སང་ལོ་ནས་ལོ་༡༨ལོན་པའི་སྐྱེས་པས་ངེས་པར་དམག་ཞབས་ཐོ་འགོད་བྱ་དགོས།
གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༢༥ལོའི་དམག་ཞབས་ཐོ་འགོད་ལས་དོན་དེ་༢༠༢༥ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་དངོས་སུ་འགོ་ཚུགས་རྒྱུ་ཡིན་ཞིང་། དམག་ཞབས་ཐོ་འགོད་དང་དམག་ཞུགས་ཀྱི་འདོད་མོས་ཡོད་མཁན་ཚོས་དྲ་ཐོག་ནས་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་ཆོག ཁྲིམས་ལྟར་དམག་ཞབས་ནང་ཞུགས་པ་དང་དམག་ཞབས་ཐོ་འགོད་བྱ་རྒྱུ་ནི་ལོ་ཚད་ལོན་པའི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་གཟི་བརྗིད་ལྡན་པའི་འོས་འགན་དང་བླ་ན་མེད་པའི་འགན་འཁྲི་ཡིན།
བརྩེ་བའི་དྲན་སྐུལ།
ལོ་བཅོ་བརྒྱད་ལོན་པའི་སྐྱེས་པ་ཚོ་ལ་མཚོན་ན་དམག་མི་བྱེད་མིན་ཚང་མས་ངེས་པར་དུ་དམག་ཞབས་ཐོ་འགོད་བྱ་དགོས། དེ་ལྟར་མ་བྱས་ན། སློབ་ཆེན་དུ་འགྲིམ་པ་དང་ལས་ཀ་འཚོལ་བར་ཤུགས་རྐྱེན་ཐེབས་པས། མཇུག་འབྲས་ངན་པ་སློང་སྲིད།
རང་རྒྱལ་གྱི《དམག་ཞབས་བཅའ་ཁྲིམས》ནང་རྒྱལ་ཁབ་ཀྱིས་དམག་ཞབས་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལོ་དེ་གའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ། ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་སྐྱེས་པས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། དམག་ཞབས་ཐོ་འགོད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། ལོ་བཅོ་བརྒྱད་ལོན་པའི་ཕོ་གཞོན་ཚོས་རྒྱལ་ཡོངས་དམག་བསྡུའི་དྲ་བར་ཞུགས་ནས་དམག་ཞབས་ཐོ་འགོད་ལྟར་ཐོ་འགོད་བྱས་ཆོག
དམག་ཞབས་ཐོ་འགོད་བྱས་ན། ངེས་པར་དུ་དམག་དཔུང་ནང་དངོས་སུ་ཞུགས་དགོས་པ་ཞིག་མ་ཡིན་པར། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ལོ་ཚད་ལོན་པའི་སྤྱི་དམངས་ལ་ཐོ་འགོད་དོ་དམ་གྱི་ལས་དོན་སྤེལ་ནས། རྒྱལ་ཁབ་ཀྱིས་དམག་མིའི་གཏིང་ཤུགས་ཁོང་དུ་ཆུད་ནས། ཛ་དྲག་གི་གནས་ཚུལ་སྐབས་སུ་སྤྱོད་རྒྱུ་དེ་ཡིན་པ་རེད།
དམག་ཞབས་ཐོ་འགོད་ནི་ལོ་ཚོད་ལོན་པའི་གཞོན་ནུ་ཚང་མས་བསྒྲུབ་དགོས་པའི་བྱ་བ་དང་ལོ་ཚོད་ལོན་པའི་སྤྱི་དམངས་ཚང་མར་དམག་ཞབས་ཐོ་འགོད་བྱེད་པའི་འོས་འགན་ཡོད།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག