། འོན་ཀྱང་མ་མཐའ་ཡང་2021ལོ་ནས་བཟུང་མ་སི་ཁེ་ཡིས་གོང་དུ་བསྟན་པའི་སྙན་ཞུའི་བླང་བྱ་བརྩི་སྲུང་བྱས་མེད་པ་བསྟན།
ཨའེ་ལུང·མ་སི་ཁེ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་འཕྲིན་སྟེགས་ཐོག་ཡི་གེ་སྤེལ་ནས། རྒྱལ་ཁབ་ཀྱི་གཏིང་རིམ་ངོ་ལོག་པས་ཁོ་རང་ཚོའི་སྲོལ་རྒྱུན་སྨྱན་བྱད་ལས་རིགས་ཁྲོད་ཀྱི་རྔན་བསླུ་བྱས་པའི་ལག་གཡོག་ལ་བརྟེན་ནས་ང་རང་འཛིན་ཐབས་བྱེད་བཞིན་ཡོད་ཀྱང་། ངས་འཛིང་སློང་བྱ་འདོད་མེད། ཡིན་ནའང་ངས་ཁོ་ཚོ་དང་འདུམ་འགྲིག་བྱ་ཐུབ་ཅེས་བཤད་ཡོད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག