དགུན་དུས་སུ་སྙིང་ཁམས་ཁྲག་རྩར་བདག་སྐྱོང་ཇི་ལྟར་བྱ་དགོས།
གནམ་གཤིས་གྲང་མོར་འགྲོ་བའི་སྐབས་སུ། མིའི་ལུས་ཕུང་གི་ཁྲག་རྩ་ཕྲ་མོ་དག་འཁུམ་ཞིང་། སྙིང་གི་ལྡིང་ཚད་ཇེ་མགྱོགས། ཁྲག་ཤེད་ཇེ་མཐོར་འགྲོ་བས་སྙིང་གི་གནོན་ཤུགས་ཇེ་ཆེར་བཏང་བ་སྟེ། སྙིང་ལ་གཟེར་རྒྱག་པའམ་ཡང་ན་སྙིང་རྩ་འགག་པ་སོགས་སློང་སྲིད་པ་རེད། ལུས་སྟོབས་ཞན་པའི་རྒན་རྒོན་ཚོ་དྲོད་ཚད་ཇེ་དམར་འགྲོ་བའི་སྐབས་སུ་རྒྱུན་དུ་ཆམ་པ་དང་ཆམ་རིམས་སོགས་དབུགས་ལམ་མ་ལག་གི་ནད་གཞི་དག་མཉམ་པོར་འབྱུང་སྲིད་ལ། གློ་བུར་དུ་སྙིང་རྩ་འགག་ནས་རྐྱེན་ལམ་དུ་ཤོར་བ་དང་གློ་བུར་དུ་རྐྱེན་ལམ་དུ་ཤོར་པ་སོགས་ཀྱང་འབྱུང་སྲིད།
སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་གྲང་ངར་གྱི་ཚོད་བགམ་ལ་ཇི་ལྟར་ཁ་གཏད་བྱེད་དགོས་ཤེ་ན།
1
དྲོད་ཚད་དང་རང་ཉིད་ཀྱི་ཚོར་སྣང་ལ་གཞིགས་ནས་གོས་གྱོན་དགོས། དུས་ཚིགས་བརྗེ་དུས་སུ་ཕྱི་ལ་སྐྱོད་སྐབས་གྱོན་གོས་གཞན་པ་ཞིག་འཁྱེར་ན་ལེགས།
2
ལུས་པོ་གསོ་བའི་བཟའ་བཏུང་མང་མི་རུང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོའི་ངོས་ནས་བརྗོད་ན། ཚྭ་མང་བ་དང་ཞག་ཚིལ་མང་བའི་བཟའ་བཏུང་ནི་ནད་གཞི་ཇེ་སྡུག་ཏུ་འགྲོ་བར་ཇེ་མགྱོགས་སུ་གཏོང་པས། བཟའ་བཏུང་གི་ཐད་ནད་པས་དམར་ཟས་དང་དཀར་ཟས་མཉམ་བསྲེས་དང་། ཚྭ་དང་ཞག་ཚིལ་ཉུང་བའི་བཟའ་བཏུང་སྤྱད་ན་ལེགས།
3
ལུས་རྩལ་འོས་འཚམ་བྱེད་དགོས། ལུས་རྩལ་འོས་འཚམ་བྱས་ན་ཁྲག་གི་འཁོར་སྐྱོད་ཇེ་ལེགས་གཏོང་ཐུབ་སྟེ། དུས་ཚིགས་འགྱུར་ལྡོག་འགྲོ་བའི་སྐབས་སུའང་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལུས་རྩལ་བྱེད་མཚམས་འཇོག་མི་རུང་། ཁྱིམ་ནས་ཕྱིར་མི་འགྲོ་རུང་། ཡུན་རིང་པོར་སྡོད་མི་རུང་། ལུས་རྩལ་བྱེད་དུས་རང་ལ་གང་འཚམ་གྱིས་སྦྱང་དགོས་ཏེ། ཞོགས་པའམ་དགོང་མོ་མཐོང་རྒྱ་མི་གསལ་བའམ་ཡང་ན་སྨུག་རྡུལ་འཐིབས་པའི་སྐབས་སུ་ཕྱི་ལ་ལུས་རྩལ་བྱེད་དུ་འགྲོ་མི་རུང་།
4
ཆམ་རིམས་འགོག་སྨན་དུས་ཐོག་ཏུ་རྒྱག་དགོས། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལོ་ལྟར་ཆམ་རིམས་འགོག་སྨན་བརྒྱབ་སྟེ། ཆམ་རིམས་ལྗིད་པོ་དང་དེ་ལས་ཐོན་པའི་སྙིང་ཁམས་ཁྲག་རྩའི་ནད་མི་འབྱུང་པར་བྱེད་དགོས།
5
ནད་གཞིའི་ཐད་རང་གིས་རང་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྙིང་ཁམས་ཁྲག་རྩའི་ནད་ནི་དལ་བའི་རང་བཞིན་གྱི་གཅོང་ནད་ཅིག་ཡིན་པས། ནད་པས་རང་གིས་རང་ལ་དོ་དམ་བྱ་རྒྱུ་ནི་ནད་གཞི་གཏན་ཆགས་གཏོང་བའི་ཐབས་མཆོག་ཅིག་ཡིན། ནད་པས་ངེས་པར་དུ་དམིགས་ཚད་ལྟར་བརྟག་དཔྱད་བྱེད་དགོས་པ་སྟེ། དཔེར་ན་རང་གིས་རང་ལ་ཁྲག་ཤེད་དང་ཁྲག་མངར་འཇལ་པ་དང་། སྙིང་ཤུགས་ཉམས་པའི་ནད་པས་ལུས་པོའི་ལྗིད་ཚད་དང་བཏུང་བྱ་འཐུང་ཚད་དང་གཅིན་པ་བབས་ཚད་སོགས་ལ་བརྟག་དཔྱད་བྱེད་དགོས།
ནད་པས་སྨན་པའི་མངགས་བྱ་ལྟར་དུས་ཐོག་ཏུ་སྨན་བཏུང་དགོས་ཤིང་། སྨན་གྱི་མང་ཉུང་གང་འདོད་ལྟར་སྣོན་འཕྲི་བྱེད་པའམ་ཡང་ན་སྨན་འཐུང་མཚམས་འཇོག་མི་རུང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ཏེ་དུས་བཀག་ལྟར་སྨན་ཁང་དུ་སྨན་བཅོས་བསྐྱར་བཤེར་བྱེད་དགོས་ལ། ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག