ད་ལོ་ནི་སི་ཁྲོན་ནས་བོད་ལྗོངས་དང་མཚོ་སྔོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་འཛུགས་སྐྲུན་ཤར་གཏོང་ཐུབ་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རེད།
ད་ལོ་ནི་སི་ཁྲོན་ནས་བོད་ལྗོངས་དང་མཚོ་སྔོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་འཛུགས་སྐྲུན་ཤར་གཏོང་ཐུབ་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་གཞུང་ལམ་དང་། མཚོ་བོད་གཞུང་ལས་འཛུགས་སྐྲུན་ཤར་གཏོང་ཐུབ་ནས་ལོ་ངོ་དྲུག་ཅུ་འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡང་ཡིན་པ་རེད།
1950ལོའི་ཟླ་4པར།མདོ་དབུས་མཐོ་སྒང་གི་ས་གཞི་སྔར་བཞིན་ཁ་བས་གཡོགས་པའི་དུས་སུ། ཁྲོན་བོད་དང་། མཚོ་བོད་ཀྱི་གཞུང་ལམ་དུས་གཅིག་ཏུ་ལས་འགོ་བརྩམས་ཤིང་། ལམ་བསྐྲུན་དཔུང་ཆེན་གྱིས་དཀའ་སྡུག་དང་རྔུལ་ཆུ་གྲངས་མེད་བརྒྱུད་ནས་གཞུང་ལམ་འཛུགས་སྐྲུན་བྱས་རྗེས་1954ལོའི་ཟླ་12པའི་ཚེས་25ཉིན་ད་གཟོད་གཞུང་ལམ་ཆེན་པོ་གཉིས་དེ་ལྷ་སའི་བར་དུ་ལས་ཟིན་པས་བོད་ལྗོངས་ལ་དེང་རབས་ཅན་གྱི་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མཇུག་རྫོགས་པར་བྱས་ཡོད།
ལོ་ངོ་བདུན་ཅུ་ཕར་ལ་འདས་ཟིན་ཀྱང་། ལམ་བསྐྲུན་དཔུང་ཆེན་གྱི་དཀའ་སྡུག་ལ་མགོ་མི་སྒུར་བ་དང་རང་སྲོག་བློས་གཏོང་བར་མི་འཛེམས་པ། དཀའ་སྤྱད་འབད་བརྩོན་བྱེད་ཐུབ་པ་སོགས་ཀྱི་ལམ་གཉིས་ཀྱི་སྙིང་སྟོབས་དེ་མཐོ་སྒང་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ལམ་རྒྱུད་ཀྱི་ལས་རིགས་སོ་སོས་དཀའ་གནད་འགག་སྒྲོལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་བསམ་བློའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་པར་མ་ཟད། སྔར་བཞིན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་སྤེལ་བྱེད་པའི་བསམ་བློའི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག