ཚེས་དགུ་ཉིན་གྱི་དགོང་མོར་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཁེ་དང་དབུས་རྒྱུད་གྲོང་ཁྱེར་ཧོ་མུའུ་སི་སོགས་ས་ཆ་མང་པོར་མཁའ་རྒོལ་ཐེབས།
འཕྲིན་སྦྱོར་མང་པོས་གསར་འགྱུར་སྤེལ་བ་ལྟར་ན། ཚེས་དགུ་ཉིན་གྱི་དགོང་མོར། སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཁེ་དང་དབུས་རྒྱུད་གྲོང་ཁྱེར་ཧོ་མུའུ་སི་སོགས་ས་ཆ་མང་པོར་མཁའ་རྒོལ་ཐེབས་འདུག
སོ་ཏི་ཨ་རབ་ཀྱི་ཨ་ལ་པི་ཡའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས་དགུ་ཉིན་གསར་འགྱུར་སྤེལ་ནས། སི་རི་ཡའི་ལ་ཐ་ཅི་ཡ་དང་། ཏ་མ་ཧྲི་ཁེ། ཧོ་མུའུ་སི། ཁ་སྨི་ཧྲི་ལི་སོགས་ས་ཆ་མང་པོར་ཨི་ཟི་རེལ་གྱི་མཁའ་རྒོལ་ཐེབས་ཡོད་ཅེས་བཤད་པ་རེད། གསར་འགྱུར་ནང་། སི་རི་ཡའི་བདེ་འཇགས་སྡེ་ཚན་གྱི་ཆ་འཕྲིན་སྤེལ་མཁན་གཉིས་ཀྱི་སྐད་ཆ་དྲངས་ནས། ཨི་ཟི་རེལ་གྱིས་སི་རི་ཡའི་མཁའ་དམག་རྟེན་གཞི་གཙོ་བོ་མང་པོ་ཞིག་ལ་མཁའ་རྒོལ་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འབོར་ཆེན་གཏོར་ཞིང་། ཐད་འཕུར་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་བཅུ་ལྷག་བཀད་ཡོད་པར་བཤད།
ཚེས་དགུ་ཉིན། སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་ཕྱོགས་པའི་འཕྲིན་སྦྱོར་གྱིས་གསར་འགྱུར་སྤེལ་བ་ལྟར་ན། ཨི་ཟི་རེལ་གྱིས་ལ་ཐ་ཅི་ཡར་ཡོད་པའི་སི་རི་ཡའི་སྲིད་གཞུང་དམག་གི་ཁོངས་གཏོགས་ཀྱི་མཚོ་དམག་གྲུ་གཟིངས་ལ་མཁའ་རྒོལ་བྱས་པ་རེད། ཉིན་དེར་ངོ་རྒོལ་ཤོག་ཁག་གིས་ད་དུང་སྲིད་གཞུང་དམག་ནང་འོས་འགན་དམག་ཞབས་དང་ལེན་བྱེད་མཁན་གྱི་དམག་མི་ཡོངས་ལ་གུ་ཡངས་གཏོང་རྒྱུ་དང་། སུ་ཞིག་གིས་ཀྱང་ཁོ་ཚོའི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་ཅེས་བསྒྲགས་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག