གོ་རྒྱུ་ལྷག་པར་ཆེ་བའི་ཀོང་ཏོང་ཆང་གི་སྐད་ཆ་ཚིག་10

政务   2024-12-10 09:21   西藏  



དངུལ་མི་དང་བྲལ་ན། ཤོག་སྙིགས་ཁོ་ན་རེད།


མི་དངུལ་དང་བྲལ་ན། ཟོག་རོའི་དཔེ་ཟླར་གྱུར།


རྒོད་པོར་སྐུལ་མཁན་མེད་ཀྱང་། ནམ་འཕང་སྔར་བཞིན་གཅོད།



རྩྭ་ཕྲན་སྐྱོང་མཁན་མེད་ཀྱང་། སྐྱེ་སྟོབས་སྔར་བཞིན་འབར།



རི་སྐྱེས་མེ་ཏོག་ལ་གཟིགས་མཁན་མེད་ཀྱང་། དྲི་བསུང་སྔར་བཞིན་ཕྱོགས་བཞིར་འཐུལ།


སེམས་ནུས་ཡོད་རྒུས་ལས་ལ་བརྩོན་པ་ན། སྐྱེ་བོ་ཀུན་གྱི་བསམ་ཤེས་ཐོབ་དགོས་མེད།



གཡོ་ལྷད་མེད་པའི་མི་ཞིག་བྱས་པ་ན། སྐྱེ་བོ་ཚང་མའི་དགའ་བསུ་ཐོབ་དགོས་མེད། 


དོགས་པའི་མིག་མདའ་འཕངས་ཤིང་འཕྱ་སྨོད་ཀྱི་སྣ་ཤུ་བསྒྲགས་རུང་། ཁ་ཡ་བྱེད་དགོས་མེད། བརྩོན་པ་སྐྱེད་པའི་ལམ་ནི་གྲོགས་མེད་ཁེར་རྐྱང་གི་ལམ་དང་འོད་སྟོང་འབར་བའི་ལམ་ཞིག་རེད།


ལམ་བར་དུ་ཁ་ཆག་སྣ་རལ་ཅི་ཞིག་བྱུང་རུང་། ང་ཚོས་རིག་པ་ལྕགས་སྐུད་ལྟར་སྒྲིམ་དགོས། 


འཇིག་རྟེན་འདིར་སླེབས་ཟིན་པས། དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྱེལ་དགོས་ཨང་།


སྒོར་གཞས་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ནི……

གྱོད་གཞི་ཆེ་གྲས་6རྩད་ཆོད་འདུག

སྣ་སུན་ཕོག་རྒྱུ་མེད་པ་གང་ཡིན། ཡང་ལྷ་ས་ནས་རྩད་ཆོད་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章