ཁྱེད་རང་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་སྐོར་གྱི་དོན་ཚན་བཅུ་དྲུག
ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སུ་གཏོང་ཞིང་། མ་དངུལ་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་ནས་དམངས་འཚོར་ཕན་པ་སྐྲུན་པ་དང་།འཛད་སྤྱོད་ལ་སྐུལ་འདེད་བྱེད་པ།གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་དོར་ཁུར་བྱེད་ཅིང་།གཞི་རིམ་གྱི་འགན་ལེན་གསུམ་གྱི་མ་མཐའི་ཚད་ཐིག་བརྟན་པོ་བསྲུང་རྒྱུ།
སྐབས་དང་བསྟུན་པས་སྐྱེད་ཀ་གཅོག་རྒྱུ་དང་།འཁོར་རྒྱུག་རང་བཞིན་ལ་ཉམས་ཆག་མེད་པར་བྱ་རྒྱུ།
འཛད་སྤྱོད་ཡར་ཐོན་འགྲོ་བའི་ཆེད་གཉེར་བྱེད་སྒོ་ལག་བསྟར་བྱེད་དེ།ཡོང་འབབ་དམའ་འབྲིང་གི་མི་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ་དང་ཁུར་པོ་ཡང་དུ་གཏོང་ནས་འཛད་སྤྱོད་ནུས་པ་དང་འདོད་མོས།རིམ་པ་མཐོ་རུ་གཏོང་རྒྱུ།
ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་འཚོ་དངུལ་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཇེ་མཐོར་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐད་ཀྱི་ནོར་སྲིད་རོགས་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུ།
གསར་པ་༼གཉིས་ཀྱི་སྲིད་ཇུས་༽ཏེ་སྣ་མང་རང་བཞིན་གྱི་འཛད་སྤྱོད་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་གང་ཐུབ་བྱེད་ཅིང་། འཛད་སྤྱོད་ཐད་ཀྱི་ཞབས་ཞུ་ཇེ་རྒྱས་གཏོང་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་རྒྱུ།
སྤྱི་ཚོགས་ཟོང་འགྲེམས་མ་གནས་ཇེ་དམའ་གཏོང་བའི་ཆེད་གཉེར་བྱེད་སྒོ་ལག་ལེན་བྱ་རྒྱ།
གོམ་པ་བརྟན་པོས་ཞབས་ཞུའི་ལས་རིགས་བྱེད་སྒོ་སྒོ་འབྱེད་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས། སློ་གསོ་སོགས་ཀྱི་ཁྱབ་ཁོངས་སྒོ་འབྱེད་ཚོད་ལྟ་བྱ་ཡུལ་རྒྱ་སྐྱེད་གཏོང་རྒྱུ།
ཁང་སའི་ནོར་ཁྲོམ་གྱི་རིན་གོང་ལྷུང་བ་དེ་སྔར་ལྟར་བརྟན་དུ་གཏོང་བར་མུ་མཐུད་དེ་སྐུལ་འདེད་གང་ཐུབ་བྱེད་ཅིང་། གྲོང་ཁྱེར་དང་གྲོང་སྡེ། སྡོད་ཁང་རྙིང་པ་བསྒྱུར་བཀོད་བྱེད་པའི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་ནས་དགོས་ངེས་ཅན་དང་ལེགས་བཅོས་ཅན་གྱི་སྡོད་ཁང་དགོས་མཁོའི་གཏིང་ཤུགས་སྒོ་འབྱེད་གང་ལེགས་གཏོང་རྒྱུ།
ས་བབ་དང་བསྟུན་པའི་ལས་རིགས་དར་སྤེལ་གཏོང་སྟེ་རྫོང་སྟོབས་ལྡན་དང་མི་དམངས་ཕྱུག་འགྱུར་གྱི་ཕྱོགས་གཅིག་འཕེལ་གཏོང་ནས་ཐབས་ཤེས་གང་ཡོད་ཀྱིས་ཞིང་པའི་ཡོང་སྤར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ།
དེང་རབས་ཅན་གྱི་གྲོང་ཁྱེར་ཁག་འཕེལ་རྒྱས་གཏོང་ཞིང་། གྲོང་ཁྱེར་ཆེན་པོའི་དེང་རབས་ཅན་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་ནས་ནུས་ཤུགས་གང་ཡོད་ཀྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ།
ཁྱབ་ཁོངས་གལ་ཆེན་དང་།ལས་རིགས་གལ་ཆེན།དེ་མིན་གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ།ཁེ་ལས་ཆུང་འབྲིང་གི་ལས་ཞུགས་རྒྱབ་སྐྱོར་བཅས་ཀྱི་འཆར་འགོད་ལག་བསྟར་བྱ་རྒྱུ།
གང་ལ་གང་འཚམ་གྱི་ལས་ཞུགས་དང་། ལས་ཞུགས་བྱེད་ཐབས་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ཐད་ཤུགས་དབྱུང་རྒྱུ།
ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་ཅིང་། གཞི་ཁྱོན་རང་བཞིན་གྱི་བསྐྱར་དུ་དབུལ་པོར་མི་འགྱུར་བ་འགན་ལེན་བྱེད་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་རྒྱུ།
འོས་འགན་སློབ་གསོ་སྤུས་ལེགས་ཆ་སྙོམས་ཀྱིས་སྐུལ་སྤེལ་གཏོང་ནས་སྤུས་ལེགས་དངོས་གཞི་ཚན་ཁག་གི་ལམ་ལུགས་ཇེ་ལྷོད་བརྟན་པོར་གཏོང་རྒྱུ།
སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་པའི་ལས་གྲྭ་སྤེལ་ནས་བུ་བཙའི་སྲིད་ཇུས་སྐུལ་འདེད་གཏན་འབེབས་བྱ་རྒྱུ།
འདུས་ཁུལ་གྱིས་རྒྱབ་སྐྱོར་བྱས་པའི་ཁྱིམ་སྡོད་རྒན་གསོ་ཡར་རྒྱས་གཏོང་ནས་ཀུན་ཕན་རྒན་གསོའི་ཞབས་ཞུ་རྒྱ་སྐྱེད་གཏོང་རྒྱུ།
ཡོངས་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག