2025 ཁྲོམ་ཕུའི་སྲིད་འཛིན་འགན་བཞེས་ཀྱི་གཏམ་བཤད། 2025.1.20

健康   2025-01-21 16:33   四川  

2025 ཁྲོམ་ཕུའི་སྲིད་འཛིན་འགན་བཞེས་ཀྱི་གཏམ་བཤད།


 ཡིག་སྒྱུར་བ། ཁམས་པ་བེ་དུང་།  

   ས་གནས་དེ་གའི་དུས་ཚོད2015ལོར་ཟླ1པའི་ཚེས20ཉིན་གྱི་ཉིན་གུང་ལ་ཐྲི་རམ་ཕོ་ཡིས་ཨ་རིའི་རྒྱལ་ས་ཝ་ཧྲིན་ཐྲིན(Washington,华盛顿)གྱི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་སྒོར་དབྱིབས་ཚོམས་ཆེན་ནས་ཨང47པའི་ཨ་རིའི་སྲིད་འཛིན་གྱི་ལས་འགན་བཞེས་པའི་དམ་བཅའ་བཞག་ཅིང་།  ཉིན་འདིར་ཐྲི་རམ་ཕོ་ཡིས་ཁོའི་རྒྱུན་མཐུད་མིན་པའི་སྲིད་འཛིན་འགན་འཛིན་ཡུན་ཐེངས་གཉིས་པ་མགོ་བརྩམས་པ་དང་། གཟའ་ཟླ་བར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་རོ་བྷེར་ཐྲི་ཡིས་སྲིད་འཛིན་འགན་བཞེས་དམ་བཅའི་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་། གྲང་ངར་ཧ་ཅང་ཆེ་བའི་རྐྱེན་གྱིས་ད་རེས་ནི1985ལོ་ནས་ཚུན་བྱུང་མ་མྱོང་བའི་རྣམ་པ་ཅན་ཏེ་ཁང་པའི་ནང་ནས་ལས་འགན་བཞེས་པའི་དམ་འཇོག་མཛད་སྒོ་སྤེལ་བ་རེད།   


      རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧ་ཅང་བཀའ་དྲིན་ཆེ། སྲིད་འཛིན་གཞོན་པ་ཝེན་སི(Vance,万斯) དང་སྒྲོན་སིན (Johnson,约翰逊 )གྲོས་ཚོགས་ཀྱི་མགོ་པ།    ཐྲིན(Thune,图恩)གྲོས་ཚོགས་ཀྱི་མགོ་འཛིན་དང་། དབུ་བཞུགས་ཁྲིམས་དཔོན་ཆེན་མོ་རོ་བྷེར་ཐྲི(Roberts,罗伯茨)སྲིད་འཛིན་ཁཱ་ཐྲ(Carter,卡特)   སྲིད་འཛིན་ཁི་ལིན་ཐྲིན(Clinton,克林顿)  སྲིད་འཛིན་བྷོ་ཧྲི(Bush,布什)  སྲིད་འཛིན་ཨོ་བྷ་མ(Obama,奥巴马) སྲིད་འཛིན་ལྗོ་བྷ་སྒྲིན(Joseph Biden ,拜登) སྲིད་འཛིན་གཞོན་པ་ཧེར་སི(Harris,哈里斯)བཅས་དང་དེ་བཞིན་ངའི་སྤུན་ཟླ་རྣམ་པ་ཚོ།

       ཨ་རིའི་གསེར་གྱི་དུས་རབས་ད་ལྟ་མགོ་བརྩམས་པ་ཡིན་ལ་དེ་རིང་ནས་བཟུང་ང་ཚོའི་རྒྱལ་ཁབ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་རྒྱུ་ཡིན་པས་འཛམ་གླིང་ཡོངས་ཀྱིས་ཡང་བསྐྱར་ང་ཚོ་ལ་བརྩི་བཀུར་འཐོབ་རྒྱུ་རེད། ང་ཚོ་ནི་རྒྱལ་ཁབ་སོ་སོའི་ཡིད་སྨོན་བྱ་ཡུལ་དུ་འགྱུར་ངེས་ཡིན། ང་ཚོས་རང་ཉིད་གཞན་པར་བཀོལ་སྤྱོད་བྱེད་དུ་འཇུག་མི་སྲིད། ཐྲི་རམ་ཕོའི་སྲིད་གཞུང་གི་ཉིན་རེ་རེ་ལའང་ངས་ཧ་ཅང་སྟབས་བདེའི་ངང་ཨ་རི་ཨང་དང་པོར་འཇོག་སྲིད། ང་ཚོའི་བདག་དབང་ཕྱིར་ལེན་རྒྱུ་ཡིན་ལ་ང་ཚོའི་བདེ་འཇགས་སླར་གསོ་བྱེད་ངེས་ཡིན། དྲང་བདེན་གྱི་རྒྱ་སྲང་ཡང་བསྐྱར་དོ་མཉམ་ཡོང་བར་བྱེད་རྒྱུ་ཡིན།    ཁྲིམས་འཛིན་པུའུ་དང་ང་ཚོའི་སྲིད་གཞུང་གིས་སྡུག་རྩུབ་དང་དྲག་ཤུགས། འདྲ་མཉམ་མིན་པའི་མཚོན་ཆ་ཅན་བཅས་མཇུག་རྫོགས་པར་བྱེད་རྒྱུ་རེད།

       ང་ཚོའི་ལས་འགན་གཙོ་བོ་ནི་ང་རྒྱལ་དང་དར་རྒྱས། རང་དབང་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་ཡིན། ཨ་རི་མགྱོགས་མྱུར་ངང་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་རླབས་ཆེ་བ་དང་སྟོབས་ཤུགས་ཆེ་བ། ཕུལ་དུ་བྱུང་བ་བཅས་སུ་འགྱུར་ངེས་རེད། ང་རང་ཡིད་ཆེས་ཀྱིས་ཁེངས་ཤིང་སྤྲོ་སྣང་ལྡན་པའི་ངང་ནས་སྲིད་འཛིན་གྱི་བཞུགས་ཁྲི་རུ་ཕྱིར་ལོག་པ་དང་། ད་ལྟ་ང་ཚོ་ནི་མི་སེམས་འགུལ་བའི་རྒྱལ་ཁབ་ཅིག་ལེགས་འགྲུབ་ཡོང་བའི་དུས་རབས་གསར་པའི་མགོ་ཚུགས་སར་གནས་ཡོད་པ་དང་། འཕོ་འགྱུར་གྱི་རྦ་རླབས་རྒྱལ་ཡོངས་སུ་ཁྱབ་རྒྱུ་དང་དྲོ་འཇམ་གྱི་ཉི་འོད་འཛམ་གླིང་ཡོངས་སུ་འཕྲོ་བཞིན་ཡོད་པས་ཨ་རི་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་འདི་དམ་འཛིན་བྱེད་པའི་གོ་སྐབས་ཡོད་པར་ཡིད་ཆེས་ཡོད།    

