ནང་པས་ཀྱང་ཆབ་སྲིད་དང་ལག་འབྲེལ་གྱིས་བྱ་བ་ངན་པ་སྒྲུབ་ཡོད་དམ།

健康   2025-02-02 14:33   四川  

བོད་ཤིང་འབྲུག་ལོའི་བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཅུ་གསུམ་ཉིན་དང་། ཕྱི་ལོ2024ལོའི་ཟླ8ཚེས17ཉིན།

    མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་འཆད་ཁྲིད་གནང་བཞིན་པའི་ཉང་གཏེར་ཞལ་གདམས་ཀྱི་ཉིན་ཞེ་བཞི་པའི་འཆད་གཞུང་ལས་ཆོས་དང་གང་ཟག་ལ་མ་སྨད་ཅེས་པའི་དོན་དང་འབྲེལ་ཏེ་རིས་གཅོད་ཀྱི་སྐྱོན་དང་། རིས་མེད་ཀྱི་ཡོན་ཏན་དཔེ་དང་སྦྱར་ཏེ་ལེགས་པར་གསུངས་ཤིང་རིས་མེད་མཐུན་འབྲེལ་ལ་སླར་ཡང་འབོད་སྐུལ་གལ་ཆེན་གནང་། ཡེ་ཤུའི་དང་ཁ་ཆེ་སོགས་ཆོས་ལུགས་གཞན་དང་བསྡུར་ན་གནད་དོན་ཆུང་ཆུང་རེད་མ་གཏོགས་ནང་པས་ཀྱང་ཆབ་སྲིད་དང་ལག་འབྲེལ་བྱས་ཏེ་དམག་འཁྲུག་བྱས་འདུག་ཅེས་དབྱིན་ཡིག་དང་རྒྱ་ཡིག་གི་སྟེང་བཀོད་ཡོད་པ་རེད། འདས་པའི་ལོ་རྒྱུས་ལ་བལྟས་ན་ཡང་གནད་དོན་དེ་འདྲ་བྱུང་ཡོད། 

བླ་རུང་སྒར་འདིར་མཚོན་ན་ཡང་ཕྱོགས་རིས་ཁྱོན་ནས་མེད་ཟེར་དཀའ་ཡང་། སྦྱང་གཞི་དང་ཁ་ཕྱོགས་སོགས་གང་ལ་བལྟས་ན་ཡང་། གཞན་གྱིས་ཅི་བཤད་ཀྱང་ཆོག ལྟོས་བཅས་ཀྱིས་ཕྱོགས་རིས་མེད་པ་ཡིན་ནི་རེད་ཅེེས་སོགས་གསེར་སྲང་སྟོང་གིས་མི་ཁུགས་པའི་ལམ་སྟོན་གྱི་གསུང་བཤད་གལ་ཆེན།


གལ་ཆེའི་གསུང་གི་སྤྱིའི་ཆིངས་སེམས་ཀྱི་སྨན་ཚང་གིས་ངོ་སྤྲོད་ཉུང་ཙམ་དང་འབྲེལ་ཏེ་འོས་སྦྱོར་བྱས་ཡོད་པས་རྣམ་པ་ཚང་མས་གསུང་བཤད་ཀྱི་སྒྲ་དངོས་ལ་གསན་པར་ཞུ།

 

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章