𝟐𝟎𝟐4▷​ལོ་དང་ཟླ་བའི་སྨོན་འདུན། གླུ་མ། ཁམས་སྐྱིད་མཚོ།

文化   2024-11-19 21:38   西藏  

ལོ་དང་ཟླ་བའི་སྨོན་འདུན། 

岁月祈望

 

ཚིག   རྡོ་གྲགས།

དབྱངས། རྫོགས་ཆེན་བསྟན་འཛིན།

གླུ་མ། ཁམས་སྐྱིད་མཚོ།

词:多智合

曲:佐庆丹真

演唱:康吉措

              

དགུན་ཁ་ཞིག་ལ་དགུན་ཁ་ཞིག་གི་གཏམ་རྒྱུད་ཡོད།

ཁ་བ་ཞིག་ལ་ཁ་བ་ཞིག་གི་ལས་དབང་ཡོད། 

ན་ནིང་དགུན་ཁའི་ཁ་བ་དང་པོ་དེས།

ཁྱེད་དང་ང་ཡི་ལས་དབང་གཅིག་ཏུ་སྦྲེལ།

ཁྱེད་དང་འུ་གཉིས་ཤ་དང་ཁྲག་གི་འབྲེལ་བ་མེད་ན་ཡང་།

ཁྱེད་དང་ང་ཡི་ཤ་དང་ཁྲག་གི་འཕར་རྩ་གཅིག་ལ་འབྲེལ།


ཁྱེད་ལ་ཕུལ་བའི་གསེར་གྱི་མཛུམ་དཀྲིས་རྟ་སྒ་མ།

ང་ཡི་ལུས་ཀྱི་ཤ་དྲོད་འབྱར་ཡོད།

ང་ཡི་ལང་ཚོའི་མཛེས་སྡུག་འཐིམས་ཡོད།

ང་ཡི་མི་ཚེའི་གཏམ་རྒྱུད་བཀྲ་ཡོད།

ང་ཡི་སྙིང་གི་སྨོན་འདུན་མཚོན་ཡོད།

ཨོ་ཧོ། 

ལོ་དང་ཟླ་བའི་འཕེལ་རིམ་བར་ནས།

ཁྱེད་ཀྱིས་ན་བ་བརྗེད་ནས།

ཁྱེད་ཀྱིས་རྒ་བ་དོར་ནས།

ལང་ཚོའི་ས་ཚིགས་གང་རུང་ཞིག་ནས།

རྟག་ཏུ་བརྟན་པའི་ལང་ཚོ་སྲུང་ནས།

གཏན་ནས་གཏན་དུ་ང་ལ་སྒུག་རོགས།


        གཉིས།

ང་ལ་བྱིན་པའི་དམར་ཆུང་བྱུ་རུའི་མགུལ་རྒྱན་དེ།

ཁྱེད་ཀྱི་ལུས་ཀྱི་ཤ་དྲོད་འབྱར་ཡོད།

ཁྱེད་ཀྱི་ལང་ཚོའི་མཛེས་སྡུག་འཐིམས་ཡོད།

ཁྱེད་ཀྱི་མི་ཚེའི་གཏམ་རྒྱུད་བཀྲ་ཡོད།

ཁྱེད་ཀྱི་སྙིང་གི་སྨོན་འདུན་མཚོན་ཡོད།

ཨོ་ཧོ

ལོ་དང་ཟླ་བའི་འཕེལ་རིམ་བར་ནས།

ཁྱེད་ཀྱིས་ན་བ་བརྗེད་ནས།

ཁྱེད་ཀྱིས་རྒ་བ་དོར་ནས།

ལང་ཚོའི་ས་ཚིགས་གང་རུང་ཞིག་ནས།

རྟག་ཏུ་བརྟན་པའི་ལང་ཚོ་སྲུང་ནས།

གཏན་ནས་གཏན་དུ་ང་ལ་སྒུག་དགོས།

拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章