      འོན་ཀྱང་ཐོག་མར་ང་ཚོས་ངེས་པར་དུ་ང་ཚོར་འཕྲད་པའི་འགྲན་རྩོད་ལ་གདོང་གཏོད་དགོས།    འགྲན་སློང་གི་རིགས་ཧ་ཅང་མང་མོད་འོན་ཀྱང་འཛམ་གླིང་ཡོངས་ཀྱི་མིག་མཐོང་ལག་ཟིན་འོག་ཨ་མེ་རི་ཁ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལེགས་ཆ་ཆེན་པོ་འདིས་འགྲན་སློང་དེ་དག་རྩ་མེད་དུ་གཏོང་ངེས་ཡིན།   ང་ཚོ་དེ་རིང་མཉམ་དུ་འཛོམས་པའི་སྐབས་སུ་ང་ཚོའི་སྲིད་གཞུང་ལ་ཡིད་ཆེས་ཀྱི་ཉེན་ཁ་འཕྲད་ཡོད།     ལོ་མང་པོའི་རིང་ལ་དྲག་སྐྱོད་ཅན་དང་རུལ་སུངས་སུ་གྱུར་པའི་ལས་ཁུངས་ཤིག་གིས་ང་ཚོའི་སྤྱི་དམངས་ཀྱི་ས་ནས་དབང་ཆ་དང་རྒྱུ་ནོར་ཧམ་ལེན་བྱས་ཤིང་དེ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཀ་བ་ཆག་ནས་ནས་ཞིག་གསོ་མ་བྱས་པ་ལྟ་བུ་རེད། དེ་སྔོན་ང་ཚོར་རྒྱལ་ནང་གི་ཉམས་ཉེན་སྟབས་བདེ་ཞིག་ཀྱང་དོ་དམ་བྱེད་ཐབས་བྲལ་བའི་སྲིད་གཞུང་ཞིག་ཡོད་པ་དང་།


     དེ་དང་དུས་མཚུངས་སུ་ཕྱི་རྒྱལ་དུ་གོད་ཆག་གི་རང་བཞིན་ལྡན་པའི་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད། དེས་ང་ཚོའི་རླབས་ཆེ་ཞིང་ཁྲིམས་སྲུང་བའི་ཨ་རིའི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་མ་ཐུབ་པར་ཉེན་ཁ་ཆེ་བའི་ཉེས་ཅན་ལ་འགེབ་སྲུང་བྱས་པ་དང་། ཉེས་ཅན་དེ་དག་གི་ཁྲོད་ནས་མང་པོ་ཞིག་བཙོན་ཁང་དང་སྨྱོ་ནད་སྨན་ཁང་ནས་ཡོང་བ་རེད། ཁོ་ཚོ་འཛམ་གླིང་གི་ས་ཆ་སོ་སོ་ནས་ཁྲིམས་འགལ་གྱིས་ང་ཚོའི་རྒྱལ་ཁབ་ལ་ཡོང་བ་རེད། ང་ཚོའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་བྱེད་པར་མ་དངུལ་ཚད་མེད་འདོན་སྤྲོད་བྱས་ཡོད་མོད་འོན་ཀྱང་ཨ་མེ་རི་ཀའི་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ཁས་མ་བླངས་པ་དང་།

    དེ་ལས་གལ་ཆེ་བ་ཞིག་ནི་རང་ཉིད་ཀྱི་མི་དམངས་སྲུང་སྐྱོབ་བྱ་རྒྱུ་ཁས་མ་བླངས་པ་དེ་རེད། ང་ཚོའི་རྒྱལ་ཁབ་ཀྱིས་ད་ནས་བཟུང་ཛ་དྲག་ཆེ་བའི་གནས་ཚུལ་འོག་གཞི་རྩའི་ཞབས་ཞུ་མཁོ་འདོན་བྱེད་མི་ཐུབ་པ་དེ་ནི་ཉེ་ཆར་ནོ་ཐྲི་ཁེར་ལེ་ནཱ(North Carolina,北卡罗来纳)མངའ་སྡེའི་ཕུལ་བྱུང་མི་དམངས་ལས་མངོན་པ་ལྟར་ཁོ་ཚོར་ལྟ་སྟངས་ངན་པ་འདི་འདྲ་བཟུང་བ་དང་ཁུལ་གཞན་དག་ལ་སྔར་བཞིན་ཟླ་འགའི་སྔོན་ལ་བྱུང་བའི་རྒྱ་མཚོའི་རླུང་འཚུབ་དང་འདྲ། ཡང་ན་ཉེ་ཆར་ལཱ་སི་ཨན་སྒྲི་ལེ་སི(Los Angeles,洛杉矶)ནས་ཡ་ང་བའི་མེ་ཆེན་སྔར་བཞིན་འབར་བཞིན་པ་མཐོང་ལ་དེ་དག་གི་ཐད་ཐ་ན་འགོག་སྲུང་གི་རྟགས་མཚན་ཅི་ཡང་མེད། དེ་དག་གིས་ཁང་པ་དང་སྡེ་ཁུལ་ལ་མནར་གཅོད་ཚད་མེད་བཏང་བ་དང་ཐ་ན་ང་ཚོའི་རྒྱལ་ཁབ་ཀྱི་ཆེས་ཕྱུག་པོ་ཡིན་པ་དང་ཆེས་དབང་ཆ་ཡོད་པའི་མི་ཁ་ཤས་ལ་ཡང་ཤུགས་རྐྱེན་ཐེབས་པ་དང་། ཁོ་ཚོའི་ཁྲོད་ཀྱི་མི་ཁ་ཤས་ད་ལྟ་འདི་རུ་བསྡད་ཡོད། ཁོ་ཚོར་ད་ནས་བཟུང་ཁྱིམ་གཞིས་མེད་སོང་བས་འདི་དག་ལ་བསམ་ན་ངོ་མ་དོན་སྙིང་ཆེན་པོ་འདུག     

     འོན་ཀྱང་ང་ཚོས་དོན་དག་འདི་འདྲ་ཡང་བསྐྱར་འབྱུང་དུ་འཇུག་མི་རུང་། མི་ཚང་མར་འདི་འདྲར་འཕྲད་ན་ནུས་པ་ཅི་ཡང་མེད་ལ། གནས་ཚུལ་འདི་རིགས་ལ་འགྱུར་ལྡོག་འབྱུང་སྲིད། ང་ཚོའི་སྤྱི་པའི་འཕྲོད་བསྟེན་མ་ལག་གིས་གནོད་འཚེ་བྱུང་སྐབས་ནུས་པ་འདོན་སྤེལ་བྱས་མེད་མོད་འོན་ཀྱང་དེའི་ཐད་ཀྱི་འགྲོ་གྲོན་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཞིག་ལས་ཀྱང་མང་བ་བཏང་ཡོད། ང་ཚོའི་སློབ་གསོའི་མ་ལག་གིས་ང་ཚོའི་བྱིས་པར་ངོ་ཚ་དགོས་པའི་སློབ་གསོ་བཏང་ཡོད་ལ། གནས་ཚུལ་མང་པོ་ཞིག་གི་འོག་ཏུ་ང་ཚོས་འབད་པ་བྱས་ནས་ཁོ་ཚོར་བརྩེ་བ་འདོན་སྤྲོད་བྱས་རུང་ཁོ་ཚོ་སྔར་བཞིན་ང་ཚོའི་རྒྱལ་ཁབ་ལ་སྡང་བཞིན་ཡོད། དེ་རིང་ནས་བཟུང་དེ་དག་ཚང་མ་ལ་འགྱུར་ལྡོག་ཡོང་ངེས་ཡིན་པར་མ་ཟད་ཧ་ཅང་མགྱོགས་མྱུར་ངག་འགྱུར་ལྡོག་ཡོང་ངེས་རེད།    

