ལོའི་མྱུར་སྐྱེལ་བསྐུར་མའི་ཁ་གྲངས་དུང་ཕྱུར1500ལས་བརྒལ་བ།

政务   2024-11-19 16:28   青海  

རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ལོ་འདི་ཚུན་དུ་རང་རྒྱལ་དུ་ལོ་རེར་མི་རེར་ཆ་སྙོམས་མྱུར་སྐྱེལ་བསྐུར་མ100ལྷག་ཙམ་འབྱོར་གྱི་ཡོད་ཅིང་། སྐར་ཆ་རེར་ཆ་སྙོམས་མྱུར་སྐྱེལ་བསྐུར་མ5400ལྷག་ཙམ་ཟིན་པ་དང་། ཉིན་རེར་ལས་སྒོ་སྒྲུབ་ཚད་མཐོ་ཤོས་དུང་ཕྱུར7.29ལས་བརྒལ་གྱི་ཡོད། སྤྱི་ཟླ11པའི་ཚེས17ཉིན་བར། མྱུར་སྐྱེལ་ལས་སྒོའི་ལོའི་འབོར་ཚད་ཐེངས་དང་པོར་བསྐུར་མའི་ཁ་གྲངས་དུང་ཕྱུར1500ལས་བརྒལ་ཡོད།

ད་ལོ་ནས་བཟུང་། རང་རྒྱལ་གྱི་མྱུར་སྐྱེལ་ཁྲོམ་ར་དར་རྒྱས་དང་བེད་སྤྱོད་མཁན་མང་པོ་རྒྱུན་འཁྱོངས་བྱུང་བ་དང་། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་བཏང་བ། ཐོན་སྐྱེད་དང་འཛད་སྤྱོད་ལ་ཡར་སྐུལ་བྱེད་པ་བཅས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་གྱི་འཁོར་རྒྱུག་ཤར་གཏོང་ཐུབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད

མྱུར་སྐྱེལ་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དེ་ནི་སྤྱི་ཁོག་སྲིད་ཇུས་ལ་བརྟེན་ནས་ཕན་པ་ཐོབ་པ་ཞིག་རེད། ལས་ཁུངས་དང་ས་ཁུལ་མང་པོ་ཞིག་གིས་ནང་མཁོ་རྒྱ་ཆེར་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་བྱས་པས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་གསར་པ་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ། འཛད་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གཞི་རིམ་ལ་ཕྱོགས་པའི་ཁྲོམ་ར་གསར་འབྱེད་བྱས་པ་མིག་སྔའི་ལེགས་པའི་ཕྱོགས་སུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སྲ་བརྟན་དུ་ཕྱིན་པ། མྱུར་སྐྱེལ་ལས་སྒོ་ཤུགས་ཆེར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། དེ་དང་ཆབས་ཅིག ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་རྩེ་རིམ་ཇུས་འགོད་དང་། ནུས་ཆེའི་ཤར་གཏོང་ཐུབ་པའི་ཞབས་ཞུའི་དྲ་བ། རིག་ནུས་ཚན་རྩལ་རྒྱ་ཁྱབ་ངང་སྤྱོད་པ་བཅས་ལས་མྱུར་སྐྱེལ་ཁེ་ལས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མི་མེད་རླངས་འཁོར་དང་། མི་མེད་གནམ་གྲུ། རིག་ནུས་དབྱེ་གསེད་སོགས་སྔོན་ཐོན་ལག་རྩལ་སྒྲིག་ཆས་བཀོད་སྒྲིག་ཧུར་ཐག་བྱས་པས། ལས་རིགས་ཀྱི་སྐྱེལ་འདྲེན་བརྒྱུད་འདྲེན་ནུས་པ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་དྲ་བའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཐོག ཞབས་ཞུའི་ལས་ཕྱོད་དང་སྤུས་ཚད་ཀྱང་མཐོ་རུ་ནུས་ལྡན་ཕྱིན་ཡོད། ད་ལྟ། ཆུང་བ་ཁབ་སྐུད་དང་འཚོ་བའི་མཁོ་ཆས་ནས་ཆེ་བ་ཞིང་འཕྲུལ་ཡོ་ཆས་དང་འཁྱག་སྒམ། དེ་བཞིན་བརྙན་འཕྲིན་སོགས་ཀྱི་བར་འཛད་སྤྱོད་པས་ལག་ཁྱེར་ཁ་པར་ཐོག་ཉོས་རྗེས་མྱུར་སྐྱེལ་བས་ཆེས་མགྱོགས་སྐབས་ཉིན་དེར་སྐྱེལ་ཐུབ་ཀྱི་ཡོད་པ་རེད། 

ད་ལོ་ནས་བཟུང་། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ས་ཁོངས་གོང་འཕེལ་གྱི་གྲུབ་ཆ་དེ་བས་དོ་སྙོམས་བྱུང་ནས། དབུས་ནུབ་རྒྱུད་ཀྱི་མྱུར་སྐྱེལ་གྱིས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། ལས་སྒོའི་གྲངས་འབོར་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་ཅིང་། ཐུམ་སྒྲིལ་རེ་རེས་ཤར་ལྷོ་ནུབ་བྱང་བརྒྱུད་དེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་ཞིག་ཆགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章