དབྱེ་ཞིབ་དང་ལྡན་པ། ཤེས་རབ་ཀྱིས་ཟིན་པའི་མ་ནོར་བའི་ལམ་སྟོན།

健康   2025-02-01 11:37   四川  

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོད་ཤིང་འབྲུག་ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་བཞི་དང་། ཕྱི་ལོ2024ལོའི་ཟླ6ཚེས30ཉིན་ཏེ་ཏུན་ཧོང་ཡིག་རྙིང་ལས་ཐོན་པའི་ཕུ་བོོས་ནུ་བོོར་བཏམས་ཤིིང་བསྟན་པའིི་མདོོའི་འཆད་ཁྲིད་ཀྱི་ཉིན་ཐ་མའི་འཆད་གཞུང་ལས་ཡངས་པར་གློད་དེ་བཞག་ན་ལེགསོ།། ཞེས་པའི་དོན་དང་འབྲེལ་ཏེ་རིག་གཞུང་གི་རྩོད་པ་ནི་དྲྭ་ལམ་གྱི་ཁ་ཆུའི་རྩོད་པ་དང་མི་འདྲ་བས་དྲྭ་ལམ་ཡིན་ན་ཆོག ཆོས་ར་ནས་ཡིན་ན་ཆོག་ནམ་ཡང་རིག་གཞུང་གི་དགག་སྒྲུབ་ཡོད་དགོས། གལ་ཏེ་བླ་རུང་སྒར་ལ་སུས་ཀྱང་རིག་གཞུང་གི་དགག་སྒྲུབ་བྱས་ཡོང་ན་དེ་ལ་དོ་སྣང་བྱས་ཏེ་སྐྱོན་ཡོད་ན་ཁས་ལེན་དགོས། སྐྱོན་མེད་ལ་རིགས་ལམ་གྱིས་ལན་སློག་དགོས། དེ་མིན་དྲྭ་ལམ་གྱི་ཁ་ཆུའི་རྩོད་པར་སུས་ཀྱང་དོ་སྣང་བྱེད་མི་དགོས་ལ། དོ་སྣང་གི་རིན་ཐང་ཡང་ཡོད་པ་མ་རེད། ཁོང་ཅག་མ་ངལ་ན་ཤོད་ཀི་སྡོད་དང་འགྲིག་གི་རེད་ཅེས་སོགས་གསུངས།

 

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章