དམན་པ་ལ་རང་དབང་སྤྲད་དགོས། མཐོ་བ་ལ་སློབ་སྦྱོང་བྱ་དགོས།
མཉམ་པ་ལ་གུ་ཡངས་གནང་དགོས། འདི་ལ་བསམ་པའི་དཔལ་ཡོན་ཟེར།
赐予劣者自由,为榜胜者学习,
善待等者宽容,此为精神文明。
རང་རིགས་ལ་དུང་བ་ཟབ་དགོས། ཕ་སྐད་ལ་བྱང་ཆ་ཐོན་དགོས།
མ་ཡིག་ལ་སྦྱངས་བ་ཆེ་དགོས། འདི་ལ་མི་རིགས་ཀྱི་འདུ་ཤེས་ཟེར།
热爱自族拥护,熟练父语掌握,
学透母文应用,此为民族意识。
རྒན་པ་ལ་གུས་ཚིག་ཞུ་དགོས། གཞོན་པ་ལ་བཟང་སྤྱོད་བསླབ་དགོས།
རང་ཁྱིམ་ལ་བརྩེ་བ་ཟབ་དགོས། འདི་ལ་ཁྱིམ་མིའི་སློབ་གསོ་ཟེར།
恭敬长辈言语,教育少年美德,
深爱家人永久,此为家庭教育。
༢༠༢༥-༡-༢༧ལ་མགོ་ལོག་རབ་ལྡན་ནས།
果洛瑞丹于2025/1/27留