ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-20 08:37   青海  

གསར་འགྱུར་གལ་ཆེན། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་དུ་ཞུགས་ཤིང་།     དབུ་ཚོགས་ཀྱི་དུས་མཚམས་གཉིས་པའི་ཚོགས་འདུས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིའི”གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱེད་སྐབས།    ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།     

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་ཉིན་གུང་།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་མཇུག་སྒྲིལ་ཚོགས་འདུར་ཞུགས།  

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པ་ཞི་ལི་ཡར་ཕེབས་ཏེ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་མགོ་ཚུགས་པ་རེད།  

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་འཇར་མན་གྱི་ཙུང་ལི་ཧྲོའར་ཚེ་དང་མཇལ་འཛོམས་གནང་བ་རེད།  

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་བ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་པོ་ལི་ཝེ་ཡའི་ཙུང་ཐུང་ཨའར་སེ་དང་མཇལ་འཛོམས་གནང་བ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨ་ཀེན་ཐིན་གྱི་ཙུང་ཐུང་སྨི་ལའེ་དང་མཇལ་འཛོམས་གནང་བ་རེད། 

“ཀྲུང་གོ·ཐང-སྣ་མང་སྒོ་དབྱེའི་རྒྱལ་རབས་ཤིག(དུས་རབས7ནས10བར)”ཞེས་པ་ཟླ11པའི་ཚེས18ཉིན་ཧྥ་རན་སེའི་ཅི་མེ་གཞུང་བཙུགས་ཨེ་ཤེ་ཡ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམ་སྟོན་བྱེད་མགོ་བརྩམས་ཤིང་།    ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་འགྲེམས་སྟོན་གྱི་གླེང་གཞི་བྲིས། 

ད་ལོའི་ཟླ1པོ་ནས10པའི་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁྱོན་སྡོམ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས97ལ་ཞིབ་བཤེར་ཆོག་མཆན་སྤྲད་པར་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར9160བཏང་ཡོད་པ་རེད། 

ཚོང་དོན་པུའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།    ཟླ11པའི་ཚེས18ཉིན་གྱི་ཆུ་ཚོད24བར། རྒྱལ་ཡོངས་ཀྱི་རླངས་འཁོར་རྙིང་ཚབ་གསར་བརྗེས་ཀྱི་ཁ་གསབ་རེ་ཞུ་བྱེད་ཚད་ཁྱོན་སྡོམ་ཁྲི400ལས་བརྒལ་ཡོད་པ་རེད། 

བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན།    5G+བཟོ་ལས་དྲ་སྦྲེལ་མཉམ་འདྲེས་བཀོལ་སྤྱོད་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་དངོས་སུ་བྱེད་མགོ་བརྩམས་པ་དང་ཚོད་ལྟ་ཁག་དང་པོའི་ནང་ནན་ཅིང་དང་།    ཝུའུ་ཧན།    ཆིང་ཏའོ་སོགས་གྲོང་ཁྱེར་བཅུ་ཚུད་ཡོད་པ་རེད། 

སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན།    ད་ལོའི་ཟླ3པ་ནས་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་འབྲི་ཆུ་འབབ་ཡུལ་གྱི་ཁོར་ཡུག་སྦགས་བཙོག་རིགས་ཀྱི་ཉེས་གསོག་གྱོད་གཞི910གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་ཉེས་གསོག་དོགས་ཅན་མི2920འཛིན་བཟུང་བྱས་པ་རེད། 

མིག་སྔའི་བར། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བྱས་ན་དངོས་ཟོག་བསྐྱལ་ཚད་ཚད་ལྡན་སྒམ་ཁྲི1100ལས་བརྒལ་ནས་དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར4200ལས་བརྒལ་ཡོད་པ་རེད།     

སྤྱི་ཚོགས།

ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་སྡེ་ཚན་དང་མཉམ་དུ2025ལོ་འཁོར་གྱི་གུད་ཚབ་ལས་སྤྲོད་སྐོར་གྱི་ཀྲུང་དབྱང་གི་ཆེད་དོན་མ་དངུལ་ཁག་གཉིས་ཀྱི་ཁྱོམ་སྡོམ་དངུལ་དུང་ཕྱུར90.5སྔ་སྣུར་དུ་གཤམ་སྤྲོད་བྱས་པ་རེད།     

ཚེས19ཉིན། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་སྔོན་ཐོན་ཚན་རྩལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་པ་དང་རྣམ་གྲངས20ལ་བྱ་དགའ་ཐོབ་པ་རེད།     

