ལས་བཟོ་བའི་སྨན་བཅོས་འགན་སྲུང་ལ་འགྱུར་བ་གསར་པ་བཏང་འདུག
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཞབས་ཞུའི་མགྲོན་སྣེ༼་APP༽ནང་གི་སྨན་བཅོས་འགན་སྲུང་དངུལ་ཁུག་སྤྱད་ནས་སུའུ་ཀྲོའུ་གྲོང་ཁྱེར་གྱི་སྡོད་དམངས་ཏུའུ་ལགས་ཀྱིས་སྐར་མ་གཅིག་ཙམ་མ་འགོར་བར་མོ་རང་སྒེར་གྱི་སྨན་བཅོས་བྱང་བུ་ནང་གི་དངུལ་དེ་རྒྱང་རིང་ཧོ་ནན་ཁུལ་དུ་ཡོད་པའི་ཕ་ལ་རྩིས་སྤོ་བྱས་ནས་སྨན་བཅོས་ལ་སྤྱོད་ཆོག་པར་གྱུར་ཡོད།
འདི་ལྟ་བུའི་ཞིང་ཆེན་ལས་བརྒལ་བའི་སྨན་བཅོས་འགན་སྲུང་གསབ་རེས་ཐབས་ལམ་མི་འགྱངས་པར་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོའི་ནང་སྤྱོད་སྒོ་ཐུབ་རྒྱུ་རེད།
སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཞབས་ཞུའི་མགྲོན་སྣེ༼་APP ༽ནང་གི་འགན་སྲུང་དངུལ་ཁུག་སྤྱོད་པའི་པར། ཅང་སུའུ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས།
ཟླ་12ཚེས་2ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་ཁྱེར་དུ་མི་སྒེར་གྱི་སྨན་བཅོས་འགན་སྲུང་བྱང་བུ་ཞིང་ཆེན་ལས་བརྒལ་ནས་འགན་སྲུང་གསབ་རེས་བྱེད་པའི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཅང་སུའུ་དང་ཧོ་པེ་སོགས་ཞིང་ཆེན་དགུ་ཡི་གཅིག་གྱུར་འཆར་འགོད་ས་ཁུལ་31ནས་སྒེར་གྱི་སྨན་བཅོས་འགན་སྲུང་དངུལ་བྱང་གི་ཞིང་ཆེན་ལས་བརྒལ་བའི་སྨན་དངུལ་གསབ་རེས་བྱེད་ནུས་དངོས་སུ་དྲ་ཐོག་ནས་སྤྱོད་འགོ་བརྩམས་ཡོད།
འདི་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་སུ་བསྟུད་མར་སྒེར་གྱི་སྨན་བྱང་ཐོག་ཞིང་ཆེན་ནང་ཁུལ་ནས་སྨན་བཅོས་འགན་སྲུང་གསབ་རེས་བྱེད་ཐུབ་པ་དང་། ཞིང་ཆེན་23ལ་སྨན་བཅོས་འགན་སྲུང་གསབ་རེས་དེ་གཉེན་ཉེ་ཚོས་ཀྱང་སྤྱོད་ཆོག་པར་རྒྱ་བསྐྱེད་བཏང་རྗེས་སླར་ཡང་སྒེར་གྱི་སྨན་བྱང་སྤྱད་ནས་མཉམ་དུ་སྨན་བཅོས་འགན་སྲུང་ཐུབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད།
ཞིང་ཆེན་ལས་བརྒལ་བའི་སྨན་བཅོས་འགན་སྲུང་གསབ་རེས་ཀྱིས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་དེ་ལས་མང་བར་ཕན་ཐོགས་ཡོད།
མིག་སྔར། རང་རྒྱལ་གྱི་ཞིང་ཆེན་ལས་བརྒལ་བའི་འགུལ་སྐྱོད་མི་གྲངས་ཕལ་ཆེར་དུང་ཕྱུར་1.5ལ་སྒེར་གྱི་སྨན་བཅོས་འགན་སྲུང་བྱང་བུ་ཞིང་ཆེན་བརྒལ་ནས་འགན་སྲུང་ཐུབ་ཀྱིན་ཡོད་པས་སྨན་བཅོས་འགན་སྲུང་ནང་ཞུགས་མི་ཡི་དགོས་མཁོ་དངོས་རྒྱ་བསྐྱེད་ཕྱིན་ཡོད་པ་རེད།
སྒེར་གྱི་སྨན་བཅོས་འགན་སྲུང་བྱང་བུ་སྤྱད་ནས་ཞིང་ཆེན་ལས་བརྒལ་བའི་འགན་སྲུང་གསབ་རེས་བྱེད་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་གསལ་བཤད་བྱས་པ་ལྟར་ན། སྒེར་གྱི་སྨན་བྱང་གཉེན་ཉེ་ཡི་བར་ནས་ཞིང་ཆེན་བརྒལ་ནས་འགན་སྲུང་གསབ་རེས་བྱས་པ་ཡིས་ཁྱིམ་ཚང་གི་སྨན་བཅོས་དཀའ་ངལ་ཇེ་ཆུང་གཏོང་བ་དང་། མི་སྒེར་དང་ཁྱིམ་ཚང་གི་ཉེན་འགོག་ནུས་པ་ཇེ་དགའ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། ཞིང་ཆེན་མི་གཅིག་པའི་ས་ཆར་ཡོད་པའི་ཁྱིམ་མི་ཡིས་སྟབས་བསྟུན་དང་ཕན་ནུས་ལྡན་པའི་སྒོ་ནས་སྒེར་གྱི་སྨན་དངུལ་སྤྱད་དེ་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་པ་རེད།
སྒེར་གྱི་སྨན་བྱང་བཀོལ་སྤྱོད་བྱེད་ཡུལ་ནི་རང་ཉིད་དང་བཟའ་ཟླ། ཕ་མ། བུ་ཕྲུག་བཅས་ཡིན་པ་ནས་གཉེན་ཉེ་ཡིས་ཀྱང་སྤྱོད་ཆོག་པར་གྱུར་པ་དང་། འགན་སྲུང་གསབ་རེས་ཀྱི་ས་ཁོངས་ནི་གཅིག་འགྱུར་འཆར་འགོད་ས་ཁུལ་ནས་ཞིང་ཆེན་ནང་ཁུལ་དང་དེ་ནས་ཞིང་ཆེན་བརྒལ་ནས་སྤྱོད་ཐུབ་པ་གྱུར་པས། ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་སྒེར་གྱི་སྨན་བྱང་འགན་སྲུང་གསབ་རེས་ཀྱི་སྲིད་ཇུས་ཇེ་བཟང་ཇེ་ལེགས་སུ་བཏང་ཞིང་། ལས་ཀ་འདིའི་རྒྱབ་ཏུ་དམངས་ཀྱི་རེ་བ་སྲིད་གཞུང་གིས་དང་ལེན་བྱས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཟབ་མོ་ཡོད་པ་ཤེས་ཐུབ། ༼ཞིབ་ཕྲའི་གནས་ཚུལ་འབྲེལ་ཡོད་ཐབས་ལམ་བརྒྱུད་ནས་རྒྱུས་ལོན་གནང་རོགས།༽
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག