གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཁུངས་སྣེ་འཚོལ་གྱི་འདུག

政务   2024-10-24 13:15   西藏  


ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་
བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

    ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྔར་བས་སྐུལ་སྤེལ་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། བློ་སེམས་གཅིག་སྒྲིལ་དང་ངར་ཤུགས་ལྡན་པའི་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་ལས་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། དེ་བཞིན་ཏང་ཡོན་ལས་བྱེད་པ་བཅས་ཀྱི་ཁྲོད་དུ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱ་རྒྱུ་ཡིན་པས། ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ་ཏེ།

གཅིག གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུའི་ཁྱབ་ཁོངས།
    (གཅིག) ཡིག་ཆ་དང་ཚོགས་འདུའི་གནད་དོན་གྲས་སུ། རྩོམ་སྲོལ་གཅམ་བུའི་ཚིག་དང་ལྡན་པ་དང་། སྤུས་ཚད་མཐོ་པོ་མེད་པ། རྩོམ་ཡིག་རིང་དྲགས་པ། དོན་དངོས་དང་མི་མཐུན་པ། ནང་དོན་སྟོང་པ་ཡིན་པ། མཛུབ་སྟོན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་མི་འདང་བ། ཡིག་ཆ་མཚལ་མགོ་མའི“རྣམ་པ་བསྒྱུར་ནས”སྤྱིར་བཏང་གི་ཡིག་ཆ་སོགས་ཀྱི་ཐད་ནས་བཀྲམ་པ། ཚོགས་འདུ་རིམ་པ་མང་པོ་ཚོགས་པ་དང་། ཕན་འབྲས་ཆུང་ལ་བསྐྱར་ཟློས་བྱེད་པ། ཚོགས་འདུའི་དུས་ཚོད་རིང་ལ་ནང་དོན་སྟོང་པ་ཡིན་པ། ཚོགས་ཞུགས་ཀྱི་ཁྱབ་ཁོངས་དང་གཞི་ཁྱོན་གང་བྱུང་དུ་ཆེ་རུ་གཏོང་བ་སོགས་ཚུད་ཡོད།
    (གཉིས) ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཀྱི་གནད་དོན་གྲས་སུ། ལྟ་སྐུལ་ཞིབ་བཤེར་ཡང་ཡང་བྱེད་པའམ་མང་པོ་བྱེད་པ་དང་། དཔྱད་ཞིབ་ཁྲོད“དཔྱད་གཞི”སོགས་གཙིགས་སུ་བཟུང་བ། དཔྱད་ཞིབ་ཀྱི་དམིགས་ཚད་མང་ཞིང་རྙོག་པ། གང་འདོད་ལྟར“སྤ་སེ་གཅིག་གིས་ཕྲུ་སློག་པའི་ལམ་ལུགས”བཟོ་བ་དང་འགན་འཁྲིའི་ཡི་གེ་འཇོག་པ་སོགས་ཚུད་ཡོད།
    (གསུམ) སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་གྲས་སུ། མི་དམངས་ངལ་དུབ་དང་རྒྱུ་ནོར་འཕྲོ་བརླག་འགྲོ་བའི“སྲིད་དོན་ལས་རྗེས་ཀྱི་འདུ་འགོད”དང“རྟགས་མཚོན་འདུ་འགོད”“ངོ་སོའི་འདུ་འགོད”བཅས་གཉེར་བ་དང་། “མངོན་ཆེའི་གྲུབ་འབྲས”ལ་སྣང་ཆེན་དང“མངོན་མེད་གྲུབ་འབྲས”ལ་སྣང་ཆུང་བྱེད་པ། གོང་རིམ་ནས་སྤྲད་པའི་ལས་འགན་ལ་འཁྲི་འགན་རིམ་སྣོན་བྱེད་པ་སོགས་ཚུད་ཡོད།
    (བཞི) སློབ་སྦྱོང་དང་བརྟག་ཞིབ་ཀྱི་གནད་དོན་གྲས་སུ། སློབ་སྦྱོང་བྱེད་རྒྱུ་དེ་རྣམ་པ་ཙམ་དུ་བསྒྱུར་ནས་ཕྱི་ཚུལ་ཙམ་དུ་ལུས་པ་དང་། བརྟག་ཞིབ་བྱེད་སྐབས་རིམ་པ་སོ་སོ་ནས་རོགས་པ་ཁྲིད་པ་དང་སྟབས་བདེའི་ངང་དཔྱད་གཞིའི་ཡིག་ཆ་ལྟ་བ་དང་། སྙན་ཞུ་ཉན་པ། བརྟག་དཔྱད་བྱས་པ་ལས་ཞིབ་འཇུག་མི་བྱེད་པ་སོགས་ཚུད་ཡོད།
    (ལྔ“མཛུབ་སྣེའི་ཕྱི་ཚུལ་རིང་ལུགས”ཀྱི་གནད་དོན་གྲས་སུ། སྲིད་དོན་ཉེར་སྤྱོད་ཀྱི་གོ་རིམ་རྙོག་འཛིང་ཆེ་བ་དང་། བཙན་ཤེད་ཀྱིས་དེབ་སྐྱེལ་ཐོ་འགོད་དང་། འབྱོར་ཐོ་འགོད་པ། སྐར་གསོག་ཨང་རིམ་སྒྲིག་པ། དྲ་བར་ཞུགས་པའི་དུས་ཚོད། དོ་ཁུར། མོས་བསྟོད་བཅས་ཐད་བླང་བྱ་འདོན་པ། ལས་ཀའི་སྐད་འཕྲིན་ཚོགས་པ་མང་དྲགས་པ་སོགས་ཚུད་ཡོད།
    (དྲུག) གྲོང་གསེབ་དར་རྒྱས་ཁྲོད་གནས་པའི་གནད་དོན་གྲས་སུ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཁྲོད“ངལ་བ་འབྲས་མེད”དང“འདྲ་ཆགས་པོ”བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ཁྲོད་དོན་དངོས་དང་མི་མཐུན་པའི་ལས་འགན་དང་དུས་ཚད་བཟོ་བ། བཙན་ཤེད་ཀྱིས་ཤིང་སྡོང་གཅོད་པ་དང་། འབྲས་ཤིང་མེད་པར་བཟོ་བ། རྫིང་བུ་རྒྱོང་བ། ས་ཞིང་བསྐྱར་དུ་འདེབས་ཁུལ་བྱེད་པ་སོགས་ཚུད་ཡོད།
    (བདུནགཞི་རིམ་གྱི་ལས་བྱེད་པ་གཡར་འཐེན་བྱེད་པའི་གནད་དོན་གྲས་སུ། རྫོང་དང་ཤང་དང་གྲོང་རྡལ་ཁག་ནས་ལས་བྱེད་པ་གཡར་འཐེན་བྱེད་མང་དྲགས་པ་དང་། གང་བྱུང་དུ་གཡར་འཐེན་དང་། བཙན་ཤེད་ཀྱིས་གཡར་འཐེན། གཡར་འཐེན་ལ་ཁ་གཡར་ནས་གཞི་རིམ་གྱི་ལས་བྱེད་པ་ཡུན་རིང་སྤྱོད་པ་སོགས་ཚུད་ཡོད།
    (བརྒྱདདཔེ་སྟོན་བྱེད་སྒོ་འཛུགས་གཏོད་ཐད་ལ་གནས་པའི་གནད་དོན་གྲས་སུ། འཛུགས་གཏོད་སྟོན་གྲངས་ཀྱི་རྣམ་གྲངས་མང་བ་དང་། འཁྲི་འགན་རིམ་སྣོན། དྲིལ་བསྒྲགས་བྱེད་ཐལ་ཤོར་བ། བྱེད་ཐབས་ཕྱི་མཛེས་ནང་སྟོང་། འཛུགས་གཏོད་བརྒྱུད་རིམ་ཁྲོད་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཚུད་ཡོད།
    (དགུ) དུས་སྟོན་གྱི་གླེང་སྟེགས་དང་འགྲེམས་ཚོགས་ལ་གནས་པའི་གནད་དོན་གྲས་སུ། དུས་སྟོན་གྱི་གླེང་སྟེགས་དང་འགྲེམས་ཚོགས་ལ་ཞིབ་དཔྱད་ནན་པོ་མི་བྱེད་པ་དང་། ཞིབ་དཔྱད་མང་དྲགས་པ། ཞིབ་དཔྱད་ཀྱི་ཕན་འབྲས་མི་ཐོན་པ། ལས་མི་གླས་ནས་མི་མང་པོ་སླེབས་པའི་བཟོ་འདོན་པ་སོགས་ཚུད་ཡོད།
    (བཅུ) གཞི་རིམ་བཅོས་སྐྱོང་ཐད་ཀྱི་གནད་དོན་གྲས་སུ། གྲོང་ཚོའི(སྡེ་ཁུལ)སྒོ་བྱང་མང་དྲགས་པ་དང་ཚད་ལྡན་བཀལ་མེད་པ། ཆོག་མཆན་མ་ཐོབ་པར་གོང་རིམ་འགན་ནུས་སྡེ་ཚན་གྱིས་ལས་ཀའི་འགན་འཁྲི་གང་བྱུང་དུ་ཤང་གྲོང(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)ལ་གཤམ་སྤྲོད་བྱེད་པ་སོགས་ཚུད་ཡོད།
    (བཅུ་གཅིགཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བའི་ཕྱོགས་གཞན་དག་གི་མངོན་གསལ་དོད་པའི་གནད་དོན་བཅས་སོ།

གཉིས། འཚོལ་བསྡུ་བྱེད་སྟངས།
    དྲ་ཚིགས། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཙོ་ཆེའི་དྲ་ཚིགས“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལྟ་སྐུལ་ཡིག་སྒམ”(https://www.xzdw.gov.cn/public/jdxx/)
ཡིག་བསྐུར་ས་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་སྒམ་ཨང་རྟགས་8501པ།
འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6820599

རང་སྐྱོང་ལྗོངས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་ལས་ཁང་གིས།
2024ལོའི་ཟླ་10ཚེས་22ཉིན།


རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཁོང་གིས……

2025ལོའི་ཟླ་1ཚེས་1ཉིན་ནས་དངུལ་འདི་འདྲ་ཞིག་ལེན་རྒྱུ་འདུག

རང་ཉེས་ངོས་ལེན་ཞུས་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།
ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章