ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག

政务   2024-12-08 12:11   西藏  

གངས་འབབ་རྒྱུ།


    ཟླ་12ཚེས་7ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ཟླ་12ཚེས་8ཉིན་གྱི་མཚན་མོ་ནས་ཚེས་10ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཉིང་ཁྲིའི་ས་བབ་མཐོ་བའི་རི་ཁུལ་བཅས་སུ་གངས་ཆེན་པོ་འབབ་རྒྱུ་ཡིན་པ་དང་།  དེའི་རིང་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་ས་ཆ་མང་ཆེ་བར་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་དང་ཐོལ་རླུང་རིམ་པ་9ནས་11བར་རྒྱག་རྒྱུ་རེད་འདུག གཞན་ཡང་གོང་གསལ་གྱི་ས་ཆ་ཁག་གཅིག་ཏུ་གངས་ཆེན་པོ་དང་རླུང་ཆེན་པོའི་གནོད་འཚེའི་ཉེན་ཁ་ཆེ་ཙམ་ཡང་ན་འབྲིང་ཙམ་ཡོད་པ་དང་། གངས་བབས་པ་དང་། གངས་གསོག་ཐེབས་པ། གངས་ལྷགས་བརྒྱབ་པ་བཅས་ཀྱིས་རྐྱེན་པས་འགྲོ་ལམ་དུ་གངས་གསོག་ཐེབས་ནས་འཁྱགས་པ་ཆགས་པ་དང་མཐོང་ལམ་མི་གསལ་བར་གྱུར་ཏེ། འགྲོ་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེན་པོ་བཟོ་ཉེན་ཡོད་པ་དང་། ལྷགས་པ་ཆེན་པོ་བརྒྱབ་པ་དང་གངས་གསོག་ཐེབས་པའི་རྐྱེན་གྱིས་ཞིང་འབྲོག་པའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་ཉེན་ཡོད། ས་ཆ་ཁག་གཅིག་ཏུ་ཐོལ་རླུང་ཆེན་པོ་ལྡང་ནས་གནས་སྐབས་ཀྱི་སྐྲུན་དངོས་དང་བརྡ་ཁྱབ་བྱང་བུ་སོགས་རྡིབ་འགྱེལ་ལྷུང་གསུམ་གྱི་ཉེན་ཡོད་པ་རེད།
    སྔོན་དཔག་བྱས་ན། ཚེས་8ཉིན་གྱི་མཚན་མོ་ནས་ཚེས་9ཉིན་བར་རྩྭ་མདའ་དང་། སྤུ་ཧྲེང་། འབྲོང་པ། ས་དགའ། སྐྱིད་གྲོང་། གཉའ་ནང་བཅས་སུ་གངས་འབྲིང་བ་ནས་ཆེ་བའི་བར་དང་ས་ཆ་ཁ་ཤས་སུ་ཆེ་བ་ནས་ཤུགས་ཆེན(ཧའོ་སྨི་5~10)བར་འབབ་རྒྱུ་དང་། གངས་གསོག་མཐུག་ཚད་ལི་སྨི་3ནས་7བར་ཟིན་རྒྱུ་དང་མཉམ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་རེད་འདུག
    ཚེས་9ཉིན་གྱི་མཚན་མོ་ནས་ཚེས་10ཉིན་བར་མེ་ཏོག་དང་། སྤོ་བོ། སྨན་གླིང་། སོག་རྫོང་བཅས་སུ་གངས་འབྲིང་བ་ནས་ཆེ་བའི་བར་དང་། ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ(ཧའོ་སྨི་10~15)འབབ་རྒྱུ་དང་། གངས་གསོག་མཐུག་ཚད་ལི་སྨི་7ནས་12བར་ཟིན་རྒྱུ་དང་མཉམ་དུ་ཐོལ་རླུང་རིམ་པ་7ནས་8བར་རྒྱག་རྒྱུ་རེད་འདུག

གནམ་གཤིས་སྡེ་ཚན་གྱིས་གྲོས་འགོ་བཏོན་དོན།
    གཅིག མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཉིང་ཁྲིའི་ས་བབ་མཐོ་བའི་རི་ཁུལ་བཅས་སུ་གངས་མངོན་གསལ་དོད་པོས་འབབ་རྒྱུ་དང་། གངས་བབས་པ་དང་། གངས་གསོག་ཐེབས་པ། ལྷགས་པ་ཆེན་པོ་བརྒྱབ་པ་བཅས་ཀྱིས་རྐྱེན་པས་འགྲོ་ལམ་དུ་གངས་གསོག་ཐེབས་ཏེ་འཁྱགས་པ་ཆགས་པ་དང་མཐོང་ལམ་མི་གསལ་བར་གྱུར་སྲིད་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས། 
        གཉིས། མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་ས་ཆ་མང་ཆེ་བར་ལྷགས་པ་ཆེན་པོ་བརྒྱབ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་འབྲོག་པའི་སྒྲིག་བཀོད་ལ་གནོད་སྐྱོན་བཟོ་ཉེན་ཆེ་བས། ཞིང་ལས་སྒྲིག་བཀོད་དང་། གནས་སྐབས་སྐྲུན་དངོས། བརྡ་ཁྱབ་བྱང་བུ་སོགས་ལ་རླུང་འགོག་བརྟན་གཏོང་གི་ལས་ཀ་བྱེད་དགོས།


ད་ལོའི་དགུན་ཁའི་གུང་གསེང་གི་དུས་ཚོད་གཏན་འཁེལ་འདུག

ད་ལོའི་བོད་ཀྱི“ཁྲིམས་སྐྱོང་མི་སྣ”བཅུ་ནི་ཁོང་རྣམ་པ་རེད་འདུག

ཁྱེད་རང་ས་ཆ་འདི་དག་ལ་ཕེབས་མྱོང་ངམ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章