ཡར་ལུང་ཟོ་ཞིང་།
雅砻索当
གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས།
གཞས་དབྱངས། རྫོགས་ཆེན་བསྟན་འཛིན།
གཞས་མ། གནམ་མཚོ།
作词:居土登扎西
作曲:佐庆丹真
原唱:南措
རྣང་ཞིང་གྲུ་བཞིའི་ནང་ལ།
ས་བོན་དཀར་པོ་བཏབ་ཡོད།
ཆར་བ་འབབ་ཐེངས་ཤིག་གིས།
ནས་འབྲུ་སྔོན་མོ་འཁྲུངས་བྱུང་།
ནས་འབྲུ་བཏབ་པའི་ཐོག་མ།
ཡར་ལུང་ཁོག་ལ་བཏབ་ཡོད།
ཡར་ལུང་ཁོག་གི་རྩམ་པ།
ང་ཡི་ཁ་ཟས་ཡིན་སོང་།
ཡར་ལུང་རྩམ་པའི་བྲོ་བ།
ཤ་དང་རུས་ལ་ཐིམ་ཡོད།
ཤ་རུས་མཆེད་པའི་ཐོག་མ།
ཡར་ལུང་ཁོག་ནས་མཆེད་སོང་།
ཡར་ལུང་ཁོག་གི་བོད་མི།
ང་ཡི་མེས་པོ་ཡིན་སོང་།
ཡར་ལུང་ཁོག་གི་རྩམ་པ།
ང་ཡི་ཁ་ཟས་ཡིན་སོང་།