    ཉེ་ཆར་ངའི་འདེམས་བསྐོ་ལ་འཇིགས་སུ་རུང་བའི་རྒྱབ་གཏོད་ཅིག་བྱུང་མོད། རྒྱབ་གཏོད་དེ་དག་ཚང་མ་རྦད་དེ་རྩ་བ་ནས་བསྒྱུར་ནས་ཁོ་ཚོའི་དད་མོས་དང་ཁོ་ཚོའི་རྒྱུ་ནོར། ཁོ་ཚོའི་དམངས་གཙོ། ཐ་ན་ཁོ་ཚོའི་རང་དབང་བཅས་མི་དམངས་ལ་ཕྱིར་སྤྲོད་རྒྱུའི་དབང་ཆ་སྤྲོད་རྒྱུ་ཡིན། དུས་འདི་ནས་བཟུང་ཨ་རིའི་ཉམས་རྒུད་མཇུག་རྫོགས་སོང་། ང་ཚོའི་རྒྱལ་ཁབ་ཀྱི་གཟི་བརྗིད་ལྡན་པའི་ལས་དབང་ཁས་མི་ལེན་པ་བྱེད་མི་སྲིད། ང་ཚོས་མྱུར་དུ་ཨ་རིའི་སྲིད་གཞུང་གི་ཡིད་རྟོན་དང་ནུས་པ་དང་གཞུང་དྲང་སླར་གསོ་བྱེད་ངེས་ཡིན་ལ།  འདས་ཟིན་པའི་ལོ་བརྒྱད་ཀྱི་ནང་ངས་ཨ་རིའི་ལོ་ངོ250ཡི་ལོ་རྒྱུས་ཐོག་གི་སྲིད་འཛིན་གང་ཞིག་གིས་ཀྱང་བརྒྱུད་མ་མྱོང་བའི་ཉམས་སད་དང་འགྲན་སློང་སྣ་ཚོགས་ཐེག་ཐུབ་པ་བྱས་ཡོད་ལ།  བརྒྱུད་རིམ་དེའི་ནང་ནས་ངས་མང་པོ་ཞིག་ཤེས་བྱུང་། ངས་ཁྱོད་ལ་བཤད་ཆོག    

    ང་ཚོའི་སྤྱི་མཐུན་རྒྱལ་ཁབ་བསྐྱར་འཛུགས་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མ་རེད།  ང་ཚོའི་ལས་དོན་ལ་བཀག་འགོག་བྱེད་འདོད་པའི་མི་དེ་དག་གིས་ངའི་རང་དབང་འཕྲོག་རྩིས་བྱེད་པ་དང་ཐ་ན་ངའི་ཚེ་སྲོག་ཀྱང་འཕྲོག་རྩིས་བྱས་པ་རེད། ཟླ་འགའི་སྔོན་ལ་མཛེས་སྡུག་ལྡན་པའི་ཕན་སོ་ཝན་ནེ་ཡཱ(Pennsylvania,宾夕法尼亚)ནས་ལྐོག་གསོད་པ་ཞིག་གི་མདེའུ་ངའི་རྣ་འགྲམ་ནས་བརྒྱུད་ནས་སོང་།   འོན་ད་ལྟ་ངས་སྐབས་དེར་ངའི་ཚེ་སྲོག་མ་ཤོར་བ་ལ་རྒྱུ་རྐྱེན་གལ་ཆེན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དེ་ནི་གནམ་བདག་གིས་ང་བསྐྱབས་ནས་ཨ་རི་ཡང་བསྐྱར་རླབས་ཆེན་དུ་གཏོང་འདོད་པ་རེད། ཁྱོད་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ། དེ་ནི་ང་ཚོ་ཨ་རིའི་རྒྱལ་གཅེས་པའི་དོ་དམ་འོག་ང་ཚོས་ཉིན་ལྟར་ལ་རྒྱ་དང་། དབང་ཆ། སྟོབས་ཤུགས་བཅས་ལ་བརྟེན་ནས་ཉམས་ཉེན་རེ་རེ་ལ་ཁ་གཏད་ཧུར་ཐག་འཇལ་དགོས་པའི་རྒྱུ་མཚན་ཡིན།     

    ང་ཚོས་དམིགས་འབེན་ཁ་གསལ་དུ་གཏོང་བ་དང་བྱ་སྤྱོད་མགྱོགས་མྱུར་ངང་སྤེལ་ནས་རིགས་རྒྱུད་དང་། ཆོས་ལུགས། ཤ་མདོག་དད་མོས་བཅས་ཀྱི་ཆ་ནས་འདྲ་མཚུངས་མིན་པའི་སྤྱི་དམངས་ལ་རེ་བ་དང་། དར་རྒྱས། བདེ་འཇགས། ཞི་བདེ་བཅས་ཁྱེར་ཡོང་རྒྱུ་ཡིན། ཨ་རིའི་སྤྱི་དམངས་ལ་མཚོན་ནས་བཤད་ན2025ལོའི་ཟླ1པའི་ཚེས་20ཉིན་ནི་བཅིངས་འགྲོལ་གྱི་ཉིན་མོ་ཡིན། ངའི་རེ་བར་ད་ཐེངས་ཀྱི་སྲིད་འཛིན་འདེམས་བསྐོ་ནི་རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བ་དང་ཆེས་གལ་ཆེ་བའི་འདེམས་བསྐོ་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཡིད་ལ་འཛིན་དགོས། ང་ཚོར་རྒྱལ་ཁ་ཐོབ་པའི་ཐོག་ནས་གསལ་པོར་མཚོན་པ་ལྟར་རྒྱལ་ཁབ་ཧྲིལ་པོས་མགྱོགས་མྱུར་དུ་མཐུན་སྒྲིལ་བྱས་ནས་ང་ཚོའི་གྲོས་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་།    

    ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཆ་རེ་རེ་བཞིན་དང་།  ན་གཞོན་དང་རྒན་འཁོགས། སྐྱེས་པ་དང་བུད་མེད། ཧྥེ་གླིང་གི་མི་རྒྱུད་དུ་གྱུར་པའི་ཨ་མེ་རི་ཀ་བ། སི་ཕེན་གྱི་རྒྱུད་དུ་གཏོགས་པའི་ཨ་མེ་རི་ཀ་བ། ཡ་གླིང་གི་མི་རྒྱུད་དུ་གྱུར་པའི་ཨ་མེ་རི་ཀ་བ། དེ་བཞིན་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཉེ་འདབས་དང་གྲོང་གསེབ་བཅས་ཚང་མར་ང་ཚོ་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱས་ཡོད། ཧ་ཅང་གལ་ཆེ་བ་ནི་གཡོ་འགུལ་ཁུལ་བདུན་པོ་ནས་ང་ཚོ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་ང་ཚོར་མི་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱི་འདེམས་ཤོག་ཐོབ་པ་རེད།     མི་ནག་དང་སི་ཕེན་གྱི་མི་རྒྱུད་སྡེ་ཁུལ་ལ་མཚོན་ན་ཁྱོད་ཚོས་ང་ལ་འདེམས་ཤོག་འཕངས་ནས་བརྩེ་བ་དང་ཡིད་ཆེས་ཆེན་པོ་སྤྲད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཟིན་ཐོ་གསར་གཏོད་བྱས་པས་ངས་བརྗེད་མི་སྲིད། ངས་འགྲན་བསྡུར་ཁྲོད་ཁྱོད་ཚོའི་སྐད་བརྡ་གོ་སོང་། ང་མ་འོངས་པའི་ལོ་ཟླའི་ནང་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ལངས་ངེས་ཡིན།     