ཚེས19ཉིན། ཤང་ཀང་གི“རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་པའི་ནག་ཉེས་གྱོད་གཞི”དེ་ཤང་ཀང་ཤིས་ཅིའུ་ལུང་ཁྲུན་གཅོད་ཁྲིམས་ཁང་དུ་ཁྲིམས་ཆད་བཅད་པ་དང་།    ཏའེ་ཡའོ་ཐིང་དང་ཧོང་ཀྲི་ཧྥུང་སོགས་ཀྲུང་གོར་ངོ་རྒོལ་བྱེད་མཁན་མི45ཡིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་པའི་ནག་ཉེས་དང་འབྲེལ་བ་ཡོད་པའི་ཁྲིམས་ཐག་བཅད་པ་རེད།     

གྲངས་གཞི་ལས་མངོན་པ་ལྟར་ན།    རང་རྒྱལ་གྱི་རྒྱལ་མཚམས་ལས་སྒྲོལ་བའི་རླངས་འདྲེན་མདོང་ལམ་ཐོག་མ་སྟེ།    ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་ནས་རིམ་རྩིས་བྱས་ན་རྒྱལ་ནང་དུ་རང་བྱུང་སོལ་རླངས་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར5000ལས་བརྒལ་ཡོད་པ་རེད།     

ད་ལོའི་དུས་ཚིགས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང78.4%སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་དོ་དམ་ནང་བཅུག་ཡོད་པ་རེད།     

ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝང་དབྱི་ལིན་གྱི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།     

ཚེས19ཉིན། ཀྲེ་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲུའུ་ཚུང་ཅིའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ཀྲུའུ་ཚུང་ཅིའུ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། 

ད་ལོའི་ཟླ11ནས་སང་ལོའི་ཟླ3པའི་བར། རྒྱལ་སྤྱིའི་འཁྱག་ཤུད་མནའ་འབྲེལ་གྱི་མྱུར་ཚད་འཁྱག་ཤུད་འཛམ་གླིང་བུམ་པའི་འགྲན་སྡུར་སོགས་རྒྱལ་སྤྱིའི་གངས་འཁྱག་འགྲན་སྡུར་མང་པོ་པེ་ཅིང་དུ་གཉེར་རྒྱུ་རེད།     

ཚེས19ཉིན། “པེན་ཏུང་ཏུང”སྦྲུལ་ལོའི་དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་པར་གཞིའི“ཧྲི་ཏུང་ཏུང”གི་རིམ་སྤེལ་ཐོན་རྫས་གསར་པ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད།     

ཉེ་ཆར། ལི་ཅང་ནས་ཁུན་མིང་དུ་སྐྱོད་པའིC644མེ་འཁོར་ཐོག་ཝུའུ་ཧན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི“ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི”སྨན་གཡོག་བཟའ་ཚོ་མེ་ཡུས་དང་ཧོང་ཧྲེང་ལུང་གཉིས་ཀྱིས་ཐོལ་བྱུང་ནད་གཞི་ཕོག་པའི་འགྲུལ་པ་གཉིས་བསྟུད་མར་བསྐྱབས་པ་རེད།     

སྲིད་ཇུས། 

པེ་ཅིང་གིས་སྤྱི་བསྒྲགས་སྤེལ་ནས་སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པ་བཟོ་རྒྱུ་ཁ་གསལ་བཏོན་ཡོད།     

ཧྲེན་ཀྲེན་གྱིས་སྤྱི་བསྒྲགས་སྤེལ་ནས་སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པ་བཟོ་རྒྱུ་ཁ་གསལ་བཏོན་ཡོད།     

ཧྥུའུ་ཅན་གྱིས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་ཚན་ཞིབ་ཁང་དང་སོ་ཡིས་གཞི་རྩའི་ཚན་ཞིབ་ལས་སྒོའི་གྲོན་དངུལ་གྱིས་ལོ35མན་གྱི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣས་རང་བརྟེན་ཞིབ་འཇུག་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱབ་སྐྱོར་གྱི་བསྡུར་ཚད་དེ་ལོ་འཁོར་གྱི་སྔོན་རྩིས་ཀྱི50%ལས་མི་དམའ་བ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།     

དེ་རིང་གི་གནམ་གཤིས།

བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་།  མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད།  ཡུན་ནན་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད།    ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་། ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章