དོ་ནུབ། སྐར་མ་མིག་དམར་ཟླ་བ་དང་འགྲོགས་ནས་འཆར་རྒྱུ་རེད།

政务   2024-11-20 17:05   青海  

གནམ་དཔྱད་ཚན་རིག་ཁྱབ་གདལ་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ11པའི་ཚེས20ཉིན་གྱི་དགོང་མོ། སྐར་མ་མིག་དམར་དང་ཟླ་བ་གཉིས་སྐར་ཚོམ་ཁྲོད་དུ་འཕྲད་རྒྱུ་རེད། གནམ་གཤིས་ཡག་པོ་བསྟན་ཚེ། འདིར་དགའ་བའི་སྤྱི་དམངས་ཚོས་ཤར་ལྷོའི་ཕྱོགས་ཀྱི་མཁའ་དབྱིངས་སུ“སྐར་མ་དང་ཟླ་བ་ལྷན་འགྲོགས་ཀྱི་ངང་ཚུལ”མིག་ལམ་དུ་མཐོང་ཐུབ་ལ་རྒྱང་ཤེལ་ལ་བརྟེན་ནས་གཟིགས་ཀྱང་ཆོག 
ད་ལོའི་ཟླ11པའི་ཚེས12ཉིན། སྐར་མ་མིག་དམར་གྱིས་ལོ་གསར་ཐེངས38གཏོང་མགོ་ཚུགས་པ་རེད། ཐེན་ཅིན་གྲོང་ཁྱེར་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་ཐེན་ཅིན་ཚན་རིག་ལག་རྩལ་ཁང་གནམ་དཔྱད་ཚན་རིག་ཁྱབ་གདལ་རིགས་གཅིག་མཁས་པ་སུང་ཡོན་ཡོན་གྱིས“ཉིན་དེར་སྐར་མ་མིག་དམར་གྱི་ལོ་རྩིས་སའི་གོ་ལའི་ཐོག་གི1955ལོར་མགོ་ཚུགས་པ་དང་། སྐར་མ་མིག་དམར་གྱི་ཕྱི་མའི་ལོ་གསར་ནི2026ལོའི་ཟླ9པའི་ཚེས30ཉིན་རེད”ཅེས་བཤད།
ཞིབ་པར་བལྟས་ན། ཚེས20ཉིན་གྱི་དགོང་མོར། ཟླ་བའི་འོག་གི་ཐག་མི་རིང་བའི་སར་གནས་པའི་སྐར་མ་མིག་དམར་གྱི་གསལ་ཚད-0.3སོགས་ཡིན་པ་དང་། ནམ་སྨད་ཀྱི་ཟླ་བ་སྐར་མ་མིག་དམར་དང་ཐག་ཇེ་ཉེར་འགྲོ་བ་རེད། 

ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章