    དེ་རིང་ནི་མཱ་ཐྲིན་ལོ་ཐྲེར་ཁེན(Martin Luther King,马丁·路德·金日)དང་ཁོའི་གཟི་བརྗིད་རེད། འདི་ནི་རླབས་ཆེ་བའི་གཟི་བརྗིད་ཅིག་རེད། འོན་ཀྱང་ཁོའི་གཟི་བརྗིད་ཀྱི་ཆེད་དུ་ང་ཚོས་མཉམ་དུ་འབད་པ་བྱས་ནས་ཁོའི་ཕུགས་བསམ་མངོན་འགྱུར་བྱེད་དགོས། ང་ཚོས་ཁོའི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་ངེས་ཡིན། ཁྱོད་ལ་བཀའ་དྲིན་ཆེ་ཞུ། ཨ་རིས་རྒྱལ་ཁབ་གཅིག་གྱུར་སླར་གསོ་བྱེད་བཞིན་ཡོད་པས་ཡིད་ཆེས་དང་སྤོབས་སེམས་ཀྱི་ངོས་ནས་སྔར་བྱུང་མ་མྱོང་བའི་མཐོ་རླབས་འཕྱུར་བཞིན་ཡོད། ང་ཚོས་བསྒྲུབས་པའི་དོན་དག་རེ་རེ་ཡིས་ངའི་སྲིད་གཞུང་ལ་ཕུལ་ད་བྱུང་བ་བརྩོན་ལེན་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི་སྐུལ་མ་ཐེབས་སྲིད།    

    ང་ཚོས་ང་ཚོའི་རྒྱལ་ཁབ་བརྗེད་མི་སྲིད་ལ། ང་ཚོས་ང་ཚོའི་རྩ་ཁྲིམས་བརྗེད་མི་སྲིད། དེ་རིང་ངས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པར་མིང་རྟགས་འགོད་རྒྱུ་ཡིན། བྱ་སྤྱོད་དེ་དག་ཡོད་ན་ང་ཚོས་ཨ་མེ་རི་ཀ་བསྐྱར་མཐར་ཕྱིན་པའི་དར་རྒྱས་ཡོང་བ་དང་རྒྱུན་ཤེས་ཀྱི་གསར་བརྗེ་བྱེད་མགོ་འཛུགས་རྒྱུ་ཡིན། ཐོག་མར་ངས་རང་རྒྱལ་གྱི་ལྷོ་ཕྱོགས་མཐའ་མཚམས་ནི་རྒྱལ་ཡོངས་ཀྱི་ཛ་དྲག་ཆེ་བའི་གནས་ཚུལ་དུ་བསླེབས་ཡོད་པ་ཁྱབ་བསྒྲག་བྱ་རྒྱུ་ཡིན།  ཁྲིམས་འགལ་གྱིས་རྒྱལ་ཁོངས་སུ་ཡོང་བ་ཚང་མ་མྱུར་དུ་བཀག་འགོག་བྱེད་པ་དང་། ང་ཚོས་ཉེས་ཅན་ཁྲི་བརྒྱ་ཕྲག་ལྷག་ཕྱིར་བསྐྱལ་ནས་ཁོ་ཚོ་དང་ཐོག་གང་ནས་ཡོང་སའི་གནས་སུ་ལོག་ཏུ་འཇུག་རྒྱུ་ཡིན།   

   ང་ཚོས་ང་མོ་ཞི་ཁོ་ན་འདུག་པའི་དུས་ཀྱི་སྲིད་ཇུས་དེ་སླར་གསོ་བྱེད་རྒྱུ་ཡིན། ངས་ཡང་དང་བསྐྱར་དུ་དམ་འཛིན་བྱེད་པའི་བྱེད་ཐབས་མཇུག་སྒྲིལ་རྒྱུ་ཡིན། ངས་དམག་དཔུང་མངགས་ནས་ལྷོ་ཕྱོགས་མཐའ་མཚམས་སུ་ང་ཚོའི་རྒྱལ་ཁབ་ཀྱི་གནོད་འཚེ་གཏོང་བའི་བཙན་འཛུལ་བ་དེ་དག་ཕྱིར་ཟློག་རྒྱུ་ཡིན། དེ་རིང་ངས་མིང་རྟགས་བཀོད་ཡོད་པའི་བཀའ་བརྡ་ལྟར་ན་ང་ཚོས་ད་དུང་ཁཱ་ཐྲལ(cartel,卡特尔)ནི་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན་ལ།1798ལོའི《ཕྱི་རྒྱལ་གྱི་དགྲ་བོའི་སྐོར་གྱི་བཅའ་ཁྲིམས》ལུང་དུ་དྲངས་པ་བརྒྱུད་ངས་ང་ཚོའི་སྲིད་གཞུང་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་དབང་ཆ་བེད་སྤྱད་དེ་ང་ཚོའི་གྲོང་ཁྱེར་དང་གྲོང་རྡལ་ལ་རྨེག་མེད་དུ་གཏོང་བའི་ཉེས་གསོག་བྱེད་མཁན་ཕྱི་རྒྱལ་གྱི་ཤོག་ཁག་དང་། ཉེས་གསོག་དྲ་བར་ཚུད་པའི་ཨ་རིའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པ་དེ་དག་རྩ་མེད་དུ་གཏོང་དགོས་པའི་མཛུབ་སྟོན་བྱ་རྒྱུ་ཡིན།  

      སྤྱི་ཁྱབ་དམག་སྤྱི་ཞིག་ཡིན་པའི་ཆ་ནས་ང་ལ་ང་ཚོའི་རྒྱལ་ཁབ་ལ་འཇིགས་སྐུལ་དང་བཙན་འཛུལ་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལས་ཆེ་བ་ཞིག་མེད་པ་དེ་ནི་ཏག་ཏག་ངས་བསྒྲུབ་དགོས་པ་ཞིག་ཡིན།  ང་ཚོ་སྔར་བྱུང་མ་མྱོང་བའི་ཆུ་ཚད་དུ་བསླེབ་ངེས་རེད། གོམ་སྟབས་རྗེས་མར་ངས་ངའི་ནང་བློན་ཁང་གི་ཁོངས་མི་ཡོངས་ལ་ཁོ་ཚོས་བཀོད་སྒྲིག་བྱེད་ཐུབ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་སྡུད་བྱས་ནས་ཟིན་ཐོ་གསར་གཏོད་བྱས་པའི་དངུལ་ལོར་འགྲེམས་ཐལ་ཤོར་བ་ལས་རྣམ་པར་རྒྱལ་དགོས་པ་མ་ཟད་མ་གནས་དང་རིན་གོང་མགྱོགས་མྱུར་ངང་དམའ་རུ་གཏོང་དགོས་པའི་མཛུབ་སྟོན་བྱ་རྒྱུ་ཡིན།  དངུལ་ལོར་འགྲེམས་ཐལ་ཤོར་བའི་ཉམས་ཉེན་ནི་འགྲོ་སོང་ཚད་བརྒལ་འབོར་ཆེན་དང་རྒྱུན་ཆད་མེད་པར་འཕར་བའི་ནུས་ཁུངས་ཀྱི་རིན་གོང་ལས་བྱུང་བ་ཡིན་ཞིང་དེ་ནི་དེ་རིང་ངས་ཀྱང་རྒྱལ་ཁབ་ཀྱི་ནུས་ཁུངས་ཛ་དྲག་ཆེ་བའི་གནས་ཚུལ་ཁྱབ་བསྒྲགས་བྱ་དགོས་པའི་རྒྱུ་མཚན་ཡིན།     

    ང་ཚོས་རྡོ་སྣུམ་སྔོག་འདོན་བྱེད་དགོས།  གཅེས་ཕྲུག་ཚོ་ང་ཚོས་རྡོ་སྣུམ་སྔོག་འདོན་བྱེད་དགོས། ཨ་རི་ཡང་བསྐྱར་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དང་། ང་ཚོར་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་གཞན་དག་ལ་ནམ་ཡང་ཡོད་མི་སྲིད་པའི་དངོས་པོ་ཡོད་པ་དང་། སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་གསོག་ཉར་བྱེད་རྒྱུ་དང་ ང་ཚོས་དེ་བཀོལ་སྤྱོད་བྱེད་པ་དང་། ཁོ་ཚོས་ཀྱང་དེ་བཀོལ་སྤྱོད་བྱེད་དགོས་པར་བྱ་དགོས།  ང་ཚོས་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་ཡང་བསྐྱར་འཐབ་ཇུས་གསོག་འཇོག་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པར་མ་ཟད། ཨ་རིའི་ནུས་ཁུངས་འཛམ་གླིང་ཡོངས་ལ་ཕྱིར་གཏོང་བྱ་རྒྱུ་ཡིན།     

