མཚོ་བྱང་དུ་སྒོར་དུང་ཕྱུར33གྱི་ལས་གཞི་ལས་མགོ་བརྩམས།

政务   2024-11-19 14:40   青海  


མཚོ་བྱང་ཁུལ་གྱི་དུས་ཚིགས་བཞི་པའི་ལས་གཞི་གལ་ཆེན་གཅིག་སྡུད་ཐོག་གན་རྒྱ་བཞག་ནས་ལས་མགོ་བརྩམས་པ།

སྒོར་དུང་ཕྱུར33གྱི་ལས་གཞི་ལས་མགོ་བརྩམས་པ། སྒོར་དུང་ཕྱུར50ཡི་ལས་གཞིར་གན་རྒྱ་བཞག 

ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱིས་དུས་ཚིགས་བཞི་པའི་ལས་གཞི་གལ་ཆེན་དང་ཅི་ནན་ལན་ཅན་ཅུན་ལྗང་མདོག་རིག་ནུས་གསར་པའི་རྩིས་ཤུགས་ལྟེ་གནས་ཀྱི་ལས་གཞི་གཅིག་སྡུད་ཐོག་ལས་མགོ་རྩོམ་པའི་མཛད་སྒོ་འཚོགས་ལ། དེ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དམ་འཛིན་བྱེད་པ། མ་འཇོག་གཞོང་ཆེན་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་གཞིར་སྐུལ་འདེད་དང་མ་འཇོག་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཚུའེ་པེའོ་དང་ཞིང་ཆེན་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཝུའེ་ཅུན་གདན་ཞུ་ལྟར་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་།

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། ཁུལ་ཡོངས་ཀྱིས“ལས་གཞི་གལ་ཆེན་ཡིན་པའི”འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ནས་ལས་གཞི་ལ་དམ་འཛིན་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རང་འགུལ་ངང་མཉམ་འདྲེས་ཀྱིས་གོང་རིམ་གྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཁྱོན་ཡོངས་ནས་དང་ལེན་བྱེད་དགོས། “243”གྱི་འཕེལ་རྒྱས་བཀོད་པ་མགྱོགས་མྱུར་སྒོས་བསྐྲུན་པ་གཞི་འཛིན་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་དམིགས་ཚད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམ་པོར་དམིགས་པ། ལས་གཞི་དམ་འཛིན་ནན་མོ་བྱེད་པ་དང་ལས་གཞི་ཆེན་མོ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་གཞི318ལས་མགོ་བསྐྱར་རྩོམ་བྱས་ཤིང་མ་དངུལ་སྒོར་དུང་ཕྱུར43བཏང་སྟེ་དཔལ་འབྱོར་གྱི་གཞོང་ཆེན་བརྟན་པོར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་སྒོས་ཕུལ་དགོས་ཟེར།

ཐེངས་འདིའི་གཅིག་སྡུད་ཐོག་ལས་མགོ་རྩོམ་པའི་ལས་གཞིའི་སྤྱིའི་མ་འཇོག་སྒོར་དུང་ཕྱུར33ཟིན་པ་དེ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་རོགས་སྐྲུན་མ་དངུལ། སྤྱི་ཚོགས་མ་འཇོག་བཅས་ཀྱི་ལས་གཞི་ཁྱོན29དང་འབྲེལ་བ་ཡོད་པ་དང་། ཚོང་འགུགས་མ་འདྲེན་གྱི་གན་འཇོག་ལས་གཞི་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར50ཟིན་འདུག དེའི་ནང་ཅི་ནན་ལན་ཅན་ཅུན་ལྗང་མདོག་རིག་ནུས་གསར་པའི་རྩིས་ཤུགས་ལྟེ་གནས་སོགས་ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་གཏོང་གི་ཕྱོགས་སྒྱུར་ལས་གཞི་ཡོད་པར་མ་ཟད། ཁུལ་གྱི་མཐོ་སྒང་གྲང་ཁུལ་གྱི་ས་ཡོམ་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞི་སོགས་རྨང་བཏང་བ་དང་དམངས་འཚོར་ཕན་པའི་འགན་ལེན་རིགས་ཀྱི་ལས་གཞི་ཡང་ཡོད། ལས་གཞི་དེ་དག་གིས་མཚོ་བྱང་འཕེལ་རྒྱས་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་སྲིད།

     གཅིག་སྡུད་ཐོག་གན་རྒྱ་འཇོག་པ་དང་ལས་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས་སུ། མཚོ་བྱང་ཁུལ་སྲིད་གཞུང་དང་ཀྲུའུ་ཧའེ་ཀེ་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་ཚ་ནུས་ཕྱོགས་བསྡུས་བེད་སྤྱོད་དང་གསར་བརྗེའི་ཉམས་ཞིབ་ཐད་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ་དང་། དམིགས་བསལ་གློག་བཟོ་ཤིན་ཅང་ནུས་རྒྱུ་གསར་པའི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་ཐད་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་ལ། ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གིས་ཚ་ནུས་ཕྱོགས་བསྡུས་བེད་སྤྱོད་དང་། ལྗང་མདོག་རྩིས་ཤུགས། ཟོག་འགྲེམས་བསྡུ་འགྲེམས་ཁུལ་ཆེན་པོ་འཛུགས་སྐྲུན་བཅས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་ཐད་གྲོས་མཐུན་གན་རྒྱ་བཞག་སྟེ་ནུས་རྒྱུ་གཙང་མ་དང་ལས་རྣམ་གསར་པའི་བཟོ་ལས་སོགས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་བཏང་། 

མཚོ་བྱང་ཁུལ་གྱིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་ཚད་གཞིར་དམིགས་ནས་འགན་འཁྲི་ནན་དུ་གཏོང་བ་དང་དུས་ཚོད་རེའུ་མིག་དང་ལམ་རིས་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་པ་དང་།  དེ་དང་ཆབས་ཅིག ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་ནས་སྟོབས་ཤུགས་ལྡན་པའི་ཁེ་ལས་ཆེ་གྲས་དང་ཁེ་ལས་གཙོ་བོར་འབྲེལ་མཐུད་ཧུར་ཐག་བྱས་ཏེ་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པ་དང་སྣེ་ཁྲིད་ནུས་པ་ཆེ་བ།  ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ལས་གཞི་ཆེ་གྲས་དང་ལས་གཞི་བཟང་པོ་ཁག་ཅིག་ནང་འདྲེན་དང་གཞིས་ཆགས་པར་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། 

ཁུལ་གྱི་མགོ་ཁྲིད་ཀྲུང་ཀྲི་ཅུན་དང་། རུང་ཧུང་ཀྲི། སངས་འབུམ། སུའུ་བདུན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མདའ་བཞི་རྫོང་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་བཅས་གཅིག་སྡུད་ཐོག་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།    

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州发改委 图/祁连山报社全媒体记者 马淑珍

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章