ལས་ཀྱི་འཁྲི་ཤིང་། 因缘解 】 ཤེར་བསྟན་དང་བློ་བཟང་སྒྲོལ་མ།

文化   2025-01-21 18:55   西藏  

ངས་ཁྱེད་རང་མཐོང་མྱོང་།

ཚིག གཡེ་རུས་རྐང་།

དབྱངས། རྫོགས་ཆེན་བསྟན་འཛིན།

གཞས་པ། ཤེར་བསྟན། བློ་བཟང་སྒྲོལ་མ།

རྟ་འདོ་བ་ཞོན་པའི་སྟག་ཤར་གྱི།།

གདངས་སྙན་མོའི་གྲེ་འགྱུར་ངག་ནས་རྫོགས།།

སྨུག་ལང་ལོང་འཐིབས་པའི་རི་ལུང་ནས།།

ངག་སྙན་མོའི་རྫི་གླུ་རི་ནས་མགུར།།

ལས་མཐུན་པའི་རླུང་ཁ་ཕྱོགས་གཅིག་འཁོར།།

ལས་དབང་གི་མི། ཆུང་འདྲིས་ལགས།

ལས་དམ་ཚིག་གཙང་བའི་སྨན་ཤར་ལ།།

སེམས་སྟག་མའི་མེ་ཏོག་རྒྱན་དུ་འཁྲུངས།།


ལུས་ལྡེམ་མྱུར་གཡོ་བའི་ན་ཆུང་མ།།

ཞལ་འཛུམ་པའི་སྤྱན་ཟུང་འོད་ཀྱིས་འཁྱུད།

ཡིད་མཛེས་པའི་ཟླ་བའི་གུར་ཁྱིམ་ནས།།

ཞེ་སྣང་བའི་དར་སྐུད་མཉམ་དུ་འཐེན།།

ལས་བསྐལ་བ་སྟོང་གི་སྨོན་ལམ་བཞག།

ལས་དབང་གི་མི། ཆུང་འདྲིས་ལགས།

ལོ་ཟླ་བའི་ཉིན་ཞག་འདས་ན་ཡང་།།

ཞེ་སྣང་བའི་འདབ་གཤོག་མཉམ་དུ་བརྐྱང་།།


ཡུལ་འཁོར་བའི་འགྲོ་ལམ་རིང་ན་ཡང་།།

སེམས་ཞུམ་མེད་སྤོབས་པ་མཉམ་དུ་བསྐྱེད།།

ཞེ་སྨྲེང་བའི་སྨག་ཆེན་འཐིབ་ན་ཡང་།།

ལས་མཐུན་པའི་མགོ་རྒྱན་ཁྱེད་ལ་བསླེས།།

ཞེ་སྣང་བའི་དྲན་ཤིང་སེམས་ལ་བཞག།

ལས་དབང་གི་མི། ཆུང་འདྲིས་ལགས།

གཏམ་མི་ཁས་རླུང་བུ་ལྡང་ན་ཡང་།།

སེམས་བརྩེ་བའི་སྤང་གཤོང་མཉམ་དུ་འགྲིམ།།


ལས་དབང་གི་མི། ཆུང་འདྲིས་ལགས།

གཏམ་མི་ཁས་རླུང་བུ་ལྡང་ན་ཡང་།།

སེམས་བརྩེ་བའི་སྤང་གཤོང་མཉམ་དུ་འགྲིམ།།

སེམས་བརྩེ་བའི་སྤང་གཤོང་མཉམ་དུ་འགྲིམ།།

དབང་ཕྱུག་ཁ་གདན་དགོས་མཁོ་ཡོད་ན་ང་ལ་འབྲེལ་བ་གནང་རོགས།

拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章