    དེ་བས་ན་ང་ཚོ་ཡང་བསྐྱར་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཞིག་ཏུ་འགྱུར་སྲིད། ང་ཚོའི་རྐང་འོག་གི་གཤེར་གཟུགས་རང་བཞིན་གྱི་གསེར་གཏེར་སྔོག་པའི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཕན་པ་ཡོད། ངའི་དེ་རིང་གི་བྱ་སྤྱོད་ལ་བརྟེན་ནས་ང་ཚོས་ལྗང་མདོག་གི་སྲིད་ཇུས་གསར་པ་མཇུག་བསྒྲིལ་རྒྱུ་དང་ང་ཚོས་གློག་སྒུལ་རླངས་འཁོར་གྱི་ཁ་གསབ་རོགས་དངུལ་གྱི་བཀའ་རྒྱ་མེད་པར་བཟོས་ནས་ང་ཚོའི་རླངས་འཁོར་བཟོ་ལས་སྐྱོབ་རྒྱུ་དང་མ་ཟད་ངས་ང་ཚོའི་རླབས་ཆེན་གྱི་ཨ་རིའི་རླངས་འཁོར་བཟོ་པར་བླ་ན་མེད་པའི་ཁས་ལེན་དང་བརྩི་བཀུར་ཞུ་རྒྱུ་ཡིན།   

      སྐད་ཆ་གཞན་ཞིག་གི་ཐོག་ནས་བཤད་ན་ད་ནས་བཟུང་ཁྱོད་ཀྱིས་རང་ཉིད་དགའ་བའི་རླངས་འཁོར་དེ་ཉོ་ཐུབ་ངེས་ཡིན་ལ། ང་ཚོས་ལོ་འགའི་ནང་མིའི་བསམ་ཡུལ་ལས་འདས་པའི་མྱུར་ཚད་ཀྱིས་ཡང་བསྐྱར་ཨ་རི་ནས་རླངས་འཁོར་བཟོ་སྲིད་ལ། ཁྱོད་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་རླངས་འཁོར་བཟོ་བར་ཡིད་ཆེས་ཀྱི་འདེམས་ཤོག་འཕངས་པར་བཀའ་དྲིན་ཆེ་ཞུ། ངས་མྱུར་དུ་ཕྱོགས་ཡོངས་ནས་ང་ཚོའི་ཉོ་ཚོང་མ་ལག་བཅོས་བསྒྱུར་བྱས་ནས་ཨ་རིའི་བཟོ་བ་དང་ཁྱིམ་ཚང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།    

      ང་ཚོས་ང་ཚོའི་སྤྱི་དམངས་ཀྱི་ས་ནས་ཁྲལ་བསྡུས་ཏེ་རྒྱལ་ཁབ་གཞན་པ་ཕྱུག་པོར་འགྱུར་དུ་མི་འཇུག་པར་ཕྱི་རྒྱལ་ནས་ཁྲལ་བསྡུས་ནས་ང་ཚོའི་སྤྱི་དམངས་ཕྱུག་པོར་འགྱུར་དུ་འཇུག་རྒྱུ་ཡིན།      དམིགས་ཡུལ་དེའི་ཆེད་དུ་ང་ཚོས་ཕྱི་ཕྱོགས་ཀྱི་ཁྲལ་དོན་ལས་ཁུངས་བཙུགས་ནས་སྒོ་ཁྲལ་དང་། དངུལ་ཁྲལ། ཡོང་འབབ་བཅས་ཚང་མ་བསྡུ་བཞིན་ཡོད་ལ།  ད་ནས་བཟུང་ཕྱི་རྒྱལ་ནས་ཡོང་བའི་མ་དངུལ་འབོར་ཆེན་ཞིག་ང་ཚོའི་རྒྱལ་མཛོད་དུ་ཡོང་སྲིད།     

   ཨ་རིའི་རྨི་ལམ་མྱུར་དུ་མངོན་འགྱུར་ཡོང་ངེས་ཡིན་པར་མ་ཟད་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཀྱིས་འཕེལ་རྒྱས་ཆེན་པོ་འབྱུང་བ་དང་། ཡིད་ཆེས་སླར་གསོ་དང་ཕན་ནུས་ལྡན་པའི་སྒོ་ནས་ང་ཚོའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་དོ་དམ་བྱེད་ཆེད་ངའི་སྲིད་གཞུང་གིས་ལས་ཆོད་པུའུ་གསར་རྐྱང་ཞིག་འཛུགས་རྒྱུ་ཡིན། ལོ་ནས་ལོ་བར་ཁྲིམས་དང་མི་མཐུན་པ་དང་རྩ་ཁྲིམས་དང་འགལ་བའི་གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱས་རྗེས་ངས་སྲིད་འཛིན་གྱི་བཀའ་ཞིག་ལ་མིང་རྟགས་བཀོད་དེ་སྲིད་གཞུང་གི་ཞིབ་བཤེར་ཡོད་ཚད་འཕྲལ་མར་མཚམས་བཞག་ནས་གཏམ་བརྗོད་རང་དབང་སླར་གསོ་བྱ་རྒྱུ་ཡིན། ད་ནས་བཟུང་ཆབ་སྲིད་ཀྱི་འགྲན་ཡ་ལ་གནོད་འཚེ་གཏོང་མི་སྲིད།      

    ངས་བརྒྱུད་མྱོང་བའི་གནས་ཚུལ་དེ་འདྲ་ཡང་བསྐྱར་འབྱུང་དུ་འཇུག་མི་སྲིད་ལ། ངའི་མགོ་ཁྲིད་བྱས་ནས་ང་ཚོས་རྩ་ཁྲིམས་ཀྱི་ཁྲིམས་སྐྱོང་འོག་དྲང་གཞག་དང་། འདྲ་མཉམ། བྱོལ་མེད་བཅས་ཀྱི་ཁྲིམས་འཛིན་སླར་གསོ་བྱ་རྒྱུ་དང་། ང་ཚོས་ང་ཚོའི་གྲོང་ཁྱེར་གྱི་བཅའ་ཁྲིམས་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ་ཡིན།     གཟའ་འཁོར་འདིར་ངས་ད་དུང་སྲིད་གཞུང་གིས་རིགས་རྒྱུད་དང་ཕོ་མོའི་དབྱེ་བ་དང་མི་སྒེར་གྱི་འཚོ་བའི་ཕྱོགས་སོ་སོའི་སྲིད་ཇུས་སུ་གསར་པ་འཇོག་རྩིས་ཡོད། ང་ཚོས་ཤ་མདོག་མི་དབྱེ་བ་དང་བཟང་འདེམས་བསྡུ་ལེན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན། དེ་རིང་ནས་བཟུང་ཨ་རིའི་སྲིད་གཞུང་གི་གཞུང་ཕྱོགས་སྲིད་ཇུས་ནི་ཕོ་མོའི་དབྱེ་བ་གཉིས་ལས་མེད།    

