ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གིས་ཡོངས་བསྒྲགས་དགོངས་དག་ཞུས་འདུག
ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་སྔ་དྲོར། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་བརྙན་འཕྲིན་ལམ་ནས་གཏམ་བཤད་སྤེལ་ཏེ་ཉེ་སྔོན་རྒྱལ་སའི་བབ་བསྟུན་ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་ཕབ་པའི་ཐད་དགོངས་དག་ཞུས་པ་མ་ཟད། ཁོས་ད་དུང་ཉེན་ཟོན་དམ་བསྒྲགས་འདི་འདྲ་ཐེངས་གཉིས་པ་རྩ་བ་ནས་མི་འབྱུང་ཞེས་བསྒྲགས་ཡོད།
ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཚེས་3་ཉིན་གྱི་དགོང་མོར། ཉེན་ཟོན་དམ་བསྒྲགས་བཀའ་རྒྱ་བཏང་བ་དང་ཚེས་4ཉིན་གྱི་ཐོ་རེངས་སུ་སླར་ཡང་དམ་བསྒྲགས་བཀའ་རྒྱ་མེད་པ་བཟོ་རྒྱུའི་སྤྱི་བསྒྲགས་བྱས་ཡོད། དམ་བསྒྲགས་བཀའ་རྒྱའི་ཟིང་ཆ་དེ་ལ་ཁོ་རེ་ཡའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱས་ཤིང་། ཚེས་5ཐོ་རེངས་སུ། ཁོ་རེ་ཡའི་སྲིད་དབང་མི་འཛིན་པའི་ཏང་ཁག་གིས་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་དབྱིན་ཞི་ཡུའེ་ལ་ནག་ཉེས་ཐེར་འདོན་གྱི་གྱོད་གཞིའི་སྙན་ཞུ་ཕུལ་ཡོད་ལ། ས་གནས་དེ་གའི་ཚེས་7གྱི་ཆུ་ཚོད་17ཐོག་ནག་ཉེས་ཐེར་འདོན་གྱོད་གཞི་ལ་གྲོས་ཞིབ་བྱ་རྒྱུ་རེད།
ཁོ་རེ་ཡའི་སྲིད་འཛིན་ཏང་གི་གཙོ་འཛིན་ཧན་ཏུང་ཞུན་གྱིས་དབྱིན་ཞི་ཡུའེ་སྔ་ས་ནས་ཙུང་ཐུང་གི་ལས་གནས་ནས་ཕྱིར་འཐེན་བྱ་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད་ཅེས་བཤད།
ས་གནས་དེ་གའི་དུས་ཚོད་ཚེས་7ཉིན། ཁོ་རེ་ཡའི་སྲིད་འཛིན་ཏང་གཙོ་ཧན་ཏུང་ཞུན་གྱི་ཙུང་ཐུང་དབྱིན་ཞི་ཡུའེ་ཡི་གནས་ཚུལ་ལ་གཞིགས་ན་རྒྱུན་ལྡན་གྱི་སྲིད་དོན་སྒྲུབ་ཐུབ་མི་སྲིད་ཅེས་བཤད།
ཚེས་6སྔ་དྲོར། ཁོ་རེ་ཡའི་སྲིད་འཛིན་ཏང་གཙོ་ཧན་ཏུང་ཞུན་གྱིས་དེའི་སྔོན་དུ་དབྱིན་ཞི་ཡུའེ་ལ་ཙུང་ཐུང་གི་ལས་འགན་སྒྲུབ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ཉིན་དེར་ཧན་ཏུང་ཞུན་དང་དབྱིན་ཞི་ཡུའེ་གཉིས་ཐུག་འཕྲད་བྱས་རྗེས་ཧན་ཏུང་ཞུན་གྱིས་སླར་ཡང་ཉིན་དེའི་ཙུང་ཐུང་དང་ཐུག་འཕྲད་བྱས་པ་ལས་སྔོན་གྱི་ལྟ་ཚུལ་རྩ་གཏོར་གཏོང་བའི་རྒྱུ་མཚན་བྱུང་མེད་པར་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག