བོད་ཀྱིས་ནད་གཞི་དམིགས་བསལ་ཕོག་པའི་བྱིས་པ་ཞིག་སྐྱོབ་བཅོས་བྱས་པ།

政务   2024-12-10 13:26   西藏  

ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གིས་རང་ལྗོངས་ཀྱི་རྒྱུངས་པ་འཁུམ་པའི་བྱིས་པ་ཞིག་ལ་སྐྱེ་དངོས་སྨན་སྦྱོར་གྱི་སྨན་བཅོས་ཐོག་མ་བྱས་པས་རང་ལྗོངས་ཀྱི་མཐོང་དཀོན་པའི་བྱིས་པའི་ནད་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་ཀྱི་རྩ་ཆེའི་ཉམས་མྱོང་བསགས་ཡོད་ལ་མཐོང་དཀོན་པའི་བྱིས་ནད་ཕོག་པའི་ཁྱིམ་ཚང་ལའང་རེ་བ་སྦྱིན་ཡོད།

ནད་པ་སྒྲོལ་མམིང་ཚབའདི་ལོ་ལོ་གསུམ་ལ་སླེབས་པ་དང་ལོ་གཉིས་གོང་གློ་བུར་དུ་རྐང་པ་གཉིས་པོར་ཤུགས་མེད་པར་འགྱུར་ནས་ལངས་སྐབས་མི་གཞན་གྱིས་སྐྱོར་དགོས་པ་མ་ཟད། གོམ་པ་འགོར་བ་དང་གོམ་པ་སྤོ་སྟངས་རྒྱུན་ལྡན་མིན་པ་སོགས་ཀྱི་ནད་རྟགས་ཐོན། དེ་རྗེས་ཧྭ་ཤིས་སྨན་ཁང་དུ་བརྟག་དཔྱད་བྱས་རྗེས། བྱིས་པ་དེར་རྒྱུངས་པ་འཁུམ་པའི་ནད་ཕོག་པའི་གཏན་འཁེལ་བྱས་པ་རེད། མ་གཞི་ནད་གཞི་གཏན་འཁེལ་ཐུབ་རུང་། འོན་ཀྱང་རྗེས་ཀྱི་དཀའ་གནད་ཆེ་བའི་སྨན་བཅོས་དང་། ས་ཐག་རིང་བ། དུས་ཐོག་ཏུ་སྨན་བཅོས་བྱེད་དཀའ་བ། སྨན་བཅོས་དུས་ཡུན་རིང་བ་བཅས་ཀྱིས་རྐྱེན་པས་ཁྱིམ་བདག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད།

“ནད་པ་གཙོ་བོར་འཛིན་པའི”འདུ་ཤེས་ལ་བརྟེན་ནས་ཧྭ་ཤིས་ཞོར་གཏོགས་སྨན་ཁང་གཉིས་པའི་བྱིས་པའི་དབང་རྩའི་ཚན་ཁག་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་གི་འབད་བརྩོན་འོག ནད་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བྱིས་ནད་ཚན་ཁག་གིས་སྨན་ཁང་དུ་ཉར་བ་དང་། བྱིས་ནད་ཚན་ཁག་གིས་བརྟག་དཔྱད་གང་ལེགས་བྱས་རྗེས་པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་བྱིས་པའི་སྨན་བཅོས་ལྟེ་གནས་ཀྱི་དབང་རྩའི་ཚན་ཁག་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དྲག་སྐྱེད་ཚན་ཁག་གི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་དྲ་ཐོག་དང་སྨན་ཁང་ནས་ནད་དཔྱད་བྱས་ནས་སྨན་བཅོས་ཇུས་གཞི་ཞིབ་ཕྲ་བཟོས་ཏེ། གསོ་རིག་པུའུ་སོགས་སྡེ་ཚན་གྱི་ཕྱོགས་མང་པོའི་འབད་བརྩོན་འོག་སྐྱེ་དངོས་སྨན་སྦྱོར་ཉོ་སྒྲུབ་ཐུབ་ནས་ནད་པར་དྲག་སྐྱེད་ཡོང་བའི་རེ་བ་སྦྱིན་ཡོད་པ་རེད།


སྒོར་གཞས་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ནི……

གྱོད་གཞི་ཆེ་གྲས་6རྩད་ཆོད་འདུག

སྣ་སུན་ཕོག་རྒྱུ་མེད་པ་གང་ཡིན། ཡང་ལྷ་ས་ནས་རྩད་ཆོད་འདུག





རྩོམ་སྒྲིག་པ་གཙོ་བོ། བློ་བསྟན།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章