    དེ་ནི་སྐྱེས་པ་དང་བུད་མེད་ཡིན། གཟའ་འཁོར་འདིར་ངས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་བཙན་བཀའ་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་དྲང་གཞག་མིན་པའི་སྒོ་ནས་དམག་ཁོངས་ནས་ཕྱིར་འབུད་བྱས་པའི་དམག་མིའི་དཔོན་གནས་སླར་གསོ་བྱ་རྒྱུ་དང་མ་ཟད་གླ་ཕོགས་ཆ་ཚང་གསབ་སྤྲོད་བྱ་རྒྱུ་ཡིན།  ངས་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་ནས་ང་ཚོའི་འཐབ་མོ་བས་ལས་འགན་སྒྲུབ་སྐབས་དྲག་སྐྱོད་ཀྱི་ཆབ་སྲིད་གཞུང་ལུགས་དང་སྤྱི་ཚོགས་ཚོད་ལྟ་ཐེབས་པར་བཀག་འགོག་བྱེད་རྒྱུ་ཡིན། ང་ཚོའི་དྲག་ཆས་རུ་ཁག་གིས་རང་དབང་གིས་ཁོ་ཚོའི་འོས་འགན་གཅིག་པུ་ལ་དོ་སྣང་བྱེད་ཆོག་ཅིང་དེ་ཡིས་ཨ་རིའི་དགྲ་བོ་ཕམ་པར་གཏོང་ཐུབ།2017ལོ་དང་འདྲ་བར་ང་ཚོས་ཡང་བསྐྱར་འཛམ་གླིང་གི་ལོ་རྒྱུས་སྟེང་ཆེས་སྟོབས་ལྡན་གྱི་དམག་དཔུང་འཛུགས་རྒྱུ་ཡིན་ལ།   

      ང་ཚོས་ང་ཚོར་ཐོབ་པའི་འཐབ་འཛིང་ལ་བརྟེན་ནས་ང་ཚོའི་ལེགས་འགྲུབ་བྱུང་ཚུལ་ལ་དཔྱད་ཞིབ་བྱ་རྒྱུ་དང་མ་ཟད། ང་ཚོས་དམག་འཁྲུག་མཇུག་སྒྲིལ་སྟངས་ལ་དཔྱད་ཞིབ་ཀྱང་བྱ་རྒྱུ་ཡིན། གཅིག་བྱས་ན་གལ་ཆེ་ཤོས་ནི་ང་ཚོ་སྔར་ཚུད་མ་མྱོང་བའི་དམག་འཁྲུག་དེར་འཕྲད་སྲིད། ངས་ཧ་ཅང་དགའ་སྤྲོའི་ངང་བཤད་རྒྱུར་ཁ་སང་ནི་ངས་ལས་འགན་མ་ཁུར་བའི་སྔོན་གྱི་ཉིན་ཐ་མ་དེ་ཡིན་ལ་ཉིན་དེར་དབུས་ཤར་གྱི་མི་གཏའ་ཡུལ་ལ་ལོག་ནས་ཁྱིམ་མི་དང་ལྷན་འཛོམས་བྱེད་བཞིན་ཡོད།ཁྱོད་ལ་བཀའ་དྲིན་ཆེ་ཞུ། ཨ་རི་ལ་ཡང་བསྐྱར་སའི་གོ་ལའི་སྟེང་གི་ཆེས་རླབས་ཆེ་བ་དང་། ཆེས་སྟོབས་ཤུགས་ལྡན་པ། ཆེས་བརྩི་བཀུར་ཐོབ་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གོ་གནས་ཐོབ་པ་དང་། འཛམ་གླིང་ཡོངས་ཀྱི་ཡིད་སྨོན་བྱ་རྒྱུ་རེད། ད་ལྟ་ནས་བཟུང་ཡུན་རིང་མ་སོང་བར་ང་ཚོས་མོ་སི་ཁོ(Gulf of Mexico,墨西哥湾)མཚོ་ཁུག་གི་མིང་དེ་ཨ་རིའི་མཚོ་ཁུག་ཏུ་བསྒྱུར་རྒྱུ་དང་། ང་ཚོས་རླབས་ཆེན་གྱི་སྲིད་འཛིན་ཝོར་ཡན་མེ་ཁེལ་ལེ(William McGinley,威廉·麦金利)ཡི་མིང་དེ་མཱ་ཐྲི་མེ་ཁན་ལེ(Mount McKinley麦金利山)ཞེས་བསྐྱར་དུ་མིང་འདོགས་རྒྱུ་ཡིན། དེ་ནི་ཕལ་ཆེར་དེ་ཡོད་སའི་ས་ཆར་ཡོད་རྒྱུ་རེད།    

    སྲིད་འཛིན་མེ་ཁེལ་ལེས་སྒོ་ཁྲལ་དང་ཤེས་ལྡན་མི་སྣ་བརྒྱུད་ནས་ང་ཚོའི་རྒྱལ་ཁབ་ཧ་ཅང་ཕྱུག་པོར་བསྒྱུར་མྱོང་ལ། ཁོང་ནི་ལྷན་སྐྱེས་ཀྱི་ཚོང་པ་ཞིག་ཡིན་པ་དང་ཏོ་སི་ཝེ་ཐྲི(Roosevelt,罗斯福)ཡིས་རླབས་ཆེན་གྱི་བྱ་བ་མང་པོ་བསྒྲུབས་པར་མ་དངུལ་མཁོ་འདོན་བྱས་པ་རེད། ཡིན་ཡང་ང་ཚོས་གླེན་རྟགས་ཚ་པོའི་སྒོ་ནས་ཕེ་ནཱ་མཱ(Panama,巴拿马)རྒྱལ་ཁབ་ལ་སྤྲད་པ་དང་ ཕེ་ནཱ་མཱའི་མིས་བཟོས་གཙང་པོའི་ཐོག་ཨ་རིས་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་རྣམ་གྲངས་གཅིག་གི་ཐོག་བཏང་བའི་དངུལ་གང་ལས་ཀྱང་མང་བ་དང་ཕེ་ནཱ་མཱའི་མིས་བཟོས་གཙང་པོ་འཛུགས་སྐྲུན་བྱེད་རིང་ཚེ་སྲོག་38000ཤོར་བར་བསམ་བློ་གཏོང་རྒྱུ་དེ་ཡིན། ང་ཚོར་གླེན་རྟགས་ཀྱི་ལེགས་སྐྱེས་དེར་ལྟ་སྟངས་ངན་པ་ཐོབ་པ་དང་།  ཡིན་ཡང་ཕེ་ནཱ་མཱ་ཡིས་ང་ཚོར་ཁས་ལེན་བྱས་པ་དང་འགལ་བའི་བྱ་སྤྱོད་སྤེལ་བ་རེད། ང་ཚོའི་ཉོ་ཚོང་གི་དམིགས་ཡུལ་དང་ང་ཚོའི་ཆིངས་ཡིག་གི་སྙིང་སྟོབས་རྩ་བ་ནས་རྒྱབ་འགལ་བྱས་སོང་། ཨ་རིའི་གྲུ་གཟིངས་ལ་ཚད་ལས་བརྒལ་བའི་གྲོན་དངུལ་བསྡུ་བཞིན་ཡོད་པར་མ་ཟད།  ཕྱོགས་གང་ཞིག་དང་རྣམ་པ་གང་ཞིག་གི་ཐོག་ནས་ཀྱང་ལྟ་སྟངས་དྲང་གཞག་འཛིན་གྱིན་མེད། དེའི་ནང་ཨ་རིའི་མཚོ་དམག་ཚུད་ཡོད་ཅིང་གལ་ཆེ་ཤོས་ནི་རྒྱལ་ཁབ་ཀྱིས་ ཕེ་ནཱ་མཱ་མིས་བཟོས་གཙང་པོ་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། ང་ཚོས་དེ་ ཕེ་ནཱ་མཱ་ལ་སྤྲད་མེད་ལ་གལ་ཏེ་སྤྲད་པ་ཡིན་ནའང་ང་ཚོས་དེ་ཕྱིར་ལེན་དགོས། གལ་ཆེ་ཤོས་ནི་དེ་རིང་ངས་ཨ་རིའི་མི་དམངས་ལ་བརྒྱུད་བསྒྲགས་བྱ་དགོས་པའི་ཆ་འཕྲིན་ནི་ང་ཚོས་ཡང་བསྐྱར་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེ་བའི་ཤེས་རིག་གི་བློ་སྟོབས་དང་། གསོན་ཤུགས། སྐྱེ་སྟོབས་བཅས་ལ་བརྟེན་ནས་བྱ་སྤྱོད་སྤེལ་རན་རེད། དེར་བརྟེན་ང་ཚོས་སྣེ་ཁྲིད་དེ་རང་ཉིད་ཀྱི་རྒྱལ་ཁབ་ལེགས་འགྲུབ་ཡོང་བའི་མཐོ་ཚད་གསར་པ་ཞིག་ཏུ་བསྐྱོད་རྒྱུ་ཡིན། ང་ཚོ་སྐྲག་མི་སྲིད།     

