བརྩེ་བའི་ལོ་ཟླ།爱的时光•ལེལེན་མཁན། རིན་ཆེན་རྡོ་རྗེ།原唱:仁青道吉

文化   2025-01-25 15:52   西藏  

ངས་ཁྱེད་རང་མཐོང་མྱོང་།

爱的时光

♫. ♪~♬..♩ 

ཚིག  རྣོ་སྦྲེང་། 

作词:诺尔章

གདངས།  ཙན་དན་ལོ་མ།

作曲:赞丹罗马

ལེན་མཁན། རིན་ཆེན་རྡོ་རྗེ། 

原唱:仁青道吉

↓  ↓   ↓  ↓   ↓

སྲང་ལམ་ཆུང་ཆུང་ཞིག་ནས་འཚིག་ཇ་ཧུབ་གང་འཐུང་།

རླུང་བུ་འཇམ་པོ་ཞིག་གིས་སྐྲ་ལོ་ཡང་ཡང་སྒུལ།

བུ་མོ་ཞིག་གི་རྒྱབ་གཟུགས་ཁྱེད་དང་འདྲ་བོ་འདུག

དབྱར་གཞུང་རིང་མོ་འདིའི་ནང་ལ་ཁྱེད་རང་བདེ་མོ་ཨེ་ཡིན།

ཉི་མ་འདི་ཚོར་གྲགས་འགུལ་མེད་དོན་ཅི་ཡིན་ནམ།

མིང་མེད་ལེགས་སྐྱེས་སྐུར་མཁན་དེ་ང་རང་ཡིན།

ཚོང་ཁང་ཆུང་ཆུང་ཞིག་ནས་ཉོས་ན་ཡང་།

བརྩེ་བ་ཟབ་མོ་ཞིག་གི་མཚོན་དོན་ཡིན།

ཡིད་འོང་གི་བུ་མོ།

ད་ལོ་ཡང་གྲོང་ཁྱེར་འདི་ལ་ཚ་གདུག་ཆེ་བ་ལའང་།

ནམ་རྒྱུན་ཕ་ཡུལ་དྲན་ལ་ཁྱེད་རང་ལྷག་ཏུ་དྲན།

ཡིད་འོང་མ། མིག་ཟུང་ཀེམ་ཀེམ་གཡོ་བའི་ཁྱེད་ཀྱི་ངོ་གདོང་མཐོང་ན།

དྲན་གདུང་གི་མིག་ཆུ་ཡ་ཆུང་ཁོག་ལ་བཞུར་འགྲོ།

སྲང་ལམ་ཆུང་ཆུང་ཞིག་ནས་འཚིག་ཇ་ཧུབ་གང་འཐུང་།

རླུང་བུ་འཇམ་པོ་ཞིག་གིས་སྐྲ་ལོ་ཡང་ཡང་སྒུལ།

བུ་མོ་ཞིག་གི་རྒྱབ་གཟུགས་ཁྱེད་དང་འདྲ་བོ་འདུག

དབྱར་གཞུང་རིང་མོ་འདིའི་ནང་ལ་ཁྱེད་རང་བདེ་མོ་ཨེ་ཡིན།

ཡིད་འོང་གི་བུ་མོ།

མདང་ནུབ་ཁྱེད་ཀྱིས་ཀྱང་ང་རང་རྨི་ལམ་ལ་འཁོར་བྱུང་ཟེར།

དེ་ནི་ཉིན་མོར་སེམས་ལ་སྒོམ་རྒྱུ་མང་དྲགས་པས་ཨེ་ཡིན་ནམ།

བརྩེ་བ་འདི་ཅི་འདྲའི་མཛེས་སྡུག་ལྡན་པ་ལ།

དུངས་པ་འདི་སྨྲ་བསམ་བརྗོད་འདས་ཡིན་པ་ལ།


拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章