    ང་ཚོས་ལག་གདང་སྦྲེལ་ནས་གཅོང་ནད་མཆེད་པ་སྔོན་འགོག་བྱས་ཏེ་ང་ཚོའི་ཕྲུ་གུ་བདེ་འཇགས་དང་བདེ་ཐང་ཡོང་བར་བྱས་ནས་ནད་ཡམས་དང་རིང་དུ་གྱེས་སུ་འཇུག་རྒྱུ་ཡིན།  ཨ་རིས་ཡང་བསྐྱར་རང་ཉིད་ནི་རྒྱུན་ཆད་མེད་པར་འཚར་ལོངས་འབྱུང་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་ཚོར་བར་བྱེད་པ་དང་། ང་ཚོའི་རྒྱུ་ནོར་འཕར་སྣོན་དང་མངའ་ཁོངས་རྒྱ་བསྐྱེད། གྲོང་ཁྱེར་འཛུགས་སྐྲུན། རེ་བ་མཐོར་འདེགས་བཅས་བྱས་ནས་ང་ཚོའི་དར་ཆ་དེ་མཛེས་སྡུག་ལྡན་པའི་ས་ངོས་ཀྱི་སྙོམས་ཐིག་གསར་པ་ཞིག་ལ་འཛུགས་རྒྱུ་ཡིན། ང་ཚོས་ང་ཚོའི་ལས་དབང་ལ་བརྩོན་ལེན་བྱེད་རྒྱུ་ཡིན། ང་ཚོས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པས་སྐར་མ་མིག་དམར་སྟེང་དུ་དར་ཆ་འཛུགས་དགོས།    

    དཔའ་སེམས་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་གི་སྲོག་རྩ་ཡིན་ཞིང་ད་ལྟ་ང་ཚོའི་རྒྱལ་ཁབ་ནི་རྒྱལ་ཁབ་གཞན་དག་གང་ཞིག་ལས་ཀྱང་དཔའ་སེམས་ཆེ་བ་ཡོད། འཛམ་གླིང་འདིར་ང་ཚོའི་རྒྱལ་ཁབ་དང་འདྲ་བའི་རྒྱལ་ཁབ་གཅིག་ཀྱང་མེད། ཨ་རི་བ་ནི་འཛམ་བུ་གླིང་གི་ཉེན་རྟོག་པ་དང་འཛུགས་སྐྲུན་པ།   གསར་གཏོད་པ། ཁེ་ལས་པ་བཅས་ཡིན་ཞིང་མཐའ་མཚམས་སྲུང་བའི་སྙིང་སྟོབས་དེ་ང་ཚོའི་སེམས་སུ་བྲིས་ཡོད་ཅིང་ཐེངས་རྗེས་མའི་རླབས་ཆེ་བའི་ཉེན་མཆོང་གི་འབོད་སྐུལ་དེ་ང་ཚོའི་རྣམ་ཤེས་ཀྱི་ཟབ་ས་རུ་བརྐོས་ཡོད། ང་ཚོའི་མེ་གླིང་གི་མེས་པོ་ཚོས་གླིང་ཆེན་མཐའ་འཁོར་གྱི་མི་སེར་སྤེལ་ཡུལ་ཆུང་ཆུང་ཞིག་སའི་གོ་ལའི་སྟེང་གི་ཆེས་ཐུན་མོང་མ་ཡིན་པའི་སྤྱི་དམངས་ཀྱིས་གྲུབ་པའི་སྤྱི་མཐུན་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྒྱུར་ཡོད་ཅིང་།  

    ང་ཚོའི་ཉེ་སར་བཅར་ཐུབ་མཁན་སུ་ཡང་མེད། ཨ་རི་བས་དབྱིན་ལེ་སྟོང་ཕྲག་གི་ཀྱག་ཀྱོག་གི་ས་རྒོད་བརྒལ་བ་རེད། ཁོ་ཚོ་བྱེ་ཐང་བརྒལ་ནས་རི་བོ་མཐོན་པོར་འཛེགས་པ་དང་དཔའ་ངར་ཆེན་པོས་ཉེན་ཁ་གྲངས་ལས་འདས་པར་ཁ་གཏད་དེ་ནུབ་རྒྱུད་གསར་སྤེལ་ཆེན་པོ་ལ་གྲུབ་འབྲས་གཡལ་དུ་ཟ་བ་ཐོབ་པར་བྱས་པ་དང་། བྲན་གཡོག་ལམ་ལུགས་མཇུག་བསྒྲིལ་བ། གདུག་རྩུབ་ཆེ་བའི་སྲིད་དབང་ལས་མི་ཁྲི་ཚོ་བརྒྱ་ཕྲག་ཁ་ཤས་བསྐྱབས་པ། མི་དུང་ཕྱུར་བཅུ་ཕྲག་ཁ་ཤས་དབུལ་ཕོངས་ལས་ཐར་བར་བྱས་པ།   གློག་ཤུགས་བེད་སྤྱོད་པ། རྡུལ་ཕྲན་ཁ་བྲལ་དུ་གཏོང་བ་བཅས་བྱས་ནས་མིའི་རིགས་བར་སྣང་ཁམས་སུ་བསྐྱལ་བར་མ་ཟད་ཤེས་བྱའི་འཇིག་རྟེན་དེ་མིའི་རིགས་ཀྱི་ལག་མཐིལ་དུ་བཞག་པ་རེད གལ་ཏེ་ང་ཚོས་མཉམ་དུ་འབད་པ་བྱས་ན་ང་ཚོས་བསྒྲུབ་མི་ཐུབ་པའི་བྱ་བ་མེད་ལ།   

      ང་ཚོས་མངོན་འགྱུར་བྱེད་མི་ཐུབ་པའི་ཕུགས་བསམ་ཡང་མེད། མི་མང་པོ་ཞིག་གིས་ངས་ལོ་རྒྱུས་རང་བཞིན་གྱི་ཆབ་སྲིད་འདི་འདྲ་ཞིག་འཁྲབ་སྟོན་བྱེད་མི་ཐུབ་པར་འདོད། འོན་ཀྱང་ཁྱོད་ཀྱིས་དེ་རིང་མཐོང་བ་ལྟར་ང་འདི་ན་ཡོད།  ཨ་རིའི་མི་དམངས་ཀྱིས་སྐད་ཆ་བཤད་སོང་། ང་ད་ལྟ་ཁྱོད་ཚོའི་མདུན་དུ་ལངས་ནས་ཁྱོད་ཚོས་ནམ་ཡང་དོན་དག་ལ་ལ་ཞིག་བསྒྲུབ་མི་ཐུབ་པར་ཡིད་ཆེས་བྱེད་མི་རུང་བ་བདེན་དཔང་བྱེད་ཀྱིན་ཡོད།  ཨ་རི་ནས་དཔེ་མི་སྲིད་པའི་དོན་དག་ཟེར་བ་གཏན་ནས་མེད། ནེ་ཡོར་ཁི་ནས་ལ་སི་ཨན་སྒྲི་ལེ་སིའི་བར་དང་།   

    ཁེ་ལི་ཧྥོར་ནེ་ཡ་ནས་ཝ་ཧྲིན་ཐྲིན་བར་ང་ཚོའི་རྒྱལ་ཁབ་ནི་རྒྱལ་གཅེས་ཀྱི་བསམ་བློ་ཡོད་པའི་མི་བུ་དག་གིས་མི་རབས་ནས་མི་རབས་བར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ཁོ་ཚོས་ང་ཚོའི་ཁེ་དབང་དང་རང་དབང་གི་ཆེད་དུ་ཡོད་ཚད་ཕུལ་ཡོད། ཁོ་ཚོ་ནི་ཞིང་པ་དང་དམག་མི་དང་། གླང་རྫི་དང་བཟོ་གྲྭའི་བཟོ་པ། ངར་ལྕགས་བཟོ་པ་དང་རྡོ་སོལ་གཏེར་ཁའི་བཟོ་པ།   

    ཉེན་རྟོག་པ་དང་གདོང་ལེན་པ་བཅས་ཡིན་ཞིང་ཁོ་ཚོས་ཞུམ་མེད་ངང་མདུན་སྐྱོད་བྱས་ཏེ་འགལ་རྐྱེན་གང་ཞིག་གིས་ཀྱང་ཁོ་ཚོའི་བསམ་པ་དང་ང་རྒྱལ་རྩ་གཏོར་གཏོང་དུ་མི་ཐུབ། ཁོ་ཚོས་མཉམ་དུ་ལྕགས་ལམ་བཏིང་བ་དང་མཁར་ཟུག་ཐོག་ཁང་བསྐྲུན་པ། མྱུར་བགྲོད་གཞུང་ལམ་བསྐྲུན་པ་བཅས་བྱས་པས་འཛམ་གླིང་དམག་ཆེན་གཉིས་པ་དང་ཧྥ་ཤི་སིའི་རིང་ལུགས་ཕམ་པར་བཟོས་ཡོད། ཁོ་ཚོ་ནི་རང་གི་མདུན་དུ་ལྷགས་པའི་འགྲན་སློང་ཚང་མ་ལས་རྣམ་པར་རྒྱལ་བ་རེད། ང་ཚོས་མཉམ་དུ་འདི་འདྲའི་མང་པོ་ཞིག་བརྒྱུད་རྗེས་ང་ཚོས་ཨ་རིའི་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་ལོ་རབས་གསར་པ་ཞིག་བསུ་རྒྱུ་ཡིན།     

    ཁྱོད་ཚོའི་རོགས་རམ་འོག་ང་ཚོས་ཨ་རིའི་དམ་བཅའ་བསྐྱར་འཛུགས་དང་། ང་ཚོས་ང་ཚོ་དགའ་བའི་རྒྱལ་ཁབ་བསྐྱར་འཛུགས་བྱ་རྒྱུ་ཡིན། ང་ཚོ་ནི་མི་རིགས་ཤིག་དང་ཁྱིམ་ཚང་ཞིག་ཡིན་ལ།ང་ཚོ་ནི་གནམ་བདག་གིས་སྐྱབས་པའི་གཟི་བརྗིད་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ངས་ཁྱོད་ཀྱི་ཆེད་དུ་འཐབ་ངེས་ཡིན་ལ་ཁྱོད་ཀྱི་ཆེད་དུ་རྒྱལ་ངེས་ཡིན། ང་ཚོར་སྔར་བྱུང་མ་མྱོང་བའི་རྒྱལ་ཁ་ཐོབ་ངེས་རེད།   ཁྱོད་ལ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།    

    ཉེ་བའི་ལོ་ཤས་རིང་ང་ཚོའི་རྒྱལ་ཁབ་ལ་སྡུག་བསྔལ་ཧ་ཅང་ཆེན་པོ་བྱུང་ཡོད་ཀྱང་ང་ཚོས་སྡུག་བསྔལ་དེ་དག་ཚུར་ཁྱེར་ཡོང་ནས་དེ་ཉིད་སླར་ཡང་རླབས་ཆེན་དུ་འགྱུར་བའི་རྐྱེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། ང་ཚོ་ནི་གཞན་དང་མི་འདྲ་བའི་རྒྱལ་ཁབ་ཅིག་ཡིན་པས་གདུང་སེམས་མཉམ་བསྐྱེད་དང་སྙིང་སྟོབས་དང་ཁྱད་པར་རང་བཞིན་གྱིས་ཁེངས་ཡོད། ང་ཚོའི་སྟོབས་ཤུགས་ཀྱིས་དམག་འཁྲུག་ཡོད་ཚད་མཚམས་བཞག་ནས་ཁོང་ཁྲོ་དང་དྲག་ཤུགས་ཀྱིས་ཁེངས་ཤིང་སྔོན་དཔག་གཏན་ནས་བྱེད་མི་ཐུབ་པའི་འཛམ་གླིང་འདི་མཐུན་སྒྲིལ་གྱི་ལམ་བུར་ཁྲིད་རྒྱུ་ཡིན། དེ་བས་ཀུན་ཀྱིས་ཨ་རི་ལ་ཡང་བསྐྱར་བརྩི་བཀུར་དང་ཡིད་སྨོན་བྱེད་ངེས་ཡིན།     

     ང་ཚོ་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པ་ང་ཚོ་ང་རྒྱལ་སྐྱེ་སྲིད། ང་ཚོ་སྟོབས་ལྡན་དུ་འགྱུར་ངེས་ལ་ང་ཚོར་སྔར་བྱུང་མ་མྱོང་བའི་རྒྱལ་ཁ་ཐོབ་ངེས། ང་ཚོ་གཞན་གྱི་དབང་འོག་ཏུ་སྡོད་མི་སྲིད་ཅིང་ང་ཚོ་སུ་ལའང་སྐྲག་མི་སྲིད། ང་ཚོ་ཕམ་མི་སྲིད་ལ་རྒུད་ཀྱང་མི་སྲིད། དེ་རིང་ནས་བཟུང་ཨ་མེ་རི་ཁ་མཉམ་འབྲེལ་རྒྱལ་ཁབ་ནི་རང་དབང་དང་བདག་ཐོབ། རང་བཙན་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་རེད། ང་ཚོ་དཔའ་ངར་ཆེན་པོས་ཡར་ལངས་རྒྱུ་ཡིན། ང་ཚོས་སྤོབས་པ་ཆེན་པོས་འཚོ་བ་རོལ་རྒྱུ་ཡིན།   ང་ཚོས་སྤོབས་པ་ཆེན་པོས་ཕུགས་བསམ་མངོན་འགྱུར་བྱེད་དགོས་ལ་སུ་ཞིག་གིས་ཀྱང་ང་ཚོ་བཀག་འགོག་བྱེད་མི་ཐུབ།  རྒྱུ་མཚན་ནི་ང་ཚོ་ནི་ཨ་རི་བ་ཡིན། མ་འོངས་པ་ནི་ང་ཚོའི་ཡིན། ང་ཚོའི་གསེར་གྱི་དུས་རབས་ད་སོ་མ་མགོ་བརྩམས་པ་ཡིན་པས་ངས་ཁྱོད་ཅག་ལ་བཀའ་དྲིན་ཆེ་ཞུའོ། 


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章